| Wylie | e-texts based on the ACIP/ALL Input |
བསྐྱེད་པ། །ནམ་མཁའ་ཁྱབ་པར་བལྟ་བྱ་བ། །སྒྲའི་འོད་ཟེར་རྩེ་མོའོ། །ཤེས་རབ་འཕེལ་བའི་ཆོ་ག་ཨ་བྷ་ཡ་ཀ་རའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཡ(རྒྱུད་འགྲེལ་བོད་སྐད་དུ། འཇམ་དཔལ་གྱི་ཤེས་རབ་ཀྱི་འཁོར་ལོ། །བླ་མའི་ཞབས་ལ་རྟག་བཏུད་ཅིང། །དེ་བཞིན་རྡོ་རྗེ་སློབ་དཔོན་ལ་འང། །དང་པོར་ཕྱག་འཚལ་འཇམ་པའི་དཔལ། །གང་གིས་གྲུབ་པ་བདག་གིས་བྲི། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང ་གིས་གནས། །སྙིང་གའི་ཟླ་བ་ལ་ཡི་གེ་ཨའི་དང་ཨ(རྒྱུད་འགྲེལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་དེ་དག་རྣམས་བལྟས་ལ་སྔགས་འདི་དག་གིས་མཆོད་པར་བྱ་བའོ། །ོཾ་རྡོ་རྗེའི་བདུག་པ་ཧཱུཾ། ཨོཾ་རྡོ་རྗེའི་མར་མེ་ཧཱུཾ། ཨོཾ་རྡོ་རྗེའི་དྲི་ཧཱུཾ། ཨོཾ་རྡོ་རྗེའི་ལྟ་བཤོས་ཧཱུཾ། དེ ་ནས་ནི། །བདག་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས། །འགྲོ་བའི་བསོད་ནམས་ལ་ནི་རྗེ་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་བར་བགྱི། །སངས་རྒྱས་ཆོས་དང་ཚོགས་ཀྱི ་མཆོག་རྣམས་ལ། བདག་ནི་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་རབ་ཏུ་བསྒྲུབ་བྱའི་ཕྱིར། །བྱང་ཆུབ་སེམས་འདི་བདག་གིས་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བདག་གིས་བསྐྱེད་བགྱི་ཤིང། །བདག་གི ་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་བར་བགྱི། །ཡིད་འོད་བྱང་ཆུབ་མཆོག་གི་སྦྱོང་པ་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཉིད་ནི་འགྲུབ་པར་ཤོག། ཅེས་པའི་སྨོན་ལམ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་བདག་མེད་པར ་བསྒོམ་པར་བྱ་བ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ། །ཁམས་གསུམ་མ་ལུས་པ་རྣམས་སྒྱུ་མ་དང་མཚུངས་པའི་ས་བོན་གྱི་རྣམ་པར་བསམ་པར་བྱ་བའོ། །མཐོང་དང ་རིག་པ་ཉིད་དག་དང། །གང་ཕྱིར་སྒྱུ་བཞིན་ཐམས་ཅད་ནས། །དམིགས་སུ་ཡོད་པ་ཉིད་ཀྱང་མིན། །འཇིག་རྟེན་ཐམས་ཅད་དེ་ལྟར་གནས། །འདིར་མོས་པ་བསྐྱེད་པར་བྱ་བའོ། །དེ་ནས་ཐོག་མ་མེད་པའི་དུས་ནས་ཀྱི་ཡང་དག་པ་མ་ཡིན ་བའི་རྟོག་པའི་ས་བོན་སྦྱངས་ལ། །རང་བཞིན་གྱི་དག་པ་ཡིན་ནོ་ཞེས་ཀྱང་མོས་པར་བྱ་བ་ཡང་ཨོཾ་རང་བཞིན་གྱིས་དག་པས་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་དག་པ་ནི་བདག་ཡིན་ནོ་བྱ་བས་སོ། །དེ་ནས་སྔར་བཤད་པའི་ས་བོན་གྱུར་ ་པ་ལས་རལ་གྲིའོ། །དེའི་ཆང་ཟུངས་ཀྱི་ལྟེ་བའི་དབུས་སུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་སྔར་བཤད་པའི་ས་བོན་ནོ། །དེ་དག་ཐམས་ཅད་གཞན་དུ་གྱུར་པས་བདག་ཉིད་འཇམ་དཔལ་གྱི་སྐུ་དང། དེ་ཁོ་ན་འཇིག ་རྟེན་ཐམས་ཅད་ཀྱི་མངའ་བདག་ཡིན་ནོ་ཞེས་བྱ་བ་ཡང་དག་པར་བསམ་པར་བྱ་སྟེ། པདྨ་དང་ཟླ་བའི་གདན་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དང། ཟླ་བ་ལྟ་བུའི་འོད་ཟེར་དུ་མ་སྤྲོ་བ་དང་བསྡུ་བས་ནམ་མཁའ་ཨི་དཀྱིལ་ཁྱབ་པར་མཛད ་པ་དང། རྣམ་པར་མཛེས་པའི་ན་བཟའ་བསྣབས་པ་དང། སྐྱེ་དགུ་རྣམས་དགའ་བར་མཛད་པ་དང། སྐུ་མདོག་དཀར་པོ་ཡིད་དུ་འོང་བ་དང། ཟུར་ཕུད་ལྔ་དང་ལྡན་པའི་དཔའ་བོ་ཆེན་པོ་དང། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན ་པ་དང། ཕྱག་གཡས་པས་རལ་གྲི་གདེང་པར་མཛད་ཅིང་ཕྱག་གཡོན་པས་ཐུགས་ཀ་ན་པོ་ཏི་བསྣམས་པའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་ཀྱིས་ཐལ་མོ་ཁ་སྦྱར་བར་བྱས་ལ། མཛུབ་མོ་གཉིས་དང་སྲིན་ལག ་གཉིས་ཀྱི་རྩེ་མོ་རྩེ་བཀའ་?་ནི་ཨུཏཔ་ལ་ཁ་བྱེ་བས་ལེགས་པར་གནས་པ་སྟེ། རང་གི་སྔགས་ཀྱི་སྙིང་ག་དང། མགྲིན་པ་དང། སྨིན་མཚམས་དང། །སྤྱི་བོ་རྣམས་སུ་དགོད་པར་བྱའོ། །ཕྱི་ནས་ནི་ལྟེ་བའི་འོག་ཏུ་ཡི་གེ་བྷྲུཾ་ལས་ཁ་དོག་དཀར་པོ ་ཤིང་མྱ་ངན་མེད་ཀྱི་འདབ་མ་དང་ཆ་འདྲ་བའི་ཟླ་བའི་དཀྱིལ་འཁོར་བསམ་པར་བྱ་བའོ། །དེའི་སྟེང་དུ་བརྒྱད་པའི་བཞི་པ་ལ་དང་པོའི་བཅུ་དྲུག་པ་དང་བདུན་པའི་གཉིས་པ་དང་དང་པོའི་བཞི་པས་བརྒྱན་པའོ། །དེ་དག་ཡོངས་སུ་རྫོགས ་པ་ལས་ཡི་གེ་ཧཱུཾ་གི་ས་ཁ་བྱེ་བར་བྱས་པའི་པདྨ་དྲི་མ་མེད་པ་ལྟེ་བའི་སྟེང་དུ་བསམ་པར་བྱ་བའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་སོར་གྱི་བར་ཙམ་བཀག་པ་ན་འཁོར་ལོའི་རྩིབས་དྲུག་པ་གཟི་བརྗིད་དང་ལྡན ་པའོ། །དེའི་རྩིབས་རྣམས་ལ་ནི་དབྱངས་ཡིག་བཅུ་གཉིས་པོ་རྣམས་ཡི་གེ་ཟུར་རེ་རེ་དགོད་དོ། །རྩིབས་སོ་སོའི་སྟེང་དུ་ནི་རྩ་བའི་སྔགས་རྣམས་ཀྱི་ཡི་གེ་རེ་རེ་རྣམ་པར་དགོད་པར་བྱ་བའོ། །འཁོར་ལོའི་ནང་གི་ལྟེ་བ་ལ་ནི་ཡི་གེ་དྷི(རྒྱུད་འགྲེལ་ཞིང། གཡོ་བ་མེད་པ་བསྒོམ་པར་བྱ་བའོ། །ཕྱི་རོལ་དུ་མུ་ཁྱུད་ལ་ནི་ང་ཉ་ཎ་ན་མའི་ཡི་གེ་རྣམས་དང། བྲལ་བའི་ཀའི་ཚན་མཆོག་ཏུ་འབར་བ་དང་ལྡན་པ་རྣམས་བསམ་པར་བྱ་བའོ། །གཞན་ཡང་སྟེང་དུ་སོར་གྱི་བར་ཙམ་ཡངས་པར་ཟླ ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཨ་ར་བ་ཙ་ནའོ། །འདི་དག་བལྟས་ལ་འཁོར་ལོ་ཤིན་ཏུ་མྱུར་བར་བྱ་བ་འཁོར་བ་དང་ལྡན་པར་བསྒོམ་པར་བྱ་ཞིང། ཇི་སྲིད་དུ་ཟླ་བ་དྲུག་གི་བར་དུ་བཟླས་པར་བྱ་བའི་སྔགས་ཀྱང་འདི་དག་ཡིན་ཏེ ་ཨོཾ་བཛྲ་ཏིཀྵྞ་དྷཝཾ་ཉི་མ་རེ་རེ་ཞིང་ཁྲི་ཕྲག་རེ་བཟླས་པར་བྱ་བའོ། །དེ་དག་གིས་བླུན་པོ་ཡང་དག་གི་བདག་པོར་འགྱུར་རོ། །བློ་རྣོ་བ་དང་གཞུང་སྟོང་ཕྲག་རེ་འཛིན་པར་བྱེད་དོ། །རྒྱུན་མི་འཆད་པར་སཾ་སྐྲི་ཏ་སྨྲ་བ་པོ་དང་སྙན་དང་དགས་པ་ཆེན་པོ་ཉིད ་དང་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གྲུབ་པ་ཐོབ་ནས་ནི་རལ་གྲིའི་རིག་པ་འཛིན་པའི་མངའ་བདག་ཏུ་འགྱུར་ཏེ། རིག་པ་འཛིན་པ་རྣམས་དང་ལྷན་ཅིག་ཏུ་རྩེ་དཀའ་བར་བྱེད་དོ། །ཤེས་རབ་འཁོར་ལོ་མཆོག ་གྱུར་འདི། །བྲིས་ལས་བསོད་ནམས་གང་བྱུང་བ། །དེས་ནི་འཇིག་རྟེན་མ་ལུས་འདི། །འཇམ་དཔལ་གོ་འཕང་ཐོབ་པར་ཤོག། འཇམ་དཔལ་གྱི་ཤེས་རབ་འཁོར་ལོ་རྫོགས་སོ།། །།མཁས་པ་ཨ་བྷ་ཡ་ལས་དགེ ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པར་རྣམ་པར་བསྒོམས ་