CLOSE WINDOW

N2767: gdams ngag gi khyad par gyi sgrub thabs
Wyliee-texts based on the ACIP/ALL Input

རྣམ་པར་བསམ། །སྔགས་བརྗོད་པ་ལས་བཞེངས་པར་ནི། །མདུན་དུ་ལྷ་གསུམ་བལྟ་བྱས་ལ། །སྔགས་བརྗོད་སྡུད་པའི་རིམ་པ་ཡིས། །རེ་རེ་ཞིང་ནི་དགོད་པ་དང། །སྣ་ཚོགས་མཆོད་པ་སྤྲུལ་པ་དང། །དེ་དག ་དབུལ་བ་ཉིད་ཀྱང་ངོ། །དེ་དག་བག་པ་ཡོངས་རྫོགས་ནས། །འདོད་པའི་དོན་དུ་ཡོངས་སུ་བསྔོ། །དེ་ནས་བཟླས་པ་ཚུལ་བཞིན་བྱ། །སྔགས་བཟླས་པའི་ཐ་མར་ཡང། །མཆད་སོགས་སྔ་མ་བཞིན་བྱས་ལ། །ལྷ་རྣམས་སྙིང་གར་ལེགས་པར ་བསྡུ། །དང་པོར་ཏིང་འཛིན་ལེགས་འཐོབ་པའི། །སྔགས་པས་དབེན་དང་ཁྱིམ་སོགས་སུ། །ཆོ་ག་འདི་ནི་ཐུན་ཆོད་བཞིར། །འབུམ་ཕྲག་བཟླས་པར་བྱ་བ་ཡིན། །སྤྲོ་དང་བཟླས་པ་ཀུན་སྤངས་ཏེ། །མཚོ་མཆིས་སེམས་བྲལ་བྱ་བ་མིན། །སྡིག ་པ་སྦྱངས་སོགས་ཐམས་ཅད་ལ། །དཀྱིལ་འཁོར་གྲུ་བཞི་བྱས་ལ་ནི། །ཐད་ཀ་ལ་སོགས་མདུན་དུ་བསྒོམ། །ཡང་ན་རྗེ་དཔོན་མཎྜལ་ལ། །མཆོད་བྱས་མཆོད་པ་བྱས་ནས་ཀྱང། །ཆོ་ག་འདི་ནི་བྱ་བ་ཡིན། །དེ་ལས་ལྷའི་སྐུའི ་གདམ་དག་ནི་འདི་ཡིན་ཏེ། སྐྱིལ་ཀྲུང་དཀར་ཞིང་ཕྲེང་བ་དང། །པད་བཅས་ཐལ་མོ་ཁ་སྦྱར་བའི། །རྗེ་ལྟ་དེ་དང་མཐུན་པར་ནི། །ལྷ་མོ་ཞེན་པ་མེད་པར་བསྟེན། །འཕགས་པ་སེར་པོར་བསམ་བྱ་སྟེ། གཡོན་པ་སྲིན་ཆེན་གདུགས ་འཛིན་ཅིར། །རིན་ཆེན་དབུ་རྒྱན་ཕྱག་གཡས་སྟོང། །ཞེན་པ་མེད་པས་རྗེས་སུ་འཕྲོ། འཕགས་པ་ཡི་གེ་དྲུག་པ་རིག་པ་ཆེན་པོ་རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་གདམས་ངག། རྒྱུད་ནས་འོངས་པའི་སྒྲུབས་ཐབས་ཀྱི་ཆོ་གའོ།། ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨུ་པ་དེ་ཤ་བི་ཥི་ཤ་སཱ་དྷ་ནཾ། བོད་སྐད་དུ། གདམས་དག་གི་ཁྱད་པར། །ཡི་གེ་དྲུག་པའི་སྒྲུབ་ཐབས་འགའ་ཞིག་ལ། བཅོམ་ལྡན་འདས་ནི་ནོར ་བུ་དང་བཅས་པའི་པོ་ཏིས་མཚན་པའི་པདྨ་བསྣམས་པའོ། །ནོར་བུ་འཛིན་པ་ནི། པོ་ཏི་དང་བྲལ་བའི་ནོར་བུ་དང་པདྨ་འཛིན་པའོ། །ཡི་གེ་དྲུག་པ་ནི་ནོར་བུ་དང་བྲལ་བའི་པོ་ཏི་པདྨ་འཛིན་པའོ། །མཆོད་པའི་སྔགས་ནི། །ོཾ་འཇིག་རྟེན་དབང ་ཕྱུག་མེ་ཏོག་བཞེས་སུ་གསོལ་སྭཱཧཱ། དེ་བཞིན་དུ་བདུག་པ་དང་མར་མེ་ཞེས་བྱ་བ་ལ་སོགས་པ་དག་གིས་གོ་བར་བྱའོ། །ལྷ་གཞན་དག་རྣམས་ལ་ཡང་དེས་གོ་བར་བྱ་བའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པའི་སྔགས་ནི་འདི་ཡིན ་ཏེ། །ོཾ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཛ(རྒྱུད་འགྲེལ་བའོ།། །།*། །རྒྱ་གར་སྐད་དུ། ཁ་སརྦ་ཎ་སཱ་དྷ་ནཾ། བོད་སྐད་དུ། བདེ་བ་འབྱུང་བའི་སྒྲུབ་ཐབས། ཁ་སརྦ་ཎ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་སྔགས་པས་བདེ་བའི་སྟན་ལ་ཉེ་བར་གནས་ཤིང་གདོང་པའི་གཙང་སྦྲ ་ལ་སོགས་པ་བྱས་པས། གཙང་ཞིང་དབེན་པའི་ཕྱོགས་སུ་རང་གི་སྙིང་གར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ་བའོ། །དེའི་སྟེང་དུ་ཡི་གེ་ཧྲཱི(རྒྱུད་འགྲེལ་དང། །སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྱན་དྲངས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་ལེགས་པར་མཆོད་ཅིང། །སྡིག་པ་བཤགས་པ་ལ་སོགས་པ་དང། ཚངས་པའི ་གནས་བཞི་བསྒོམ་པ་ཡང་བྱ་སྟེ། དེ་ནས་སྟོང་པ་ཉིད་བསྒོམ་པར་བྱ་ཞིང། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ། །ཞེས་བྱ་བ་འདིས་ཀྱང་བྱིན་གྱིས་བརླབ་བར་བྱ་བའོ། །དེའི་རྗེས་ལ་སྔར་བཞིན་དུ་ཡི་གེ་ ་