CLOSE WINDOW

N2762: dam tshig gsum gyi dam tshig gi sgrub thabs
Wyliee-texts based on the ACIP/ALL Input

རྡོ་རྗེའི་དཀྱིལ་འཁོར་གྱི་བརྒྱན་ལས་གསུངས་པ་ཡིན་ནོ། །དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཏྲི་ས་མ་ཡི་ས་མ་ཡ་སཱ་དྷ་ན། བོད་སྐད་དུ། དམ་ཚིག་གསུམ་གྱི་དམ་ཚིག་གི་སྒྲུབ ་ཐབས། །སངས་རྒྱས་ལ་ཕྱག་འཚལ་ལོ། །དམ་ཆོས་གཤེ་བར་མི་བྱ་ཞིང། །སྤང་བར་ནམ་ཡང་མ་ཡིན་ནོ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །དེ་དག་གུས་མིན་བྱ་བ་མིན། །བླ་མ་དབང་བྱ་བརྙས་མི་བྱ། །ལུས་ཅན་རྣམས་ནི་རྡེག་མི་བྱ། །སྔགས ་དང་ཕྱག་རྒྱ་དང་མི་བྱ། །ཚུང་ཀྱང་ངེས་པར་མི་གསན་ནོ། །སེར་སྣ་དང་ནི་ཆད་བཏུང་བར། །ནམ་ཡང་བྱ་བ་མ་ཡིན་ནོ། །རྡོ་རྗེའི་གཟུགས་ནི་མི་འགོང་ཞིང། །བཟའ་བར་བྱ་བ་ཉིད་ཀྱང་མིན། །ཉལ་ཁྲི་སྟན་དུ་མི་བྱ་ཞིང། །ཕྱག་རྒྱ་སོགས་ལ་མ་གུས ་སྤང། །བླ་མ་དག་གམ་ལྷ་ལ་དང། །བྱིས་པའི་ཆོས་ཉིད་མི་བྱའོ། །རང་བཞིན་བཟང་དང་ཉེས་བྱེད་ལའང། །མངོན་སྤྱོད་བྱ་བ་མ་ཡིན་ནོ། །ཉོན་མོངས་བྱ་མིན་བྱེད་གཞུག་དང། །ཡི་རང་བར་ཡང་མི་བྱའོ། །མདོར་ན་བདག་གཞན་རྗེས་མི ་མཐུན། །གང་ཡིན་དེ་དག་སྤང་བར་བྱ། །དམ་ཚིག་འདི་ནི་རྟོག་ཆེན་དཔལ། །དམ་ཚིག་གསུམ་གསུངས་དམ་ཚིག་ཡིན། །གཡོ་སྒྱུ་དང་ནི་ལོག་འཚོ་དང། །དྲི་མ་ལ་དགའ་ཚོགས་པར་འདུ། །ཡིད་གཉིས་ཟ་བར ་བྱེད་པ་དང། །ཡོ་བྱད་ཕལ་ཆེན་ཡོངས་སུ་འཛིན། །སྙོམས་ལས་ཞུམ་པའི་སེམས་ཉིད་དང། །བདག་བསྟོད་ལ་སོགས་དེ་བཞིན་ཏེ། །བར་ཆད་བྱེད་པར་གྱུར་པའི་ཆོས། །རྟོག་པའི་རྒྱལ་པོ་ལས་འདི་གསུངས། །སྐྱོན་འདི་རྣམས་ལས་། ་ངེས་གྲོལ་ཞིང། །སྔར་བཤད་དམ་ཚིག་ལ་གནས་པ། །འདུ་འཛི་ཀུན་སྤང་དད་པར་ལྡན། །རྫོགས་པའི་བྱང་ཆུབ་ལ་ཡིད་བརྟན། །ལུས་ངག་ཡིད་ཀྱི་འཇུག་པ་ཀུན། །སྐྱེ་དགུ་སྐྱོབ་ཕྱིར་ཕན་བརྩོན་པས། །དངོས་གྲུབ་དམ་ཚིག་གསུམ ་གསུངས་པ། །འདོད་པས་ཆོ་ག་བཞིན་དུ་སྒྲུབས། །པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས་སྤས་པས་མཛད་པའི་དམ་ཚིག་གི་སྒྲུབ་ཐབས་རྫོགས་སོ།། །།དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། ་