CLOSE WINDOW

N2764: rdo rje gdan gyi sgrub thabs
Wyliee-texts based on the ACIP/ALL Input

མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲོ་ས་ན་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་གདན་གྱི་སྒྲུབ་ཐབས། མངོན་དུ་བརྗོད་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་མཐིང ་ནག་ཨ་ལ་སོགས་པའི་དབྱངས་ཡིག་དཀར་པོ་བཅུ་དྲུག་གིས་ཡོངས་སུ་བསྐོར་བའོ། །དེ་ནས་ཡི་གེ་ཀ་ལ་སོགས་པ་གསལ་བྱེད་དཀར་པོ་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་ཀུན་ནས་བསྐོར་བའོ། །དེ་དག་ཐམས་ཅད་ལེགས་པར་གྱུར་ནས་ཟླ་བའི་དཀྱིལ་འཁོར ་རོ། །དེའི་སྟེང་དུ་ཡང་ས་བོན་དེ་ཉིད་དོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེར་པོའོ། །དེའི་ལྟེ་བ་ལས་ས་བོན་སེར་པོའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་ནས་རྗེ་བཙུན་སངས་རྒྱས་དཔལ་རྡོ་རྗེ་གདན་དུ་བདག་ཉིད་སྐད་ཅིག་གིས་རྫོགས་པར་བྱ་སྟེ། ་སེར་པོ་ཞལ་གཅིག་ཕྱག་གཉིས་པ་བདུད་བཞི་ལེགས་པར་དཀྲིགས་པའི་སེངྒེའི་ཁྲི་ཆེན་པོ་མཆོག་ཏུ་གྱུར་པ། དེའི་སྟེང་དུ་སྣ་ཚོགས་པདྨ་དང་རྡོ་རྗེ་ལ་ལེགས་པར་བཞུགས་ཤིང། ཕྱག་གཡོན་པ་མཉམ་པར་བཞག་པ་ཕྱག་གཡས་པ་ས ་གནོན་གྱི་ཕྱག་རྒྱ་དང་ལྡན་པ། སྐུ་ལ་མེ་ཏོག་བན་དྷུ་དམར་པོའི་འོད་དང་ལྡན་པའི་ན་བཟའ་མན་བས་པ་ཡན་ལག་དང་ཉིད་ལག་ཐམས་ཅད་བལྟ་བས་ཆོག་མི་ཤེས་པའི་སྐུར་བསམ་པར་བྱས་ལ། ཨོཾ་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་བདག་ཉིད ་ནི་བདག་ཡིན་ནོ། ཞེས་གཉིས་སུ་མེད་པའི་ང་རྒྱལ་བྱ་བའོ། །དེའི་རྗེས་ལ་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་གསེར་མདོག་ཏུ་སེར་བ་ཕྱག་གཉིས་པ་རལ་པ་དང་ཅོད་པན་དང་ལྡན་པ་ཕྱག་གཡས་པས ་རྔ་ཡབ་བསྣམས་པ་ཕྱག་གཞན་གཡོན་པ་ན་འདབ་མ་དང་ལྡན་པའི་ཀླུ་ཤིང་བསྣམས་པའོ། །དེ་བཞིན་དུ་གཡོན་དུ་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་དཀར་པོ་རལ་བ་དང་ཅོད་པན་དང་ལྡན་པ་རྔ་ཡབ ་ཕྱག་གཡས་པ་ན་བསྣམས་ལ་ཕྱག་གཡོན་ན་པདྨ་བསྣམས་པའོ། །དེ་དག་གཉིག་ཡང་བཅོམ་ལྡན་འདས་ཀྱི་ཞལ་ལ་མངོན་དུ་རྣམ་པར་བལྟ་བས་བལྟ་བའོ། །དེ་ནས་གོ་ཆ་དྲུག་དགོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་གཉིས ་ལ་ཟླ་བ་ལ་གནས་པའི་ཡི་གེ་ཀྵཾ་དཀར་པོའོ། །རྣ་བ་གཉིས་ལ་ཟླ་བ་ལ་གནས་པའི་ཡི་གེ་ཛཱཾ་མི་མཐིང་ནག་གོ། སྣ་བུག་གཉིས་ལ་ཟླ་བ་ལ་གནས་པའི་ཡི་གེ་ཁཾ་སེར་པོའོ། །ལྕེ་ལ་ཟླ་བ་ལ་གནས་པའི་ཡི་གེ་གཾ་དམར་པོའོ། །དཔྲལ ་པར་ཟླ་བ་ལ་གནས་པའི་གེ་ཀཾ་ལྗང་གུའོ། །ནུ་མའི་བར་དུ་ཟླ་བ་ལ་གནས་པའི་ཡི་གེ་སཾ་དཀར་པོའོ། །དེ་ནས་སྙིང་གར་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེའོ། །ཡང་དེའི་ལྟེ་བ་ལ་ཟླ་བ་དང་བཅས་པའི་ཡི་གེ་ཧཱུཾ་ངོ། །མགྲིན ་པར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨཱ(རྒྱུད་འགྲེལ་འཁོར་ལོ་རྩིབས་བརྒྱད་པ་དང་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་མོ། །བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་རྣམ་པར་དག་པ་རྣམ་པར་བསྒོམ་པའོ། །ལྟེ་བའི་གོབ་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་དང་བཅས་པའི་ཡི་གེ་ཧཱུཾ་དོ་ཞེས་བྱ་བ་ནི་བཅོམ ་ལྡན་འདས་ཀྱི་ཐུགས་རྣམ་པར་དག་པ་བསྒོམ་པ་ཡིན་ནོ། །དེ་ནས་སྙིང་གའི་ས་བོན་གྱིས་ཡེ་ཤེས་སེམས་དཔའ་ཡང་དག་པར་སྤྱན་དྲངས་ལ། མཆོད་ཡོན་དང་ཞབས་བསིལ་དང་རྣམ་པ་སྣ་ཚོགས་པའི་མཆོད་པ་རྣམས་ཀྱིས་ལེགས ་པར་ཚིམ་པར་བྱ་བ་དང་བསྟོད་པ་དང་ཕྱག་འཚལ་བ་སྔོན་དུ་བཏང་བས་དམ་ཚིག་སེམས་དཔས་ལྷན་ཅིག་ཏུ་བྱས་ལ། ཨོཾ་དམ་ཚིག་ཁྱོད་དམ་ཚིག་ཁྱོད་དམ་ཚིག་ཁྱོད་ཨོཾ་ཨཱ(རྒྱུད་འགྲེལ་པར་བྱའོ། །དེ་ནས་སྒོམ་པས་ངལ་ན་སྔགས་བཟླས་པར་བྱ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་