| Wylie | e-texts based on the ACIP/ALL Input |
ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། བཛྲ་ནཾ་ག་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས། སྡིག་པ་བཤགས་པ་ལ་སོགས་སྔར་བཞིན་དུ་བྱས་ལ ་སྟོང་པ་ཉིད་བསྒོམ་པའི་རྗེས་སུ་ཡི་གེ་ཧཾ་ལས་བྱུང་པའི་མདའ་སྟོང་པ་དང་ལྡན་པའི་ཡི་གེ་ཧཾ་ཆང་ཟུངས་ཀྱི་དཀྱིལ་ན་གནས་པར་བསྒོམ་པར་བྱའོ། །དེ་དག་ཡོངས་སུ་གྱུར་བ་ལས་ནི་རྡོ་རྗེ་ལུས་མེད་ཅེས་བྱ་པའི་འཇམ་པའི་དབྱངས་ཏེ། མདོག་སེར་པོ ་ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་ནི་ཨུཏཔ་ལ་དམར་པོ་ལས་བྱས་པའི་རྣ་བའི་རྩར་ཁངས་པར་འགེངས་པའི་གཞུ་མངའ་དང་བཅས་ནས་བསྣམས་པའོ། །གཡས་པ་གཉིས་ཀྱིས་ནི་རལ་གྲི་དང་མེ་ལོང་བསྣམས་པའོ། །གཡོན་པ ་གཉིས་ཀྱིས་ནི་ཨུཏཔ་ལའི་མཆོག་དང་མེ་ཏོག་འདབ་མ་དང་ལྡན་པའི་མྱ་ངན་མེད་དམར་པོ་བསྣམས་པའོ། །རལ་པ་དང་ལྡན་པའི་ཅོད་པན་ལ་མི་བསྐྱོད་བ་བྱིན་གྱིས་བརླབས་པའོ། །ཞབས་གཡས་བསྐུམ་པ། ལོ་བཅུ་དྲུག་པའི་ཆོད་ཀ ་འཇོ་སྒེག་ཆེན?་པོ་དང་ལྡན་པའི་སྐུར་བལྟ་བར་བྱའོ། །ཡང་ན་མེ་ལོང་དང་མྱ་ངན་མེད་ཀྱི་ཡལ་ག་བསྣམས་པའི་ཕྱག་གཉིས་དང་བྲལ་པའི་ཕྱག་བཞི་པ་བསྒོམ་བར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ལ། ཨོཾ་མཉྫུ་གྷོ་ཥ ་ཥྲཱི་ཛ:བྱ་བའི་སྔགས་འདིས་བཟླས་པར་བྱ་སྟེ། འབུམ་གྱིས་ས་གསུམ་ན་གནས་པ་ཡང་ཅི་བགྱི་བ་ཉིད་དུ་བྱེད་དོ། །གལ་ཏེ་ཡང་འགའ་ཞིག་དགུག་པར་འདོད་ན་དེའི་ཚེ་བཟླས་མ་ཐག་ཏུ་བཤད་པའི་བསྒོམ་པ་བྱས་ལ། དེའི་ང་རྒྱལ ་གྱིས་བརྟན་པར་གྱུར་པའི་ཡིད་ཀྱིས་རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་ལྟེ་བར་ཡུ་བ་བབས་པ་དང་བཅས་ཤིང་ཙ་བ་དང་ལྡན་པ་དམིགས་པར་བྱ་བའོ། །དེའི་ཡང་ཡུ་བའི་རྩ་བ་ལ་ཡི་གེ་ཧཱུཾ་དམར་པོ ་བལྟས་ལ། ངའི་འདབ་མ་རྣམས་ལ་ནི་གཡས་སྐོར་དུ་དབྱངས་ཡིག་དམར་པོ་བཅུ་དྲུག་རྣམ་པར་བསྒོམ་པར་བྱའོ། །དེའི་ཟེ་འབྲུའི་སྟེང་དུ་ནི་ཇི་ལྟར་རིགས་པར་ཉི་མ་ཟླ་བ་འདི་དག་གི་དཀྱིལ་འཁོར་ཁ་དོག་དམར་པོ་སྟེ། དེ་དག་གི ་དབུས་སུ་ཧྲཱི:དམར་པོ་གཉིས་ཀྱི་སྙིང་པོར་བྱས་པའི་འཆད་པར་འགྱུར་བའི་རང་གི་སྔགས་བལྟ་བར་བྱའོ། །དེ་ནས་དབུགས་དེ་དག་ལས་ཤིན་ཏུ་དགའ་ཞིང་རྒྱས་པའི་བུང་བ་དམར་པོ་རྣམས་རྣམ་བར་བསྒོམས་ལ། རང་གི་སྔཌ ་ལས་སྤྲོ་བ་དང་བསྡུ་བའི་ཚོགས་ཀྱིས་ཕྱོགས་བཅུ་དགང་བར་བྱ་ཞིང་ཇི་སྲིད་དུ་འཇིགས་པར་བྱ་བའི་བུད་མེད་ཀྱི་གནས་སུ་སོང་ལ། དེ་རླུང་གི་དཀྱིལ་འཁོར་ཀྱི་སྟེང་དུ་སྐྱོན་ལ་འོད་ཟེར་གྱི་རང་བཞིན་ཉིད་ཀྱི་ཞགས་པས་སྐྱེ་ལ་ལེགས་པར་བཅིངས ་ཤིང་ཆས་འབྱུང་ལྕགས་ཀྱུས་དམ་པར་ཐིག་སྟེ། མདུན་དུ་ཐལ་མོ་སྦྱར་བར་བྱས་ལས་ཡང་དག་པར་དགུག་པར་བྱ་ཞིང། མེའི་ཟོ་ཆུན་གྱི་དབུས་སུ་ཕྱུང་ལ་ཡི་གེ་ཧཱུཾ་དམར་པོས་ཁྱབ་པར་བྱས་པའི་མིག་དང་སྙིང་དང་ཡན་ལག ་རྣམས་ཐམས་ཅད་རྣམ་པར་བསྒོམ་པར་བྱ་བའོ། །དེ་ནས་ཡང་དེའི་སྙིང་གར་དབྱངས་ཡིག་བཅུ་དྲུག་དང་བཅས་ཤིང་ཡི་གེ་ཧཱུཾ་དང་ལྡན་པའི་ཡུ་བ་ཅན་འདབ་མ་བཅུ་དྲུག་པ་བལྟ་བར་བྱ་སྟེ། འོན་ཀྱང་མདོག་ངན་པར་རོ། །དེའི ་དཀྱིལ་དུ་ཡི་གེ་ཧྲཱི:ཱི་དབུས་སུ་ཆུད་པའི་མིང་གི་ཡི་གེ་བསྒོམ་པར་བྱའོ། །དེ་ནས་རང་གི་སྔགས་ཀྱི་ཡི་གེ་སྤྲོས་པའི་གཟི་བརྗིད་ཀྱིས་ཤིན་ཏུ་དམར་ཞིང་རྣོ་ལ་ཕྲ་བའི་ལྕགས་ཀྱུ་པདྨའི་ཡུ་བ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས ་སྟེང་དུ་བསྐྱོད་ནས་འཕེན་པར་བྱེད་པ་བུད་པའི་ཚོགས་ཀྱི་ས་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་པས་རང་ཉིད་ཀྱི་སྣ་བུག་གཡས་པ་དང་ཅིག་ཤོས་ཀྱི་བུ་ག་ནས་ངེས་པར་བྱུང་ནས་བསྒྲུབ་བྱ་མ་ཡིན་པ་བསྒྲུབ་བྱའི་སྣ་བུག་གི་བུ་ག་ནས་དེའི་སྙིང་ལ་རབ ་ཏུ་ཞུགས་ཏེ། ལྕགས་ཀྱུ་དེ་ནི་དེའི་མིང་གི་ཡི་གེ་ཀུན་ནས་འདྲེན་པར་བྱེད་ཅིང་གནས་སོ། །བུང་བ་དེས་ཀྱང་པདྨའི་རྫིང་བུ་དེ་རྩ་བ་ནས་བཤིག་ཅིང་རྙིངས་པར་བྱས་ནས་རང་དབང་དུ་གྱུར་པས་བཅུད་སྐེམས་པར་བྱེད་པ་ཡིན་ནོ། །འདི་ནི་ཡུན་ཤིན་ཏུ ་བརྟན་པར་བལྟ་བར་བྱ་བའོ། །དེ་ནས་དེ་ཁོ་ན་བཞིན་དུ་དབུགས་དེས་བསྐྱོད་པའི་ལྕགས་ཀྱུ་དང་བུང་བ་དེ་དག་ཀྱང་རང་ཉིད་ཀྱི་དབུགས་ཀྱིས་དེའི་སྣ་བུག་གཡས་པའི་བུ་གའི་ལམ་དུ་ཞུགས་པར་བལྟས་ལ། སླར་ཡང་དབུགས་ཀྱི་རླུང་གི ་དགུག་པར་བྱ་ཞིང་ལྕགས་ཀྱུ་དང་བུད་བས་ཡང་དག་པར་དྲངས་ལ་རང་ཉིད་ཀྱི་སྣ་བུག་གཡོན་པར་ལེགས་པར་བཅུག་སྟེ། དེའི་མིང་གི་ཡི་གེ་རང་གི་སྙིང་གི་སྔགས་ཀྱི་དམ་པར་མནན་ཞིང། དེའི་དབྱངས་ཡིག་རྣམས་ཀྱང་བཏབ་ལ ་སོ་སོ་ལ་བུང་བའི་མཆོག་རྣམས་ཀྱིས་དབང་དུ་བྱས་པར་རྣམ་པར་བསམ་པར་བྱ་བའོ། །རིམ་པ་འདི་ཉིད་ཀྱིས་རང་གི་རྣམ་པར་ཤེས་པ་དང། དེའི་རྣམ་པར་ཤེས་པ་གཅིག་ཏུ་བྱས་པར་ཡང་བལྟ་བའོ། །དེ་ནས་དེའི་ནུ་མ ་ཨུཏཔ་ལ་དམར་པོ་ལས་བྱས་པའི་མངའ་རྣོན་པོས་ཕུག་ཅིང་ཆགས་པས་རྒྱལ་བར་གྱུར་པར་ཡང་བལྟས་ཤིང། ལྕགས་ཀྱི་ལུ་གུ་རྒྱུད་ཀྱི་གཞུས་དེའི་རྐང་པ་གཉིས་དམ་པོར་བཅིངས་ལ། རང་ཉིད་ཀྱིས་བཟུང་བའི་ཨུཏཔ་ལའི་རྩ་བའི ་བདག་ཉིད་ཀྱི་ཞགས་པས་རྐེ་བ་བཅིངས་ཤིང་ངེས་པར་དྲངས་ཏེ། རང་ཉིད་ཀྱི་རྐང་པའི་དྲུང་དུ་བསྒྱེལ་ལ་མྱ་ངན་མེད་ཀྱིས་སྙིང་བཙོགས་པར་བྱ་ཞིང་མངོན་པའི་ང་རྒྱལ་མེད་པར་བྱས་ནས་རལ་གྲིས་བསྡིགས་ཤིང་སྐྱབ་གཞན་མེད ་པར་བྱས་ལ། ཡང་སྐྲ་ཞིག་ཅིང་གོས་མེད་པ་ཤིན་ཏུ་ཆགས་པས་བརྒྱལ་བ་དག་ཉིད་ཀྱིས་གནས་སྐབས་ནི་མེ་ལོང་གིས་སོ། །ཤིན་ཏུ་འཇིགས་པར་གྱུར་པར་བྲལ་བར་བྱས་ལ་ཤིན་ཏུ་དད་བར་བསྟན་ཏེ། རང ་གིས་རིགས་པར་བདག་ཉིད་རྗེས་སུ་ཆགས་པར་བྱའོ། །ོཾ་ཆེ་གེ་མོ་ཁུག་ཅིག་མཉྫུ་གྷོ་ཥ་ཤྲཱི་ཛཱ(རྒྱུད་འགྲེལ་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་དུ་བཅུ་བཞིའི་བར་ཁྲི་ཕྲག་ཙམ་བཟླས་པར་བྱའོ། །ཡང་ཟླ་བའི་ཉ་ལ་ནི་མཆོད་པ་ཆེན་པོ་བྱས་ལ་ནམ་ཡོ་ག་བཟླས་པར་བྱའོ། །དེ་ནས་ནམ་མཁའ་བྱུང་བ་དང་དེ་ངེས་པར་འོང་བར ་འགྱུར་རོ། །འོངས་ནས་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པ་དོན་དུ་གཉེར་བ་དང་རང་ཉིད་ཀྱི་ལྷ་མཆོད་པའི་བསམ་པས་དེ་ཇི་ལྟར་བདེ་པར་ཉེ་བར་ལོངས་སྤྱད་པར་བྱ་བའོ། །འཇམ་དཔལ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས་རྫོགས་སོ།། ་ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཱ་གི་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། ངག་གི་དབང་ཕྱུག་གི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་བསྒོམས་པའི ་