| Wylie | e-texts based on the ACIP/ALL Input |
ཧྲཱི:ཧཱ་ལཱ་ཏ་ལ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐམས་རྫོགས་སོ།། །།པཎྜི་ཏ་ཆེན་པོའི་ཞལ་སྣ་ང་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་པའོ།། །།*། །རྒྱ་གར་སྐད་དུ། ཧཱ་ལཱ་ཧ་ལ་སཱ་དྷ་ནཾ། བོད་སྐད་དུ། ་སྙིང་རྗེ་ཁྲོས་པའི་སྒྲུབ་ཐབས། བསམ་པ་ཐམས་ཅད་རྫོགས་མཛད་པའི། །སྙིང་རྗེ་ཁྲོས་ལ་གུས་པས་འདུད། །ཐུགས་རྗེའི་བདག་ཉིད་དེ་ཡི་ནི། །མདོར་བསྡུས་སྒྲུབ་ཐབས་བརྗོད་པར་བྱ། །དང་པོར་ཡིད་འོད་གནས་སུ་ནི། །ཙན་དན་སོགས་ཀྱིས་ལེགས ་བྱུགས་པ། །ཐང་ཀ་བཀྲམ་སོགས་ལ་བཞུགས་པའི། །བཅོམ་ལྡན་མཆོད་པར་བྱ་བ་ཡིན། །མེ་ཏོག་ལ་སོགས་དབུལ་བའི་སྔགས་ནི། །ོཾ་རྡོ་རྗེའི་མེ་ཏོག་ཧཱུཾ། ཨོཾ་རྡོ་རྗེའི་དུག་པ་ཧཱུཾ། ཨོཾ་རྡོ་རྗེའི་མར་མེ་ཧཱུཾ། །ཞེས་བྱ་བ་ལ་སོགས་པས་སོ།། ་ཨོཾ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་བདག་གིས་མཆོད་པའི་སྤྲིན་ཚོགས་འདིས་ཁྱབ་ནས་ནམ་མཁའ་ཨི་དབྱིངས་ཀུན་ཏུ་འཕྲོ་བར་ཧཱུཾ། མཆོད་པ་ཐམས་ཅད་དབུལ་བའི་སྔགས་སོ། །རབ་ཏུ་མཆོད་ནས་དེ་མདུན་དུ། །བདེ་བའི་སྟན་ལ ་གནས་ནས་ཀྱང། །བྱམས་པ་སྐྱེ་དགུ་རྣམས་ལ་བསྒོམ། །བརྩེ་ཆེན་གྱིས་ནི་སྙིང་རྗེ་ཡང། །སྙིང་གར་ཟླ་བའི་སྟེང་དུ་ནི། །སྔགས་ཡི་གེ་ཧཱུཾ:ནི་རྣམ་བཀོད་ལ། །སངས་རྒྱས་དང་བཅས་དེ་སྲས་རྣམས། །གསལ་བར་ནམ་མཁའ་གང་བར ་བལྟ། །ཧྲཱི:ཡི་གེའི?་ཟེར?་མཆོད་པ་ཡིས། །དེ་དག་ལེགས་མཆོད་འཁྲུལ་བྲལ་བར། །བསོད་ནམས་འཕེལ་བ་བསྒྲུབ་དོན་དུ། །དང་པོ་སྡིག་པ་བཤགས་སོགས་བྱ། །དཀོན་མཆོག་གསུམ་མདུན་ཀྱབས་སོང་ལ། །ཚེས་རྣམས་ཐམས ་ཅད་མཆོག་བདག་མེད། །གསལ་བྱེད་སྙིང་རྗེ་དྲི་མེད་པས། །སྔགས་འདི་ངེས་པར་བརྗོད་པར་བྱ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་བདག་རང་བཞིན་རྣམ་པར་དག་པའོ་ཞེས་སོ། །སྔགས་དོན་མངོན་དུ་བྱེད་པ་ན། ་གཟུང་འཛིན་ངག་ལས་ངེས་གྲོལ་བའོ། །བཅོས་ཀུན་བདག་ཉིད་ཆེན་གོ་པ། །ཤེས་པའི་མ་དུ་བསྒོམ་པར་བྱ། ཧྲཱི་ཡིག་ཟླ་བ་ལེས་གནས་པ། །སོ་སོར་རང་རང་དེ་ལྟས་ལ། །དེ་སྐྱེས་པད་དཀར་བསྒོམ་བྱ་སྟེ། །ལྟེ་བའི ་ཧྲཱི(རྒྱུད་འགྲེལ་པ། །པདྨ་དམར་གནས་ཟླ་བ་ལ། །གཡས་བརྐྱད་བསྐྱོད་པས་ལེགས་བཞུགས་པར། །རྩ་བ་གཡོན་པ་གཞན་གྱི་ཞལ། །དཀར་དང་སེར་དང་སྔོན་པོ་ཆེ། །སྤྱན་གསུམ་སྟག་གི་ཤམ་ཐབས་བསྣམས། །རྒྱན་རྣམས་ཀུན་ལྡན་རབ་ཏུ ་མཛེས། །གཡས་ན་མཆོག་སྦྱིན་མངའ་དང་ཕྲེང། །གཡོན་པ་སྒེག་པས་དཀུར་བརྟེན་དང། །པདྨ་དཀར་དང་ནི་གཞུ་ཉིད་ཀྱང། །འགྱུར་བའི་ཕྱག་གི་བསྐོར་བར་མཛད། །ཐོད་པ་གཡོན་ན་བཞག་པ་ན། །མེ་ཏོག་སྣ་ཚོགས་གིས་རང ་བཀའ་། །གཡས་ན་དུག་ཅན་གྱིས་དཀྲིས་པའི། །རྩེ་གསུམ་དེ་བཞིན་པདྨ་ཡང། །སྣང་མཛའ་གཙུག་ཏོར་དམ་པ་སྟེ། །ཐོད་པ་ཡིས་ནི་ཐོད་དུ་བྱས། །ཟླ་བ་ཕྱེད་པ་དང་ལྡན་མ་ཐོར། །རལ་པ་དབུ་རྒྱན་ལེགས་པར་བརྩེགས། །རྟོགས ་པའི་དྲ་བ་རྣམས་བསལ་བའི། །སངས་རྒྱས་འོད་ཟེར་ཆོགས་རྣམས་འཕྲོ། །སྙིང་རྗེ་ཁྲིས་པ་འདིར་གྱུར་ནས། །རང་སྙིང་མགྲིན་ལ་འགྲོ་རྣམས་སུ། །ཟླ་བ་སྔོ་དམར་དཀར་རིམ་བཞིན། །ཧཱུཾ(རྒྱུད་འགྲེལ་སྙིང་པོར་དག་དུ། །ཟླ་བ་ལེས་གནས་ཧྲཱི(རྒྱུད་འགྲེལ་ལ་ཏཱི?:མྱུར་མིན་བུལ་བར་མ་ཡིན་ཞིང། །ཤིན་ཏུ་གསལ་བར་ནང་དུ་བཟླས། །བཟླས་པ་བྱས་ནས་ཅི་བྱེད་བར། །གཤེགས་སུ་གསོལ་ཞིང་ལེགས་མཆོད་དང། །ལེགས་པར་བསྟོད་དང་བརྟན་བྱས་ལ། །ཡི་གེ་བརྒྱ་པ་གདོན་པར་བྱ། །ོཾ་རྡོ་རྗེ་སེམས་དཔའ་ ་དམ་ཚིག་རྗེས་སུ་བརྐྱང་དུ་གསོལ། །བདག་རྡོ་རྗེ་སེམས་དཔའ་ཉིད་དུ་ཉེ་བར་གནས་པ་བརྟན་པར་དགོངས། །བདག་ལ་ཤིན་ཏུ་དགྱེས་པར་དགོངས། །བདག་ལ་རྒྱས་པར་མཛད་དུ་གསོལ། །བདག་ལ་རྗེས་སུ་ཆགས་པར་མཛད་དུ་གསོལ། །དངོས་གྲུབ་ཐམས་ཅད་བདག་ལ་ལེགས་པར་སྩོལ།། ་བདག་གི་ལས་ཐམས་ཅད་གྲུབ་པར་མཛོད། །སེམས་ངེས་པར་ལེགས་པར་མཛད་དུ་གསོལ། ཧཱུཾ་ཧ་ཧ་ཧ་ཧ་ཧོ(རྒྱུད་འགྲེལ་དམ་ཚིག་སེམས་དཔའ་ཆེན་པོ་ཨཱ:ོཾ་བདག་དང་སེམས་ཅན་ཀུན་དོན་མཛད། །དངོས་གྲུབ་སྩལ་ནས་ཇི་བཞིན་བཤགས། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་འབྱིན་པར་གསོལ། །སླར་ཡང་འབྱོན་པར་གསོལ་བ་འདེབས། །འདི་ཡིས་ལེགས་པར ་སྐུལ་བྱས་ལ། །ོཾ་ཨཱ(རྒྱུད་འགྲེལ་རྟག་པ་གཏན་ནས་སྤངས། བླ་མས་བྱང་ཆུབ་རིན་མིན་པར། །སྒྲུབ་པ་པོ་ནི་དམ་པས་ཐོབ། །སྒྲུབ་ཐབས་བྱས་ལ་བདག་གིས་ནི། །དགེ་བ་བླ་མེད་ཐོབ་པ་གང། །ངེས་ནི་འཇིག་རྟེན་མ་ལུས་པ། །མྱུར་བར་སྙིང་རྗེས་ཁྲོ་ཐོབ་ཤོག། ཧ་ལཱ་ཧ ་ལའི་སྒྲུབ་ཐབས་དགེ་སློང་ཚུལ་ཁྲིམས་རྩལ་མོ་གྱུར་པའོ།། །།རྒྱ་གར་སྐད་དུ། པདྨ་ནི་ར་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། སྔར་བརྗོད་པའི་རིམས་པས་སྣ་ཚོགས་པདྨ ་