| Wylie | e-texts based on the ACIP/ALL Input |
གྱི་སྒྲུབ་ཐབས་སོ། །མཁས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། སིདྡྷི་ཀཱ་བི་ར་སཱ་དྷ་ནཾ། བོད་སྐད་དུ། དཔའ་པ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། སྟོན་གྱི་ཟླ་ལྟར་གསལ་འབར་བའི།། ་དང་པོར་འཇམ་རྡོར་ཕྱག་འཚལ་ནས། །མདོར་བསྡུས་གསལ་བའི་མཆོག་གིས་ནི། །དེ་ཡི་སྒྲུབ་ཐབས་བདག་གིས་བཤད། །དང་པོར་རེ་ཤིག་སྔགས་པས་ཡིད་ཀྱི་རྗེས་སུ་མཐུན་པའི་ས་ཕྱོགས་གཙང་མར་བདེ་བའི་སྟན་གྱི་དབུས་སུ་གནས ་ལ། རང་གི་སྙིང་གར་ཡི་གེ་ཨ་ལས་ངེས་པར་བྱུང་བའི་ཟླ་བར་རལ་གྲི་དང་བའི་དེ་ཁོ་ན་ཉིད་མཾ་རྣམ་པར་དགོད་པར་བྱ་བའོ། །དེའི་འོད་ཟེར་གྱིས་ནམ་མཁའ་བཀང་བས་བཅོམ་ལྡན་འདས་དང། རྗེ་བཙུན་བླ་མ་ནམ་མཁའ་ལ་བལྟས་ཏེ། དེ་ནས ་བཅོམ་ལྡན་འདས་ཀྱི་མདུན་དུ་གནས་ལ། ཡིད་ཀྱི་རང་བཞིན་གྱི་མཆོད་པས་འཇམ་དཔལ་དང། བླ་མ་རྗེ་བཙུན་མཆོད་པར་བྱ་ཞིང་ཕྱག་འཚལ་ལོ། །དགེ་བ་འཕེལ་བར་བྱ་བའི་དོན་དུ་དེ་ནས། སྡིག་པ་བཤགས་པ་ཐམས་ཅད་ནི ་བདག་གིས་བཤགས་པར་བགྱིའོ། །བསོད་ནམས་ཐམས་ཅད་ལ་ནི་བདག་རྗེས་སུ་ཡི་རང་ངོ། །དེ་དག་ཀྱང་བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བདག་གིས་ཡོངས་སུ་བསྔོ་བར་བགྱིའོ། །བྱང་ཆུབ་ཀྱི་བར་དུ་སངས་རྒྱས་དང། ཆོས་དང་དགེ ་འདུན་ལ་བདག་སྐྱབས་སུ་མཆིའོ། །བདག་གིས་བརྗོད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་བའོ། །དེ་ནས་བཅོམ་ལྡན་འདས་གཉུག་མའི་ས་བོན་དང་ལྷན་ཅིག་གྱུར་པར་བལྟས་ལ། ཁམས་གསུམ་པོ་ཐམས་ཅད་ཀྱི་འགྲོ་བ། ་དང། གནས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་རྨི་ལམ་དང། སྒྱུ་མ་དང་གཟུགས་བརྙན་དང་མཚུངས་ཤིང་དབྱང་མི་བཟོད་པ་ཉིད་དུ་རྣམ་པར་བསམས་ཏེ། རང་བཞིན་གྱིS་འོད་གསལ་བ་ཉིད་ཡིན་བས ་བདག་ཉིད་ཡོངས་སུ་དག་པ་འབའ་ཞིག་ཏུ་བསྒོམ་པར་བྱ་བའོ། །ོཾ་རང་བཞིན་གྱིས་རྣམ་པར་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནི་བདག་ཡིན་ནོ། །ཞེས་བྱ་བ་འདིས་ཀྱང་བརྟན་པར་བྱ་བའོ། །ཡང་སྨོན་ལམ་གྱི་སྟོབS ་ཀྱིས་བསྐྱེད་པའི་ཟླ་བའི་རལ་གྲི་ལ་མཾ་རྣམ་པར་བལྟས་ལ། དེའི་འོད་ཟེར་སྤྲོས་པས་འཇམ་པའི་རྡོ་རྗེའི་བདག་ཉིད་ལ་ལེགས་པར་བཅུག་པའི་བདག་ཉིད་ཡི་གེ་མཱཾ་ལས་བྱུང་བར་བསྒོམ་པར་བྱ་སྟེ། སྐུ་སྟོན་ཀའི་ཟླ་བ་ལྟར་དཀར་བ། ་ཟུར་ཕུད་ལྔ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པས་ཨུཏཔ་ལ་སྔོན་པོ་བསྣམས་ཤིང། ཕྱག་གཡས་པས་མཆོག་སྦྱིན་པ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་རོ། །དེ་ནས ་རང་གི་སྙིང་གའི་ཟླ་བ་ལ་ནོར་བུ་ཤེལ་གྱི་འོད་དང་མཚུངས་པའི་མཾ་གི་འོད་ཟེར་གྱིས་ནམ་མཁའ་ཨི་མཐས་ཁྱབ་པའི་སྐྱེ་དགུ་རྣམས་ཀྱི་དོན་བྱད་པར་གྱུར་པ། ཁྱད་པར་གསལ་བར་བྱེད་པ། ཇི་སྲིད་དུ་སྐྱེ་བར་མ་གྱུར་པ། དེ་སྲིད་དུ་བསྒོམ ་པར་བྱ་བའོ། །བསྒོམ་བས་སྐྱོ་བར་གྱུར་ན་གསང་སྔགས་བཟླས་པར་བྱ་བ་ནི། ཨོཾ་བཱ་ཀྱེ་ངཾ་ན་མ:དང་ཉེ་བའི་སྙིང་པོ་ཡང་བཟླས་པར་བྱ་སྟེ། ཨོཾ་ཧྲཱི:ཧཱུཾ་དེ་ནས་ཡི་གེ་བརྒྱ་པ་སྟོན་ལ། འཇམ་པའི་རྡོ་རྗེ་ང་རྒྱལ་གྱིས་ལངས་ཏེ། ་དེ་ཁོ་ན་བཞིན་དུ་རྒྱུ་བར་བྱ་བའོ། །འདིས་ནི་ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་ཉིད་ངེས་པར་སྒྲུབ་པར་བྱེད་དོ། །རྟག་ཏུ་གོམས་པར་བྱས་པའི་སྦྱོར་བས་སྐྱེ་བ་འདི་ཉིད་ཀ་ཨོ་ན་ལ་སངས་རྒྱས་ཉིད་ཀྱང་སྒྲུབ་པར་བྱེད་པ་ཡིན་ནོ། །བསམ ་གཏན་དེ་ལྟ་བུས་གནས་པས་སྔོན་དུ་འགྲོ་བའི་བཟླས་པ་འབུམ་ཕྲག་བདུན་བྱས་ལ། རལ་གྲི་ལ་སོགས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱ་བའོ། །དེ་ནས་ཉི་མ་གཟས་བཟུང་བ་འམ་ཟླ་བ་གནས་བཟུང་བ་ན་ཁབ?་ལེན་གྱི་ལྕགས་ལས་བརྡུངས་པའི་རལ་གྲི་རང ་གི་ལག་ཏུ་བཟུང་ལ། ཟླ་བ་ལ་ལྟ་བས་ཇི་སྲིད་དུ་བཏང་བཏང་བར་མ་གྱུར་པ་དེ་སྲིད་དུ་བཟླས་པ་བྱས་ན། རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་དང། འཁོར་ལོ་དང། མདུང་རྩེ་གསུམ་པ་དང། ཐོ་བ་དང་ཞགས་པ་དང། ལྕགས ་ཀྱུ་ལ་སོགས་པ་རྣམས་ཀྱང་ཡིན་ནོ། །མིག་རྩི་དང། རྐང་པའི་བྱུག་པ་དང། ཐིག་ལེ་དང། དབང་དུ་བྱ་བའི་རྫས་རྣམས་བ་སོགས་ལ་སྒྲུབ་པར་བྱ་བའོ། །རིག་པས་བཅུད་ཀྱིས་ལེན་ལེགས་པར་འདུ་བྱས་ལ་བསྒྲུབ་པར་བྱ་བའོ། །འཐུག་གི་བཟའ་ ་བ་འམ། ཞེའི་ཟས་སམ། མར་དང་བཅས་པའམ། ཤ་ཀ་རས་ལྷུང་བཟེད་ཁེངས་བར་བྱས་ལ། ལག་པས་ཀྱང་བཀབ་སྟེ། བཟླས་པ་བྱས་ལ་བཟའ་བར་བྱ་སྟེ། ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །མོན་སྲན་དྲེའུ་ཁར་བཅུག་ལ་མྱུ་གུ་བྱུང་གི ་བར་དུ་བཟླས་པ་བྱས་ཏེ། དེ་དག་མིང་པར་གྱུར་ན་སྙན་དང་གས?་པར་འགྱུར་རོ། །ཐོས་པ་འཛིན་པ་དང། དག་ལ་དབང་བ་དང། ཡིད་གཞུངས་པར་ཡང་འགྱུར་རོ། །ཤིང་ཏོག་བིལྤཱ་དག་གིས་འབུམ་ཕྲག་གཅིག་སྦྱིན་བསྲེག་བྱས་ན་འཇིག་རྟེན ་གསུམ་གྱི་རྒྱལ་སྲིད་ངེས་པར་འགྲུབ་པར་འགྱུར་རོ། །ཇི་ལྟར་སྙེང་བའི་མེ་ཏོག་དཀར་པོ་རྣམས་ཀྱིས་འབུམ་བྲག་བཞི་སྦྱིན་བསྲེག་བྱས་པས། ངག་གི་གྲུབ་པ་ཐོབ་ནས་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །མར་གྱིས་བྱུགས་པའི་འབྲུ ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་ཙམ་གྱིས་ཀྱང་གནོད་སྦྱིན་མོ་དང། ས་འོག་གི་བུ་མོ་ཡང་འགུགས་པར་བྱེད་དོ། །ཚངས་པའི་ཕྱེ་མ་བྱི་ལའི་སྤར་བ་ཙམ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ། ནམ་མཁའ་བྱུང་བ་དང་མཎྜལ་བྱས ་ནས་ཕུན་སུམ་ཚོགས་པ་ཇི་ལྟ་བར་བཅོམ་ལྡན་འདས་ལེགས་པར་མཆོད་ལ་མར་དང་གཉིས་སྤུ་གུས་བཏུང་བར་བྱ་བའོ། །ཤུ་ཐག་ཞོ་ཕྱེད་ཀྱི་ཚད་ཙམ་དེ་ཁོ་ན་བཞིན་དུ་མངོན་པར་སྔགས་ལ། མར་རི་འོམ་འམ་མར ་ནག་དང་ཡང་རུང་སྟེ། ཟླ་བ་གཅིག་ཏུ་བཏུང་བར་བྱ་སྟེ། གླེན་པ་དང་ཀླུགས་པ་ཉིས་དང། དར་དར་པོ་དག་ཀྱང་རྣམ་པར་འཇོམས་པར་འགྱུར་རོ། །ཟླ་བ་དྲུག་གིས་ནི་མ་ཐོས་པའི་བསྟན་བཅོས་རྣམས་ཀྱང་མངོན་སུམ་དུ་འགྱུར་རོ། །ཤེས་ཟིན ་པ་རྣམས་ལས་ན་ཉི་མ་པར་མི་འགྱུར་རོ། །ཐོས་པ་འཛིན་པ་དང། མཚུངས་པ་མེད་པའི་ཁུ་བྱུག་དང་འདྲ་བར་སྐད་སྙན་པ་དང། དག་གསལ་བར་ཡང་འགྱུར་རོ། །དེ་ལ་ཡི་གེ་བརྒྱ་བའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་སཏྭ་སམ་ཡ་མ་ནུ་པཱ་ལ ་ཡ། བཛྲ་སཏྭ་ཏྭ་ནོ་པ་ཏིཥྛ། དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་དོ་ཥྱོ་མེ་བྷ་བ། ཨ་ནུ་རཀ་ཏོ་མེ་བྷ་བ། སརྦབ་སིདྡྷུམམེ་པྲ་ཡཙྪ་སརྦབ་ཀརྨམ་སུ་ཙ་མེ་ཙི་ཏྟཾ་ཤྲཱི་ཡཾ(རྒྱུད་འགྲེལ་ས་མ་ཡ་སཏྭ་ཨ(རྒྱུད་འགྲེལ་