| Wylie | e-texts based on the ACIP/ALL Input |
ཁོར་ཡུག་གི་སྒྲུབ་ཐབས་ཞེས་བྱ་བ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཨ་ལི་མནྣ་ཐ་སཱ་དྷ་ནཾ། བོད་སྐད་དུ། ཁོར་ཡུག་མངར་སྒྲུབ་པའི་སྒྲུབ་ཐབས་ཞེས་བྱ་བ། ཁོར་ཡུག་མངར་སྒྲུབ་པ་ལ་ཕྱག་འཚལ་ལོ། །སྟོན་པ་ལོངས ་སྤྱོད་རྫོགས་པའི་སྐུ། །ཀུན་དགའ་ཨི་མཚར་བ་རྒྱུ་མཐུན་པ། །བདུད་ནས་བྱུང་བའི་ལུས་ཀྱི་ནི། །སྒྲུབ་ཐབས་མདོར་བསྡུས་བཤད་པར་བྱ། །དང་པོ་རེ་ཞིག་མེ་ཏོག་པདྨ་དམར་པོ་དང་མཚུངས་པའི་དཔལ་ཧེ་རུ་ཀའི་སྐུར་བདག་ཉིད་བསྐྱེད་ལ། ཁམས་གསུམ ་མ་ལུས་པ་རྣམ་གང་ཤེས་པ་ཙམ་དུ་ཡང་བརྟགས་ཏེ། ཡང་རང་གི་སྙིང་གར་ཤིན་ཏུ་དམར་བ། འདབ་མ་བཅུ་དྲུག་གི་ཕྱེད་པའི་ཨུཏཔལ་ཆེན་པོའི་ལྟེ་བ་ལ་ཨའི་སྡེ་དང། ཀའི་སྡེ་མདོར་བསྡུས་པའི་གཟུགས་སུ་གྱུར་པ། སངས་རྒྱས ་ཀྱི་ཡོན་ཏན་མཛའ་དག་རྗེས་སུ་ཆགས་པར་བྱེད་པའི་ཡི་གེ་ཨ་དང་ཡི་གེ་ཧཱུཾ་གཉིས་ཡིད་ཀྱིས་མངོན་པར་བྲི་བར་བྱ་བའོ། །དེ་ནས་ཡི་གེ་ཨ་དང། ཧཱུཾ་དེ་དག་ལས་མཆོག་ཏུ་དམར་ཞིང། ཤིན་ཏུ་མཛེས་པའི་འོད་ཟེར་གྱི་ཚོགས་སྤྲས ་ལ། གུར་ཀུམ་གྱི་ཁུ་བ་དང་འདྲ་བར་གྱུར་པའི་འོད་ཟེར་གྱི་ཚོགས་དེ་ཉིད་ཀྱིས་ཀྱང་སེམས་ཅན་དང། སྣོད་ཀྱི་འཇིག་རྟེན་དུ་བཅས་པ་རྣམ་པར་སྦྱངས་ནས་དེ་རྣམས་ཀྱི་ཡང་སྐུ་དང་གསུང་དང། ཐུགས་ལྷན་ཅིག་གཅིག ་ཏུ་བྱས་ཤིང་བཀུག་ལ། ཨའི་ཡི་གེ་དང་ཧཱུཾ་གི་གེ་དེ་དག་གཉིས་ཉིད་དང་ཐིག་ལེ་ལ་ལེགས་པར་གཞུག་པར་བྱ་བའོ། །དེ་ནས་ཨ་ཡིག་དང། ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་སྒྲ་སྙན་པ་སྒྲོགས་པའི་བུད་བ་ཟུང་ཅིག་སྟེ། རིན་པོ་ཆེ་དང་མཚུངས ་པའི་བུམ་པ་མཆོག་ཏུ་སྙིང་རྗེ་དང་ལྡན་པས་ཟེའུ་འབྲུའི་རྩི་འཐུང་བར་བྱེད་པ། ཤིན་ཏུ་དགའ་བ་དང་ལྡན་པའི་སྐུ། ཧཱུཾ་གི་སྒྲ་རིང་བོ་སྙན་པར་སྒྲོགས་པའི་བདག་མེད་མ་དང། ཧེ་རུ་ཀའི་རང་བཞིན་དུ་རྣམ་པར་བསམ་པར་བྱ་བའོ། །དེ་ནས ་འདི་དག་གི་སྙིང་ག་ར་མེ་ཏོག་སྐུ་སུམ་བྷ་དམར་པོ་བསྐུས་པའི་ཁུ་བའི་ཐིགས་བ་དང་འདྲ་ཞིང། ཡུངས་ཀར་ཕྲ་མོ་ཙམ་པའི་ཨ་དང། ཧཱུཾ་བལྟ་བར་བྱ་བའོ། །དེའི་རྗེས་ལ་ཟུང་དེ་དག་དབུགས་འབྱུང་བའི་རླུང་གི་ཤིང་རྟ་ལ་ཞོན་ཏེ། སྣ་བུག ་གི་བུག་པ་ནས་འཕུར་ནས་ཁམས་གསུམ་ཀུན་ན་གནས་པའི་སེམས་ཅན་རྣམས་ཀྱི་ལུས་དང་དག་དང། ཡིད་རྣམ་པར་ཁྲིད་ནས་སླར་ཡང་དབུགས་རྡུབ་པའི་རླུང་ལ་ཞོན་པས། སྙིང་གའི་པདྨའི་ལྟེ་བ་ཇི་ལྟ་བ་དེ་ཉིད་ལ་ལེགས་པར་གཞུག་གོ ་བཅུག་ལ་ཡང་དྲངས་པའི་ལུས་དང། ངག་དང་ཡིད་རྣམས་རང་གི་ལུས་དང། ངག་དང། ཡིད་དང་མཉམ་པ་ཉིད་དུ་ལྷག་པར་མོས་པར་བྱ་བའོ། །ཡང་ཇི་སྲིད་དུ་སྐད་ཅིག་ལ་ཡང་ཤིན་ཏུ་གསལ་བར་རྟོགས་པའི་ངོ་བོ་སྐྱེ་བར ་འགྱུར་བ་དེ་ལྟར་བསྒོམ་པར་བྱ་བའོ། །ཕྱི་ནས་ནི་སྒྲུབ་བྱ་འམ་སྒྲུབ་བྱ་མོའི་སྙིང་གར་སྐད་ཅིག་གིས་པདྨ་དམར་པོ་འདབ་མ་བརྒྱད་པ་བསྒོམས་ལ། བདག་ཉིད་ཀྱི་སྙིང་གའི་པདྨའི་ལྟེ་བ་ལ་བུད་བ་ཟུང་།དེ་དག་དབུགས་འགྱུད? ་བའི་རླུང་ལ་ལེགས་པར་ཞོན་ནས། སྣ་བུག་གི་བུ་ག་ལས་འཕུར་བས། བསྒྲུབ་བྱ་སྣ་བུག་གི་བུག་པ་ནས་དེ་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་གྱི་སྙིང་གའི་པདྨ་ལ་རབ་ཏུ་ཞུགས་སོ། །ཞུགས་ནས་ཀྱང་དེའི་སྙིང་གི་རྩིབས་བུབ?་ནས་ལུས ་ཀྱི་རང་བཞིན་གྱི་འདབ་མའི་བདག་ཉིད་རྣམས་འཛིབ་པར་བྱེད་དོ། །དག་གི་རང་བཞིན་དུ་གྱུར་པའི་ཟེ་འབྲུ་འཇིབ་པར་བྱེད་དོ། །སེམས་ཀྱི་རང་བཞིན་ལྟེ་བ་ལ་ཡང་ཟ་བར་བྱེད་དོ། །དེའི་རྗེས་ལ་སྒྲུབ་པ་པོ་རང་ཉིད་ཀྱི་དབུགས་རྡུབ་པའི་རླང ་གིས་དྭངས་ནས་སྒྲུབ་བྱའི་སྣ་བུག་གི་བུ་ག་ནས་བྱུང་སྟེ། བདག་ཉིད་ཀྱི་སྣ་བུག་གི་བུ་གནས། སྙིང་གའི་ཨུཏཔ་ལ་ཆེན་པོའི་ལྟེ་བ་ལ་རབ་ཏུ་ཞུགས་ཤིང། ཕབས་པས་མགུལ་བར་བྱས་ཤིང། ལུས་ཀྱི་རང་བཞིན་འདབ་མ་བཏང་ནས། ་ངག་གི་རང་བཞིན་གྱི་ཟེ་འབུ་དང། སེམས་ཀྱི་རང་བཞིན་གྱི་སྙིང་པོ་ཡང་མཆོག་ཏུ་གཡོ་བར་བྱེད་པར་བསམ་པར་བྱ་བའོ། །ཡང་དེ་ཁོ་ན་བཞིན་དུ་སོང་ཞིང། དེ་ཁོ་ན་བཞིན་དུ་རབ་ཏུ་ཞུགས་ཏེ། དེ་ཁོ་ན་བཞིན་དུ་བཟུང་ནས། ད་ཁོ ་ན་བཞིན་དུ་ཕྱིར་འོངས་པས། དེ་ཁོ་ན་བཞིན་དུ་བཏང་ཞིང། ད་ཁོ་ན་བཞིན་དུ་མཆོག་ཏུ་གཡོ་བར་བྱེད་པར་ཡང་བསམ་པར་བྱ་བའོ། །ཇི་སྲིད་དུ་རྗེས་སུ་ཆགས་པ་སྟོན་པར་མི་བྱེད་ཀྱི་བར་དུ་དེ་ལྟར་ཡང་དང་ཡང་དུ་བྱ་བའོ། །རྗེས་སུ་ཆགས ་པ་སྟོན་པས་ནི་དབང་དུ་གྱུར་པ་ཉིད་དུ་རྟོགས་པར་བྱ་བའོ། །རྟོགས་ནས་ཀྱང་ཇི་ལྟར་མངོན་པར་འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་འབད་པར་བྱ་བའོ། །དེ་ལ་བསྒམ་པ་འདིས་ཀྱང་ལམ་མ་ལོག་པ་དྲི་མ་མེད་པ་ཞེན་པར་གྱུར་པས ་ལུས་ཀུན་ནས་རྒྱགས་པར་མྱོས་ནས། སྒྲུབ་པ་པོ་རྣམས་ལ་འཁྱུད་པ་དང། དམ་ཚིག་གི་རྒྱུན་ཆགས་པ་ཉིད་དུ་དགའ་བར་བྱ་བ་ལ་བརྩོན་པར་བྱེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་སྐྱོན་མཐོང་བས་དགའ་བར་མི་བྱེད་ན་དེའི་ཚེ་ལྷ ་ཆེན་པོ་སུན་འབྱིན་པར་ཞུགས་པ་ཡིན་པས་དེ་དག་རྟོགས་པར་བྱ་སྟེ། ཕྱིན་ཅི་ལོག་གི་ཡུལ་ལེགས་པར་ཁོང་དུ་ཆུད་པར་བྱ་ཞིང། ཁོང་དུ་ཆུད་པར་བྱས་ནས་ཀྱང་སྒོམ་པས་དབང་དུ་བྱ་བ་ཡིན་ནོ། །ཁོར་ཡུག ་སྔར་བྱེད་སྒྲུབ་པའི་ཐབས། །རྣམ་བཀོད་ལས་བྱུང་བསོད་ནམས་གང། །དེས་ནི་སྐྱེ་དགུ་མཐོང་འགྱུར་ཞིང། །སྙིང་རྗེའི་སྟོབས་ལྡན་དཔལ་དུ་ཤོག་།ཁོར་ཡུག་མདར་བའི་སྒྲུབ་ཐབས། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི ་མཛད་པ། ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་དཔལ་ལ་ཕྱག་འཚལ་ལོ། །ཁ་དོག ་