CLOSE WINDOW

N2816: sgrol ma'i sgrub thabs
Wyliee-texts based on the ACIP/ALL Input

གི་ཁྱད་པར་གྱི་སྒྲུབ་ཐབས། ། ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་སྲིད་གསུམ་སྒྲོལ་མཛད་མ། །རྒྱ་ནག་ཆེན་པོའི་ལུགས་བཏུད ་ནས། །བླ་མའི་གདམས་དག་ཇི་བཞིན་དུ། །དེ་ཡི་སྒྲུབ་ཐབས་བདག་གིས་བཤད། །རྟགས་ཅིག་དང་ནི་དུར་ཁྲོད་དང། །ཐམས་ཅད་དུ་ཡང་ཁྱིམ་སྟོང་སྟེ། །རྣལ་འབྱོར་པས་ནི་དེར་གནས་ལ། །རིག་པ་སྲིད་གསུམ་སྒྲོལ་མཛད་སྒྲུབ། །སྟན ་འཇམ་ནང་ཚངས་ཅན་གནས་པ། །སྟན་གཞན་འཇམ་པོ་ཡིན་ཡང་རུང། །ལེགས་པར་གནས་ལ་དངོས་གྲུབ་ནི། །མཆོག་ཏུ་གྱུར་པ་སྒྲུབ་པར་བྱ། །སྐད་ཅིག་རྣམ་པའི་སྦྱོར་བ་ཡིས། །མཉམ་པར་གཞག་པས་རྡོ་རྗེ་གསུམ། །གནས་གསུམ་དུ་ནི ་བསྒོམ་བྱས་ལ། །དེ་ནས་འོད་ཟེར་རྣམ་པར་སྤྲོ། །འདིས་ནི་སྲིད་གསུམ་འགྲོ་བ་ཡིས། །སེམས་ཅན་སྣང་བྱས་སླར་ཡང་ནི། །ལེགས་པར་བསྡུ་དང་ཡང་བསྒོམ་པ། །མཛའ་དག་སྟོང་པ་ཉིད་དུ་སྟེ། །ོཾ་སྟོང་པ་ཉིད་སོགས་རང་བཞིན་ཅན། ། ་གསང་སྔགས་དེ་ནས་བརྗོད་པར་བྱ། །དེ་ནས་ནམ་མཁར་བསྒོམ་བྱ་བ། །པདྨར་ཨ་ཡིག་ལས་བྱུང་བ། །ཡང་ནི་དེ་སྟེང་བསྒོམ་བྱ་བ། །ཊཱ་ཡིག་ལས་བྱུང་པད་སྣོད་དོ། །ཡང་ནི་དབུས་སུ་བསྒོམ་བྱ་བ། །ཧཱུཾ་ཡིག་ཀུཎ་ནས་མཐིང་ནག་མདོག། དེ་ནས་ཧཱུཾ་ཡིག་ལས་བྱུང་བར། །གྲི ་གུག་ས་བོན་གྱིས་བརྒྱན་བལྟ། །གྲི་གུག་ཡོངས་གྱུར་བདག་ཉིད་ནི། །སྒྲོལ་མ་དང་ནི་མཚུངས་པར་བསྒོམ། །ཞབས་གཡས་བསྐུམ་དང་འཇིགས་རུང་བའི། །མགོ་བོའི་ཕྲེང་བ་ལེགས་པར་འཕྱང། །བོད་ཐུང་གྲོད་འཇོལ་འཇིགས་རུང ་མ། །ུཏཔལ་སྔོན་པོས་བརྒྱན་པ་ཉིད། །ལྷ་རྫས་ཞལ་གཅིག་སྤྱན་གསུམ་མ། །འཇིགས་པའི་གང་རྒྱངས་རབ་ཏུ་འབར། །ལེགས་པར་རབ་འཛུམ་རོ་བཅིབས་ཤིང། །ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །སྟག་གི་པགས་པས ་ཕོ་ཀ་དཀྲིས། །སྤྱན་ནི་དམར་དང་ཟླུམ་པ་སྟེ། །གཞོན་ནུ་ལང་ཚོ་ལ་བབ་མ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །འཇིགས་པ་ཆེན་པོར་ལྗགས་འདྲིལ་མ། །ཅུང་ཟད་ཚེམས་གཙིགས་བསྡིགས་པར་མཛད། །རལ་གྲི་གྲི་གུག ་ཕྱག་གཡས་ན། །གཡོན་ན་ཨུཏཔལ་ཐོད་པ་བསྣམས། །སེར་ཞིང་དྲག་པའི་ཞལ་གཅིག་གིས། །ཅོད་པན་མི་བསྐྱོད་ཀྱིས་བརྒྱན་བསྒོམ། །བསྒོམ་པའི་སྟོབས་ནི་རྫོགས་པ་ན། །རྣལ་འབྱོར་སྙན་དང་གགས?་མཁན་འགྱུར་རོ། །རྨོངས་དང་གལ་ཏེ་ལྐུགས ་གྱུར་ཀྱང། །བསྒོམ་པའི་རོལ་ཕྱེད་གཉེར་བ?། །འཇམ་པའི་ངག་གི་འཐོབ་པ་དང། །གསང་སྔགས་འབུམ་ཕྲག་བཟླས་པས་ཀྱང། །སྔགས་ཆེན་འདི་ནི་ཡིག་གསུམ་གྱི། །མཐར་མར་ཕཊ་དོ་སྙིང་ལ་གནས། །འོད་ཟེར་ལྔ་དང་ཀུན་ནས ་ལྡན། །གཏི་མུག་བུད་ཤིང་བསྲེག་བྱེད་ཡིན། །རྣལ་འབྱོར་སྤྱོད་པའི་རྗེས་འབྲངས་ལ། །དེ་བཏུ་བ་ཡི་ཆོ་ག་བཤད། །དང་པོར་ས་ཡི་ཕ་རོལ་སྦྱིན། །དབྱངས་ཡིག་བཞི་པས་བརྒྱན་པར་བྱ། །ཡི་གེར་མནན་འབར་འཕྲོ་བའི། །ཟླ་བའི ་ཐིག་ལེར་ཡང་དག་ལྡན། །དེ་ནས་ཡི་གེ་ཏྲཾ་སྦྱིན་ཏེ། །བཞི་པ་ཉིད་ཀྱིས་བརྒྱན་པའོ། །ཡི་གེ་ཨུ་རིང་ལེགས་ལྡན་པའི། །ཡང་ནི་ཧཾ་ཡིག་སྦྱར་བར་བྱ། །དེ་ནས་ཕཊ་ཡིག་ཀྱང་སྦྱིན་པ། །གྲུབ་པའི་གསང་སྔགས་ཡོངས་རྫོགས་ཡིན། །མཁས ་པས་རལ་གྲིའི་གནས་སུ་ནི། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །སྒོམ་བྱ་མི་རུས་ཕྲེང་བ་ཡིས། །སྔགས་ཀྱི་མཆོག་ནི་ལེགས་པར་བཟླས། །བརྟན་པའི་སེམས་ཀྱིས་བརྟག་པར་བྱ། །རྒྱུན་ཏུ་སྒོམ་པ་གོམས་པ་ལས། །མཁས་པ་ཉིད་དང་སྙན ་དངགས་པར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །སྒྲོལ་མའི་སྒྲུབ་ཐབས་བྱས་པ་ལས། །བདག་གིས་དགེ་བ་གང་ཐོབ་པ། །དེར་ནི་འགྲོ་ཀུན་སྟོན་པ་ཡི། །བསྟན་ལ་མཁས་པ་ཉིད་དུ་ཤོག། འདི་ནི་རྟག་པའི་རྡོ་རྗེས་བྱས། །འདིས་ནི ་བློ་རྣོན་རབ་གྲུབ་བྱེད། །བགྲོད་ཀ་འདི་ལ་པཎྜི་ཏ། །བཟང་པོ་རྣམས་ཀྱིས་བཟོད་པར་རིགས། །རྒྱ་ནག་ཆེན་པོའི་ལུགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །། བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། ་