| Wylie | e-texts based on the ACIP/ALL Input |
འཇམ་དབྱངས་བདེ་བ་དམ་པར་གཅིག་ཏུ་ངེས་གྱུར་ཅིག། །སྤྲོས་པ་མེད་པའི་སྒྲུབས་ཐབས་ཨ་བྷ་ཡའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་?་ན། ་བོད་སྐད་དུ། སྤྲོས་པ་མེད་པའི་སྒྲུབ་ཐབས། དང་པོར་རེ་ཞིག་སྔགས་པས་ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་བདེ་བའི་སྟན་ལ་ཉེ་བར་གནས་ཏེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ལས་ཀུན་ནས་བྱུང་བའི་ཟླ་བ་ལ་བཞི་པའི་བཞི་པ་ནི་ས ་བོན་ཏེ་དྷཱི(རྒྱུད་འགྲེལ་རྣམས་འཆང་པར་འགྱུར་པའི་རིམ་པས་བསྒོམ་པར་བྱ་བའོ། །བྱམས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ཉིད་དུ་བྱམས་པའོ། །སྙིང་རྗེ་གང་ཞེ་ན། སྡུག་བསྔལ་རྣམ་པ་གསུམ་གྱིས་སྡུག་བསྔལ་བར་གྱུར་པའི ་སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་འདོད་པ་ཉིད་དོ། །དགའ་བ་གང་ཞེ་ན། བསྐྱེད་པའི་དགེ་བའི་རྩ་བ་རྣམས་གཞན་གྱི་ལོངས་སྤྱོད་དང་དབང་ཕྱུག་ལ་སོགས་པར་སེམས་དགའ་བ་ཉིད་དོ། །བཏང་སྙོམས་གང་ཞེ་ན། ཐམས ་ཅད་ལ་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པ་དང་བྲལ་བས་གཞན་ལ་ཕན་པའི་ཆོས་ཉིད་ལ་དང་གིས་ཞུགས་པར་གྱུར་པས་ལེགས་པར་འཇུག་པ་ཞེས་བྱ་བའོ། །ཚངས་པའི་གནས་བཞི་བསྒོམས་པའི་རྗེས་ཐོགས་ལ་སྙིང་གའི་ས་བོན་གྱི་འོད་ཟེར ་ཉིད་ལས་ཀུན་ནས་བྱོན་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་ཕྱོགས་མཛའ་དག་ཁྱབ་པ་རྣམས་ཀྱིས། སྤྲོ་བ་དང་སྡུ་བའི་ཚུལ་གྱིས་འགྲོ་བའི་དོན་གྱི་བྱ་བ་མཛད་པ་ལ་གཅིག་ཏུ་གཞོལ་བར་གྱུར་པར་བལྟས་ལ། རང ་གི་སྙིང་གའི་ས་བོན་གྱི་འོད་ཟེར་ཉིད་ལས་ལྷ་རྫས་ཀྱི་དྲི་དང་མེ་ཏོག་གི་བྱེ་བྲག་ལ་སོགས་པ་རྣམས་ངེས་པར་སྤྲོས་ཏེ། མཎྜལ་གྱི་བྱ་བ་སྔོན་དུ་བཏང་བའི་ཐལ་མོ་སྦྱར་བས་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞགས་བད?་ལ ་སྤྱི་བོ་ལེགས་པར་གཙུགས་པའི་ཡན་ལག་ལྔས་ཕྱག་བཙལ་བར་བྱ་བའོ། །འོད་ཟེར་དེ་དག་ཉིད་ལས་ངེས་པར་བྱུང་བའི་མེ་ཏོག་དང་བདུག་སྤོས་དང་མ་རེ་མོ་དང་ཕྱེ་མ་དང་དྲི་དང་ན་བཟའ་དང། རྒྱལ་མཚན་དང་དྲིལ་བུ་དང་པ་ངན་ལ ་སོགས་པའི་ཕྱི་དང་ནང་གི་མཆོད་པ་ལ་སོགས་པ་རྣམས་ཀྱིས་ལེགས་པར་མཆོད་པར་བྱ་བས་མཆོད་པར་བྱ་བའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ལུས་དང ་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་རྒྱལ་རྣམས་སྤྱན་སྔར་བཤགས་ཞེས་བྱ་བ་ནི་སྡིག་པ་བཤགས་པའོ། །དེ་བཞིན་གཤེགས་པ་བ་རྣམS་ཐམས་ཅད་ཀྱི་བསོད་ནམས ་གང་ཡིན་པ་དང་གཞན་དག་ཀྱང་རྫོགས་པའི་བྱང་ཆུབ་ལ་ཀུན་ནས་ལེགས་པར་བརྟེན་པ་རྣམས་དང་རང་སངས་རྒྱས་དང་དམ་པའི་སྐྱེ་བོ་རྣམས་ཀྱི་ཡང་རུང་སྟེ། །བསོད་ནམས་དེ་དག་རྣམས་ཐམས་ཅད་ལ་བདག་རྗེས་སུ་ཡི ་རང་བར་བགྱིད་དོ། །ཞེས་བྱ་བ་ནི་བསོད་ནམས་ལ་རྗེས་སུ་ཡི་རང་བའོ། །ཐུགས་རྗེའི་ཡོན་ཏན་ཚོགས་ཀྱིས་མཛའ་ཡས་ཕྱོགས་རྣམས་ཁྱབ། །དུས་གསུམ་ཀུན་ཏུ་གཤེགས་པའི་སངས་རྒྱས་མ་ལུས་དང། །མཆོག་ཏུ་སྐྱོན་བྲལ ་འཕགས་པའི་ཚོགས་དང་དམ་ཆོས་ལ། །མི་ཕྱེད་དང་པས་བདག་ནི་ལེགས་པར་སྐྱབས་སུ་མཆི་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བའོ། །ཚངས་དབང་དང་ནི་དྲག་སོགས་ལ་ཡང་ཆེས་དཀོན་པའི། །ཡོངས་དག་རྒྱལ་བ་རྣམས་ཀྱི་ལམ ་ལ་གནས་པར་བགྱི། །བདག་ལ་འདིར་བྱུང་བ་ཡི་བསོད་ནམས་ཚོགས་རྣམས་ཀྱིས། །བྱང་ཆུབ་སེམས་རབ་བདག་གིས་འདིར་ནི་བསྐྱེད་པར་བགྱི། །ཞེས་བྱ་བ་ནི་རྒྱལ་བའི་ལམ་ལ་གནས་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཉིས་སོ ་དེ་ལྟར་བླ་ན་མེད་པའི་མཆད་པ་རྣམ་པ་བདུན་བྱས་པའི་གཏིང་ལ། །བླ་མའི་གསུང་གིས་ཕྱི་དང་ནང་དུ་བྱས་པ་རྣམས་སྟོང་པ་ཉིད་དུ་རྣཾ་པར་བསྒོམ་མོ། །དེ་ནས་དེ་བརྟན་པར་བྱ་བའི་དོན་དུ། །ོཾ་རང་བཞིན་གྱིས་རྣཾ་དག་པས། །ཆོས་ཀུན་དང་བཞིན་རྣམ་དག ་བདག་ཅེས་བྱ་བའི་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད?་པར་བྱ་བའོ། །དེའི་རྗེས་ལ་རང་གི་སེམས་ཀྱི་སྣང་བ་ཙམ་འབའ་ཞིག་པ་དང་ཞིང་ཐོགས་པ་མེད་པའི་ངོ་བོར་གྱུར་པའི་དབྱངས་ཡིག་དང་པོ་ལས་བྱུང་བཟླ་བའི་དཀྱིལ་འཁོར ་གྱི་རྣམས་རང་གི་སེམས་རྣམ་པར་བསམ་པར་བྱ་བའོ། །དེའི་སྟེང་དུ་ནི་སྔར་བཤད་པའི་ས་བོན་ནོ། །ས་བོན་དང་ཟླ་བ་དེ་དག་ཡོངས་སུ་གྱུར་ནས་འོད་འཕྲོ་བའི་རང་བཞིན་གྱི་རལ་གྲིའོ། །དེ་ནས་སྔར་བརྗོད་པའི་ས་བོན་ཟླ་བའི་སྟེང ་ན་གནས་པ་ཆང་ཟུངས་ཀྱི་དཀྱིལ་འཁོར་དུའོ། །རལ་གྲི་དང་ས་བོན་དེ་དག་ཡོངས་སུ་གྱུར་པ་ལས་འཇམ་པའི་དབྱངས་ཏེ། སྟོན་ཀའི་ཟླ་བའི་འོད་དང་མཚུངས་པ་ཕྱོགས་བཅུའི་འཇིག་རྟེན་སྣང་བ་མཛད་པའི་འོད་དང་ལྡན་པ། ཕྱག་གཉིས་པ་གཞོན ་ནུའི་གཟུགས་ཅན། ཕྱག་གཡས་ན་རྨོངས་པ་མ་ལུས་པར་རྩད་ནས་གཅོད་པར་མཛད་པ་ལ་གཅིག་ཏུ་གཞོལ་བའི་ཤེས་རབ་ཀྱི་རལ་གྲི་བསྣམས་པའོ། །ཕྱག་གཡོན་པ་ན་ཐབས་སུ་གྱུར་པའི་རིག་པའི་བསྟན་བཅོས་མཛའ་དག་གིས ་ཡོངས་སུ་རྫོགས་པའི་པོ་ཏི་ཅིག་བསྣམས་པའོ། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་ཅིང་ན་བཟའ་དམར་པོ་བསྣབས་པ་བསམ་གཏན་གྱིས་གཙིག་ཏུ་ངེས་པར་ཞལ་པདྨ་དང་འདྲ་བར་རྒྱས་ཤིང་སྤྱན་པདྨ་དམར་པོ་དང་མཚུངས་པར ་སྐྱེས་བུ་ཆེན་པོའི་མཚན་རྣམས་རྫོགས་པ་ལ་ནོར་བུ་ཨིནྡྲ་ནཱི་ལའི་ཁ་དོག་མཚུངས་པའི་ཟུར་ཕུང་ལྔ་འཁྱིལ་པ། །པདྨ་དཀར་པོ་འདབ་མ་བརྒྱུད་པ་དང་ཟླ་བ་དག་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཉེ་བར་བཞུགས་པ་སྟེ། དེ་བཞིན་གཤེགས ་པ་རྣམས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་འཇམ་དཔལ་གྱི་སྐུར་བདག་ཉིད་རྣམ་པར་བསྒོམ་པར་བྱའོ། །དེ་ལྟར་དམ་ཚིག་སེམས་པའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་པས་རང་གི་སྙིང་གར་ཡི་གེ་ཨ་ངེས?་པར་རྫོགས་པ་ལས། ་དང་པའི་འཁོར་ལོ་བརྩིབས་བརྒྱད་པ་སྤྲོ་བ་དང་བསྡུ་བའི་འོད་ཀྱི་ཚོགས་ཀྱིས་རྨོངས་པ་མ་ལུས་པ་ངེས་པར་འཇིག་པར་བྱང་ཅིང་གཡས་ཕྱོགས་སུ་འཁོར་བའི?་རིམ་གྱིས་མྱུར་དུ་འཁོར་བར་བལྟ་བར་བྱ་བའོ། །དེའི་སྟེང་དུ་ནམ་མཁའ་ལ ་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བོའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ལྔ་རིམ་པ་ཇི་ལྟ་བ་བཞིན་དུ་ལྟེ་བར་གྱུར་པས་མེ་དང་མཚུངས་པ་འོད་ཟེར་དང་བཅས་པས་རྨོངས་པ་མཛའ་དག་དབྱིས་འབྱིན་པར་བྱེད་པ་བླ་མའི ་གདམས་ངག་ལས་ཁྱད་པར་དུ་བསྒོམ་པར་བྱ་བའོ། །ལྷའི་སྐུར་བསྐྱེད་ལ་སྐྱོ་བ་མེད་པའི་སྔགས་པས་སྤྲོ་བ་ལ་སོགས་པ་ལྟ་བར་བྱས་ལ་བཟླས་པ་བྱ་བའོ། །ཡང་ན་སྙིང་གའི་ཟླ་བའི་དབུས་སུ་ཤིན་ཏུ་དང་བའི་ཡི་གེ ་ཨ་ལས་གྲུབ་པའི་ཨ་ར་པ་ཙ་ན་ཞེས་བྱ་བར་གྲགས་པའི་དཀར་པོ་རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ་བསམ་གཏན་ལ་གཅིག་ཏུ་ངེས་པར་དགྱེས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ལེགས་པར་བཞུགས་པ་སྟེ། ཕྱག་གཡས་པ་དང་གཡོན་པ་དག ་གིས་རལ་གྲི་དང་གླེགས་བམ་བསྣམས་པ། །མཛའ་དག་ཀྱང་ཨིནྡྲ་ནཱི་ལ་འཁྱིལ་པའི་ཟུར་ཕུད་ལྔ་དང་ལྡན་པ་བཞིན་ཟླ་བ་རྒྱས་པ་དང་མཚུངས་པ། གསུང་གི་མཆོག་མངའ་བ། རང་གི་ས་བོན་ཟླ་བ་ལ་གནས་པ་སྙིང་གར་རྣམ་པར ་བསྒོམ་པར་བྱའོ། །དེའི་མདུན་དུ་ཡི་གེར་དཀར་པོ་ལས་ངེས་པར་བྱུང་བའི་དྲ་བའི་འང་དེ། །རང་གི་སྙིང་གའི་ཟླ་བ་ལ་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པར་བལྟ་བར་བྱ་བའོ། །དེའི་རྗེས་ལ་རྒྱབ་ཏུ་ཡི་གེ་པ་དཀར་པོ་རྫོགས་པ་ལས་ཟླ ་པའི་འོད་དེ། རང་གི་སྙིང་གའི་ཟླ་བ་ལ་ས་བོན་དང་ལྡན་པར་ལེགས་པར་བལྟ་བར་བྱ་བའོ། །དེ་ནས་གཡས་སུ་དང་བའི་ཡི་གེ་ཙ་རྫོགས་པ་ལས། དཀར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནུ་མ་གཉིས་རྒྱས་པའི་སྐྲ་ཅན་མ་སྟེ། རང་གི་སྙིང་གའི ་ཟླ་བ་ལས་ཕོ་ན་དང་ལྡན་པ་རྒྱམ་པར་བསམ་མོ། །དེ་བཞིན་དུ་ཡི་གེ་ན་དཀར་པོ་ལས་གྲུབ་པའི་ཉེ་བའི་སྐྲ་ཅན་མ་ཡང། །རང་གི་སྙིང་གའི་ཟླ་བ་ལ་ས་བོན་དང་ཀུན་ནས་ལྡན་པར་རྣམ་པར་བསྒོམས་ལ། །ཐམས་ཅད་ཀྱང་ཨ་ར་བ་ཙ་ན་དང ་ཆ་འདྲ?་བར་རྣམ་པར་བསམ་མོ། །འདིར་ལྷའི་ཚོགས་རྣམས་ཀྱི་སྙིང་གའི་ས་བོན་གྱིས་འོད་ཀྱིས་དགའ་བ་དང་སྤྲོ་བ་དང་བསྡུ་བས་སྐྱེ་དགུ་རྣམས་ཀྱི་རྨོངས་པའི་ཕུང་པོ་རྩ་བ་ནས་གཅད་ཅིང་བཟོ་དང་རིག་པའི་གནས་ཀྱི་བཅོས་སུ་གྱུར་པ ་མཛའ་དག་གིས་ཆོས་ཀྱི་བདུང་རྩིས་སེམས་ཅན་ཐམས་ཅད་ཚིམ་པར་?་ཙམ་ལ་བྱེད་པ་བདག་ཉིད་གཙང་ལ་ཐོག་རྡུགས་དང་བྲལ་བའི་ལུས་ཀྱིས་བསྒོམ་པར་བྱ་ཞིང། བླ་མའི་གདམས་ངག་ལས་མཉམ་པར་བཞག་པའི་སྔགས་པས་བཟླས་པ ་ཡང་བྱ་སྟེ། རབ་སྔགས་དང་པོར་རོ་ས་བོན་གྱི་ཡི་གེ་ལྔ་ནི་བར་དུའོ། །དམ་ཚིག་སེམས་དཔའ་ཨི་ས་བོན་མཐར་བྱས་པ་ནི་སྔགས་སོ། །གང་གི་ཚེ་ལངས་པར་འདོད་པའི་བསམ་པ་བྱུང་བའི་ཚེ་རང་གི་སྔགས་བླ་མའི་གདམས་ངག་གིས་བརྗོད་ལ། ཡི ་གེ་བརྒྱ་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཌི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་གསུ?་པ་ཥྱོ་མེ་བྷ་ག་ཨ་ནུ་ར་ཀ་ཏོ་མེ་བྷ་ག་སརྦབ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨམ་སུ་ཙ་མེ་།ཙིཏྟ་ཤྲེ་ཡ:ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན?། ་སརྦབ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨ(རྒྱུད་འགྲེལ་པར་བཞག་པའི་རྣལ་འབྱོར་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ནས་དུས་རིང་པོར་མི་ཐོགས་པ་ཉིད་ན་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་བ་ཡིན་ནོ། །གྲོལ་བའི་ཚིག་གིས་གསལ་བ་འདིར། །རྫུབ?་ཐབས་སྣང ་བ་ལེགས་བྲིས་ལ། །གང་བྱུང་པད?་འབྱུང་བསོད་ནམས་རྒྱུན། །དེས་ནི་སྲིད་པ་ལས་གྲོལ་ཤོག། ཚིག་ལྟུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སོ། །མཁས་པ་ཆེན་པོ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ་