| Wylie | e-texts based on the ACIP/ALL Input |
མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧ་རི་ཧ་རི་ཧ་རི་བཱ་ཧ་ན་སཱ་དྷ་ནི། བོད་སྐད་དུ། སེངྒེ་དང་བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པའི་གྲུབ་ཐབས། དང་པོར་རེ་ཞིག་སྔགས་པས་བདེ་བའི་སྟན་ལ་གནས་ཏེ།། ་འགྲོ་བ་གདོན་པར་འདོད་པའི་བསམ་པས་སྡིག་པ་བཤགས་པ་ལ་སོགས་པའི་བླ་ན་མེད་པའི་མཆོད་པ་རྣམ་པར་བདུན་སལ། ཡི་གེ་ཡཾ་རྫོགས་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་འདྲ་བ་བ་དན་སྔོན་པོས་མཚོན་པའོ། །དེའི ་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ཁ་དོག་དམར་པོ་གྲུ་གསུམ་ན་རཾ་དམར་པོས་མཚན་པའོ། །དེའི་སྟེང་དུ་ཡིག་རྫོགས་པ་ལས་ཆུའི་དཀྱིལ་འཁོར་ཁ་དོག་དཀར་པོ་བུམ་པ་དཀར་པོས་དབུས་ན་མཚན་པའོ། །དེའི་སྟེང་དུ་ཡི་གེ ་ལ་ལས་ལེགས་པར་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་རྡོ་རྗེ་རྩེ་གསུམ་པ་སེར་པོས་གྲུ་བཞིན་མཛེས་པར་བྱས་པའོ། །དེའི་སྟེང་དུ་སུཾ་ཡིག་རྫོགས་པས་རིན་པོ་ཆེད་དུན་གྱིས་རང་བཞིན་ཅིག་བརྒྱད་དང་ལྡན་པའི ་རི་རབ་ལྷུན་པོའོ། །དེའི་སྟེང་དུ་ཡི་གེ་པཾ་ཡོངས་སུ་གྱུར་པ་ལས་འདབ་མ་སྣ་ཚོགས་པའི་པདྨའོ། །དེའི་སྟེང་དུ་བདག་ཉིད་བསམས་ལ། ཨོཾ་ཧྲཱི:ཧཱུཾ་རྣམས་རིམ་པ་བཞིན་དུ་མགོ་བོ་དང་མགྲིན་པ་དང་སྙིང་གར་རྣམ་པར་བཀོད་དེ། བདག་ཉིད་ཀྱི་ཐོག་མ ་མེད་པའི་དུས་ནས་བསགས་པའི་ལམ་གྱི་སྒྲིབ་པར་རྣམ་པར་ཇིག་པར་བྱེད་པའི་སེངྒེ་དང། བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་གི་སྐུ་གསེར་བཟང་པོའི་མདོག་འོད་ཟེར་འབར་བས་འཁྲིགས་པ་གཞོན་ནུའི ་གཟུགས་སུ་སྔགས་པས་རྣམ་པར་བསམས་པར་བྱ་བའོ། །ཕྱི་ནས་རང་གི་སྙིང་གར་བསོད་ནམས་དང་ཡེ་ཤེས་རྣམ་པར་དག་པ་ཟླ་བའི་དཀྱིལ་འཁོར་དང་ཉི་མའི་དཀྱིལ་འཁོར་རོ། །དེ་ལས་ཡི་གེ་ཧྲཱི(རྒྱུད་འགྲེལ་འཆད་པར་འགྱུར་བའི་གཟུགས་ཀྱི་ཡེ་ཤེས་སེམས་དཔའ་སྤྱན་དྲང་ཞིང་སྔར་བཤད་པའི་མཆོད་པ་རྣམས་ཀྱིས་ལེགས་པར་མཆོད་ལ། ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་གཉིས་གཅིག་ཏུ་བྱས་པ་ལས། བཅོམ་ལྡན ་འདས་སེངྒེ་དང་བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པ་ལས་འབྱུང་བའི་འཇིག་རྟེན་དབང་ཕྱུག་ཏུ་བདག་འདི་བརྟན་པར་སེམས་ཀྱིས་སྒོམ་པར་བྱ་སྟེ། སྐུ་མདོག་དཀར་པོ་ཕྱག་དྲུག་པ་རལ་པ་དང་དབུ་རྒྱན་དང་ལྡན་པ་ཞི་བའི་ཆ་བྱང་ཀྱི་གནས ་པ། ཕྱག་གཡས་པས་རྫོགས་པའི་སངས་རྒྱས་དཔང་དུ་མཛད་པ་གཉིས་པས་ཕྲེང་བ་འཛིན་པ། གསུམ་པས་ངན་སོང་ན་གནས་པའི་འཇིག་རྟེན་དགེ་བ་ཉེ་བར་སྟོན་པར་མཛད་དོ། །གཡོན་པས་དབྱུག་པ་བསྣམས་པ་གཉིས་པས་རི ་དགས་ཀྲིཥྞི་ཕགས་བ་བསྣམས་པ། གསུམ་པས་རིལ་པ་སྤྱི་བླུགས་བསྣམས་པའི་བཅོམ་ལྡན་འདས་རྣམ་པར་བསམས་པར་བྱའོ། །དེ་ལ་རྣམ་པར་དག་པ་ནི་རླུང་དང་མེའི་དཀྱིལ་འཁོར་གཉིས་ཀྱིས་ནི་སེངྒེའོ། །ཆུའི་དཀྱིལ་འཁོར་གྱིས་ ་ནི་ཏྱཱ་ཁྱུང་ངོ། །སའི་དཀྱིལ་འཁོར་དང་རི་རབ་ལྷུན་པོ་གཉིས་ཀྱིས་ནི་ཁྱབ་འཇུག་གོ། ཞེས་བྱ་བ་ནི་རྣམ་པར་དག་པའོ། །རྟག་ཏུ་བསྒོམ་པར་བྱེད་པའི་རྣལ་འབྱོར་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ནུས་པ་དང་ལྡན ་པར་འགྱུར་རོ། །སྐྱེ་བོ་རྣམས་ཐམས་ཅད་དགའ་བར་འགྱུར་རོ། །ཤེས་རབ་ཆེན་པོ་དང་ལྡན་པར་འགྱུར། །ནད་མེད་པ་དང་ཉེ་བར་འཚེ་བ་དང་བྲལ་ཞིང་ནོར་གྱིས་ཕྱུག་པར་ཡང་འགྱུར་རོ། །དབང་དུ་བྱ་བ་དང་དུག་སེལ་བའི་ལས་ལ་སྟོབས་ཆེན ་པོ་དང་ལྡན་པར་འགྱུར་རོ། །ཟླས་པའི་སྔགས་ནི་བླ་མའི་གདམས་ངག་ལས་ཤེས་པར་བྱའོ། །སེང་གེ་བྱ་ཁྱུང་ཁྱབ་འཇུག་ལ་བཞུགས་པ་ལས་འབྱུང་བའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སོ། །མཁས་པ་ཨ་བྷ་ཡ་ལས་ཚུལ་ཁྲིམས ་རྒྱལ་མཚན་གྱིས་བསྐུར་བའོ།། །།རྒྱ་གར་སྐད་དུ། ཏྲཻ་ལོཀྱ་བར་བྱཾ་ཀ་ར་ལོ་ཀེ་ཤྭ་ར་སཱ་དྷཱ་ནཾ། བོད་སྐད་དུ། འཇི་རྟེན་གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། དང་པོར་རེ་ཞིག་ཡིད་དང་རྗེས་སུ ་