CLOSE WINDOW

N2796: ngag gi sgrub thabs
Wyliee-texts based on the ACIP/ALL Input

དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། བཱ་གཱི་སཱ་དྷ་ནཾ། བོད་སྐད་དུ། ངག་གི་སྒྲུབ་ཐབས། སྐྱོན་གྱི་དྲ་བ་འཇོམས་མཛད་དཔལ་ལྡན་རྡོ་རྗེ་ཆོས། །དག་གི་མཎྜལ་འོད་ཟེར་དྲ ་བ་སྤྲོ་མཛད་པའི། །མ་ལུས་རྫོགས་སངས་རྒྱས་རྣམས་གསུང་གི་ངོ་བོ་བ། །ཡང་དག་ཕྱག་འཚལ་ངག་གི་སྒྲུབ་ཐབས་བདག་གིས་བརྗོད། །ངོ་བོ་ཉིད་ཀྱི་རང་བཞིན་རྣམ་པར་དག་པའི་སྔགས། །རབ་བརྗོད་བརྩོན་འགྲུས་རླུང་གི་འགྱིད ་བག་དང་ལྡན་པ། །སྒྱུ་མ་རྨིག་སྒྱུ་ཆུ་ཟླ་དག་དང་མཚུངས་གྱུར་པར། །མ་ལུས་འཇིག་རྟེན་འདི་ནི་རྣམ་པར་བསྒོམ་བྱས་ལ། །ཐམས་ཅད་རྣམ་དག་ངོ་བོ་བཾ་ཡིག་ས་བོན་ལས། །ལེགས་བྱུང་སྣ་ཚོགས་པདྨ་རྣམ་པར་བསྒོམ་བྱ་ཞིང། ། ་ཡི་གེ་ཨཾ་ལས་སྐྱེས་གྱུར་མཛའ་ཡས་སྣང་བྱེད་པའི། །ཤིན་ཏུ་དག་པའི་ཟླ་བ་ཆ་ཤས་ཀུན་རྫོགས་པ། །གཞན་ཡང་འོད་ཟེར་དྲ་བ་རབ་ཏུ་སྤྲོ་བྱེད་པའི། །ས་བོན་ཡི་གེ་གསང་བ་མཆོག་ཏུ་མཆོད་བྱེད་པ། །སྤྲོས་མེད་དག་རྣམས་རབ་ཏུ་སྤྲོ་བྱེད ་རྒྱུ་གཅིག་པུ། །མེ་ཏོག་བནདྷུ་ཀ་ཡི་འོད་དང་མཚུངས་པའོ། །ས་བོན་དེ་ལས་ལེགས་བྱུང་སྐྱོན་དང་བྲལ་གྱུར་པའི། །ཏིང་འཛིན་ཕྱག་རྒྱས་གནས་བའི་ཕྱག་དེ་པདྨ་དང། །རྡོ་རྗེ་གདན་བཞུགས་སྙིང་རྗེ་དག་གིས ་མངོན་དགྱེས་པ། །འདོད་ཆགས་རྡོ་རྗེ་ཡོངས་སུ་དག་པའི་འདོད་ཆགས་དཔལ། །རྣམ་དག་སངས་རྒྱས་སྤྲིན་ཆོགས་དྲ་བ་བ་སྤུ་ཡེ། །ཁོང་ནས་ངེས་སྤྲོ་སྐྱེ་དགུ་རྣམས་ལ་ཕན་མཛད་པར། འགྲོ་བ་རྣམས་ནི་ཐམས་ཅད་དག་གི་རང་བཞིན ་ཡང། །ཤིན་ཏུ་རྣམ་དག་བློ་ཡིས་རྣམ་པར་བསྒོམ་པར་བྱ། །འབར་བས་འཇིག་རྟེན་ཐམས་ཅད་མཆོག་ཏུ་སྣང་བྱེད་པའི། །སྙིང་གི་ཟླ་དཀྱིལ་ལ་ནི་རྡོ་རྗེ་ངེས་བལྟ་སྟེ། ཧཱུཾ་ཡིག་མགོན་བྱུང་སྐུ་ནི་ལྔའི་བདག་ཉིད་ཅན། །སངས ་རྒྱས་སྤྲིན་ཚོགས་རྣམས་ནི་ངེས་པར་འཕྲོ་བ་དང། །དེ་དབུས་གཙོ་མོ་ལས་འཕོ་རྡོ་རྗེའི་གདན་གནས་པའི། །ཡི་གེ་ཆེན་པོ་རྣམས་ཉམས་རྒྱུད་ལས་ཤིན་ཏུ་འབར། །རྒྱས་བྱེད་སྡུག་བསྔལ་རྣམས་ནི་རབ་ཏུ་འཕེལ་བྱེད་པའི། །མུན་པར་སྲིད ་གསུམ་ལུས་ཅན་ཀུན་ཏུ་སྣང་བར་བྱེད། །དེ་བརྗོད་མཛེས་པའི་འོད་ཟེར་གྱིས་ནི་བྱ་བ་བྱས་པས། །ཉི་མར་དཀྱིལ་འཁོར་དྲི་མེད་དགའ་བ་དམར་ཆགས་པའི། །ཤེས་རབ་མཆོག་གི་ཕེ་ཉ་དགེ་དག་རབ་བསྐྱེད་པ། །རྡོ་རྗེའི་རང་བཞིན་ལྕེ ་ནི་རྣམ་པར་རྫོགས་བྱས་ཏེ། །དེ་རྩེའི་ཆ་ནི་ཨུཏཔལ་དམར་ཞིང་རྣོ་བ་ལ། །དེ་ཉིད་རྒྱ་ཆེན་འོད་ཀྱིས་ཡིད་འོད་རྣམ་པར་བསམ། །བདག་ཉིད་གཟི་བརྗིད་ལྡོག་པ་མེད་པའི་བརྩོན་འགྲུས་ཀྱིས། །རྒོལ་བའི་སྤོབས་པའི་མཆོག་ནི ་ངེས་བར་གཞོམ་པར་བྱེད། །རྟག་པར་གོམས་པའི་སྟོབས་ལས་བྱུང་བའི་རིག་པ་ཡིས། །དག་གི་སྒྲུབ་ཐབས་གྲུབ་པ་འདིར་ནི་ཉེར་འོངས་པས། །དར་དར?་ལྐུགས་པ་སྨྲ་བྱེད་རྒྱུན་མི་འཆད་པར་ཡང། །ངོ་མཚར་བསྟན ་བཅོས་རྣམས་ཀྱི་རིག་པའི་རྣལ་འབྱོར་པས། །བདག་ཉིད་དོན་ཆེན་དང་ནི་འགྲོ་བའི་རྒྱུ་མཚན་དུ། །རྨད་བྱུང་བསྟན་ཆོས་དག་ནི་ངེས་པར་བྱེད་པར་འགྱུར། །འདིས་ནི་གཞན་སེམས་འཇུག་པ་ཤེས་པར་འགྱུར་བ་དང། །འདོད་ཆགས་སོཌ ་ལྡན་དེ་དང་དེ་དག་ཉེ་བར་སྤོང། །ཏིང་འཛིན་དེ་ལ་བསྟན་པ་ཉིད་ཀྱི་འབང་བྱེད་ཅིང། །ཤིན་ཏུ་ཕྲ་དྲག་གསལ་བ་ཉིད་དུ་ངེས་བྱས་ན། །མ་ལུས་སངས་རྒྱས་གོ་འཕང་སྐུ་ནི་འཛིན་བྱེད་པར། །འདི་འགྱུར་འོན་ཀྱང་འདི་ལ་རྣམ་པར་སྤྱད་མི་བྱ།། ་ཡང་དག་ཡང་དག་མུན་པ་དག་ཀྱང་མདུན་གནས་པར། །སྦྱོར་བ་གོམས་པས་སྐྱེས་བུ་རྣམས་ལ་འགྱུར་བ་ནི། །འདོད་པས་གདུངས་རྣམས་བཞིན་ཏེ་འདིར་ནི་དགའ་བ་ཡི། །སེམས་ཀྱིས་རྗེས་འཇུག་རྣལ་འབྱོར་ལ་ནི་བརྩོན་པར ་གྱིས། །འདིས་ནི་བདག་གི་གང་ཕྱིར་དགེ་བའི་དག?་གང་ཐོབ་པ། །དེས་ནི་འགྲོ་ལ་རྒྱལ་བའི་ཕུན་ཚོགས་མཆོག་རྣམས་སྦྱིན་བྱེད་དང། འཇིགས་པ་དང་བྲལ་མྱ་ངན་ཟུག་རྡུ་རྣམས་ནི་ལེགས་བཏོན་ནས། །ཟླ་བའི་འོད་ཟེར་ཡིད་དགའ་བ་དང ་ཉེ་བར་ཉིད་གྱུར་ཅིང། །སེམས་ནི་རྒྱུན་མི་འཆད་པར་དགེ་ལ་རྗེས་སུ་ཞེན་པ་དང། །བླ་མ་མཆོག་མཉེས་བདེ་བའི་གདམས་ངག་ལ་ནི་དང་གཞོལ་བའི། །བརྩོན?་ལྡན་པདྨ་དག་གི་རིགས་སུ་ཉེ་བར་སྐྱེད་བྱེད་པ། །ཏིང་འཛིན་དབང་གིས་དགའ་ ་བས་བགྲོང་པར་དཔལ་གནས་འཇུག་པར་ཤོག། འགྲོ་བ་བཟང་པོ་བདག་ཉིད་ཀྱང་ནི་ཤིན་ཏུ་འཐོར་འབར་བའི། །མེ་དཔུང་ར་བའི་དཀྱིལ་ན་གནས་པར་གྱུར་པའི་སྐུ་ཉིད་དང། །བླ་མ་མཆོག་ནི་སྙིང་རྗེ་ཐོད་པའི་ཕྲེང་བ་དང་ལྡན་པའི།། ་སྤྲིན་ཚོགས་ཀྱིས་གང་རྡོ་རྗེའི་ཕུན་ཚོགས་ཐོབ་པར་ཤོག། དག་གི་སྒྲུབ་ཐབས་བླ་མེད་འདི། །ལེགས་པར་འགྲོ་བ་བཟང་བོས་བྱས། །དེས་ནི་ངག་གི་སྒྲུབ་བྱས་ན། །དག་ནི་དབང་ཕྱུག་ཉིད་དུ་བརྗོད། །དག་གི་སྒྲུབ་ཐབས་སོ། །ངག་སྒྲུབ ་པའི་པཎྜི་ཏ་ཆེན་པོ་ཤཱཀྱ་རཀྵི་ཏ་ལ་སོགས་བའི་ཞལ་སྔ་ནས་ལེགས་པར་མཉན་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དོགས་པ་དང་བྲལ་བར་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཱ་གཱི་སཱ་དྷ་ནཾ། ་