CLOSE WINDOW

N2776: pad+ma gar gyi dbang phyug gi sgrub thabs
Wyliee-texts based on the ACIP/ALL Input

ཟླ་བ་ལ་ཡི་གེ་ཧྲཱི(རྒྱུད་འགྲེལ་ཐམས་ཅད་ཀྱིས་བརྒྱན་པ་སྣང་བ་མཛའ་ཡས་དབུ་རྒྱན་དུ་བྱས་ཤིང། གཡོན་ངོས་ན་གོས་དཀར་མོས་ལེགས་པར་འཁྱུད་ཅིང་འཁྱུད་པའི་སྟངས་ཀྱིས་གནས་པའོ། །ཕྱག་གཡོན་པས་པདྨ་དམར་པོ་བསྣམས་པ། ཕྱག་གཞན ་གཡས་པ་ནི་གར་བྱེད་པའི་སྟབས་ཀྱིས་ཁབ་ཀྱི་ཕྱག་རྒྱར་ཁ་འབྱེད་པའོ། །དེ་ནས་ནི་ཨོཾ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་གྱིས་བདག་ཉིད་ནི་བ་ཡིན་ནོ་ཞེས་སྔགས་བརྗོད་པར་བྱ་བའོ།། ་དེའི་རྗེས་ལ་ཕྱོགས་བརྒྱད་དུ་ལྷ་མོ་བརྒྱད་རྣམ་པར་བསམ་པར་བྱ་བའོ། །དེ་ལ་པདྨ་དམར་པོ་འདབ་མ་བརྒྱད་པར་ཤར་གྱི་འདབ་མ་ལ་རྣམ་པར་གཟིགས་མ་པདྨ་དཀར་པོ་དང་དམར་པོ་འཛིན་པའོ། །ལྷོའི་འདབ་མ་ལ་སྒྲེལ་མ་ལྗང ་གུ་ཞིང་སྔོན་པོ་དང་པདྨ་འཛིན་པའོ། །ནུབ་ཀྱི་འདབ་མ་ལ་རྔ་མ་འཁོར་ལོ་སེར་པོ་དང། ཨུཏཔལ་སྔོན་པོ་འཛིན་པའོ། །བྱང་གི་འདབ་མ་ལ་ཁྲོ་གཉེར་ཅན། །པདྨ་སྐྱའོ་དང་སེར་པོ་འཛིན་པའོ། །ཤར་གྱི་བླའི་འདབ་མ་ལ་པདྨའི་དྲི་ལྡན ་མ་བསྐྲ?་སེར་པོ་དང་དམར་སེར་འཛིན་པའོ། །ལྷོའི་གྲཝའི་འདབ་མ་ལ་རྡོ་རྗེ་པདྨའི་དབང་ཕྱུག་མ་ནམ་མཁའ་ཨི་མདོག་དང་དཀར་པའི་པདྨ་འཛིན་པའོ། །ནུབ་ཀྱི་གྲཝའི་འདབ་མ་ལ་སྣ་སོགས་པདྨ་དཀར་པོ་དང་དམར་པོ་འཛིན་པའོ། །བྱང ་གི་གྲཝའི་འདབ་མ་ལ་སྣ་ཚོགས་རྡོ་རྗེ་མ་ཁ་དོག་སྣ་ཚོགས་པ་སྣ་ཚོགས་པདྨ་འཛིན་པའོ། །དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་སྐྱིལ་ཀྲུང་བཅས་ཤིང་ཞི་བའོ། །ལྟེ་བ་ལ་ནི་བཅོམ་ལྡན་འདས་ཉིད་དོ། །དེ་ནས ་གསངས་སྔགས་ཟླས་པར་བྱ་སྟེ། ཨོཾ་ཧྲཱི:རཏན་ནི་ད་ཧེ་ཤྭ་ར་ཧཱུཾ། པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སོ། པཎྜི་ཏ་ཆེན་པོ་རཏན་ཨ་ཀ་རའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། ་།རྒྱ་གར་སྐད་དུ། པདྨ་ནི་སྟེ་ཤྭ་ར་སཱ་དྷ་ན། བོད་སྐད་དུ། པདྨ་གར་གྱི་དབང་ཕྱུག་གི་བསྒྲུབ་ཐབས། སྔར་བསད་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་སྟེང་དུ་ཡི་གེ་ཧྲཱི(རྒྱུད་འགྲེལ་རྣམ་པར་བསམས་ཤིང། དེ་ཡོངས་སུ་གྱུར་པ་ལས་ཀྱང་པདྨ་གར་གྱི་དབང་ཕྱུག་གི་གདམས་ངག་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས། དབང་ཕྱུག་ཏུ་བདག་ཉི་བསྒོམ་པར་བྱ་བ་ནི། ཞལ་ཅིག་ཕྱག་བཅོ་བརྒྱད་སྐྱིལ་ཀྲུང་ཕྱེད་པ་སྣང་བ ་མཛའ་ཡས་དང་རལ་པའི་ཐོར་ཚུགས་དང་ལྡན་པ། ཕྱག་ཐམས་ཅད་ཀྱིས་སྣ་ཚོགས་པདྨ་བསྣམས་པ། རྣལ་འབྱོར་མིའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། །གཡས་དང་གཡོན་གྱི་ཕྱོགས་ན་སྒྲོལ་མ་དང་ནི་ནོར་བཟངས་དང་ཁྲོ་གཉེར་ཅན་དང་རྟ་མགྲིན ་གནས་པ། ལྷ་རྫས་ཀྱི་རྒྱན་དང་ན་བཟའ་མདའ་བའ་ཨོ། །དེ་ནས་སྔགས་བཟླས་པར་བྱ་བ་ཡང། ཨོཾ་ཧྲཱི:པདྨ་ནི་ར་ཏེ་ཤྭ་ར་ཧཱུཾ། ནད་ཉེ་བར་ཞི་བར་བྱེད་པའི་ཕན་ཡོན་ཆེན་པོ་དང་ལྡན་པ་སྟེ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། །། ་མཁས་པ་རཏན་ཨ་ཀ་རའི་ཞལ་སྔ་ནས་དང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །།*། །རྒྱ་གར་སྐད་དུ། ཧ་རི་ཧ་རི་ཧ་རི་བཱ་ཧ་སཱ་དྷ་ནི། བོད་སྐད་དུ། སེང་གེ་དང་བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པའི་སྒྲུབ ་ཐབས། སྔར་བརྗོད་པའི་རིམ་པ་ཉིད་ཀྱིས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། ཡི་གེ་ཧྲཱི:དཀར་པོ་ཡོངས་སུ་རྫོགས་པར་གྱུར་པ་ལས། སེངྒེ་དང་བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པ་ལས་འབྱུང་བའི་བཅོམ་ལྡན་འདས་སྤྱན་རས་གཟིགས ་