| Wylie | e-texts based on the ACIP/ALL Input |
སློང?་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །*། །རྒྱ་གར་སྐད་དུ། ཨ་མ་ན་ཡཻ་བི་ཥེ(རྒྱུད་འགྲེལ་དབུགས་འབྱུང་སོགས་ལས་ཡེ་ཤེས་སེམས་དཔའ་ནི། །ས་བོན་ལས་དྲངས་ལེགས་པར་བསྡུ་བར་བྱ། །ས་བོན་ལས་སྤྲོ་འོད་ནི་ཀུན་བསྡུས་ལ། །ཡེ་ཤེས་སེམས་དཔའ་ལ་སོགས་ངལ་བསོ་ཞིང། །དབྱུང་དང་རྔུབ?་པ་དག་ནི་རིམ་པ ་བཞིན། །དབུགས་གནས་བློ་ནི་བརྟན་པ་ཉིད་བྱས་ཏེ། །ཟླ་བའི་གཟུགས་ཀྱི་སྟེང་གནས་རལ་གྲི་ཟླ་བ་ས་བོན་མཆོག་ལྡན་པ། །རིམ་གྱིས་རྟོགས་པ་ཡོངས་སུ་འབྲེལ་གྱུར་ཞུ་པའི་བདག་ཉིད་བདག་རིག་ཅིང། །རྡོ་རྗེས་ལ་ཡང་བློ ་གྲོས་ཕུང་པ་འཇམ་དཔའ་ཨི་དབྱངས་སོགས་གཟུགས་ཡིན་ནོ། །བློ་དམན་ལ་ནི་འཁོར་ལོས་བསྒྱུར་སོགས་ཐར་བ་རབ་ཏུ་སྦྱིན་པའང་ཡིན། །ཟླ་བ་ས་བོན་རལ་གྲིའི་ཆང་གཟུངས་དེར། །ཟླ་བའི་ས་བོན་ངེས་པར་འོང་འཕྲོ་བའི། །འོད་ཀྱིས་བྱས་པའི ་སྤྲོ་དང་བསྡུ་བར་ནི། །ལྷ་ལྔ་པོ་རྣམས་བསམ་པར་བྱ་བ་ཡིན། །ལྷ་ལྔའི་ཁྱད་པར་གྱི་གདམས་ངག་ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲ་ནཾ་ཀ་སཱ་དྷ་ནཾ། བོད་སྐད་དུ ་