CLOSE WINDOW

N2772: seng ge sgra'i sgrub thabs
Wyliee-texts based on the ACIP/ALL Input

ཞིང། ངས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་ཡང་འགྱུར་རོ། །སེངྒེ་སྒྲ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། ་བོད་སྐད་དུ། སེངྒེ་སྒྲའི་སྒྲུབས་ཐབས། དང་པོར་རེ་ཞིག་སྔགས་པས་བཞིན་གྱིས་གཙང་སྦྲ་ལ་སོགས་པ་བྱས་པ་བདེ་བའི་སྟན་ལ་གནས་ཏེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧྲཱི(རྒྱུད་འགྲེལ་གྱིས་ལེགས་པར་སྤྱན་དྲངས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བསྒོམ་བར་བྱ་བའོ། །དེའི་རྗེས་སུ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ལ། སྟོང་པ་ཉིད་ལེགས་པར་བསྒོམ་པར ་བྱ་ཞིང། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་ཡང་བྱ་བའོ། །དེ་ནས་དེ་མ་ཐག་ཏུ་ཡི་གེ་པཾ་ཡོངས་སུ་གྱུར་པས་པདྨ་དཀར་པོའོ། །དེའི་སྟེང་དུ་ཡི་གེ་སིཾ་ཡོངས་སུ ་གྱུར་པ་ལ་སེངྒེ་དཀར་པོའོ། །དེའི་རྒྱབ་ཏུ་ཟླ་བ་ལ་ཡི་གེ་ཧྲཱི(རྒྱུད་འགྲེལ་གསུམ་པ་དཀའ་ཐུབ་ཀྱི་ཆ་བྱད་འཛིན་པ་རྒྱལ་པོ་ཆེན་པོའི་འགྱིད་བག་གིས་བཞུགས་པ། ཕྱག་གཡོན་ན་པདྨ་ལངས་པའི་སྟེང་ན་རལ་གྲི་ལངས་པའོ། །གཡས་ན་རྩེ་གསུམ་དཀར་པོ་ལ་སྤྲུལ་དཀར་པོ་གདེངས་ཀ་དང་ལྡན་པས་དཀྲ་ཤིས་པའོ།། ་གཡོན་ན་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་པའི་ཐོད་པ་དཀར་པོའོ། །དེ་བཞིན་གཤེགས་པ་ལྔ་འཕྲོ་བར་མཛད་པ། མྱ་ངན་ལས་འདས་པ་ཆེན་པོའི་སྐུར་བསྒོམ་པར་བྱ་བའོ། །བཟླས་པའི་སྔགས་ནི། ཨོཾ་ཨཱ(རྒྱུད་འགྲེལ་ཕཊ། དེའི་རྗེས་ཐོགས་ལ་ནི་གཟུངས་ཡིན་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་ལྟ ་སྟེ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ་ཎི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཀ་རོ་ཊ་བཱི་ར་ཡེ་སྭཱཧཱ། བྱ་བ་འདིའི་རིམ་པ་ནི་བའི་ལྕི་བ་ས་ལ་མ་ལྷུང་ནང་བར་ཤིན་ཏུ་སྔ་བར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཎྜལ་བརྐྱང་བྱ་སྟེ། མཎྜལ་རརེ་རེ་ཤིང་ལན་བཅུ་གསུམ་རྗེས་སུ་བརྗོད ་པར་བྱ་བའོ། །བའི་ལྕི་བཱི་ལྷག་མ་ལན་བདུན་དུ་མངོན་པར་སྔགས་ལ་ནད་པ་ལ་ཉེ་བར་བྱུག་པར་བྱ་སྟེ། ནང་རྣམས་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་ཡིན་ནོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་པ་རྣམས་ཀྱིས་ཀྱང་ཉི་མ་བདུན ་ནས་ཉི་མ་བཅུ་གསུམ་མ་མ་མ་ཉི་མ་ཉི་ཤུ་རྩ་གཅིག་ན་ཡང་འདི་འགྲུབ་པར་མ་གྱུར་ན་ནི། །དེའི་ཚེ་ད་ཉིད་མཚས་མེད་པ་ལྔ་བྱེད་པར་འགྱུར་བ་ཡིན་ནོ། །སེངྒེ་སྒྲའི་སྒྲུབ་ཐབས་སོ། །པཎྜི་ཏ་རཏན་ཨ་ཀ་རའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམ་ ་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧཱ་ལཱ་ཧ་ལ་སཱ་དྷ་ནཾ། བོད་སྐད་དུ། སྙིང་རྗེ་ཁྲོས་པའི་སྒྲུབ་ཐབས། སྙིང་རྗེ་ཁྲོས་པ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོད་པ་ཉིད་ཀྱི་བར་དུ ་