| Wylie | e-texts based on the ACIP/ALL Input |
རྡོ་རྗེ་འཛིན་པའི་སྟོན་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། བཛྲ་དྷ་ར་སཾ་གཱི་ཏཱི་སྟཝ་ཏི། བོད་སྐད་དུ། རྡོ་རྗེ་འཛིན་པས་ལེགས་པར་གསུངས་པའི་བསྟོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་ཕྱག་འཚལ་ལོ། །མཚུངས་མེད་སྟོབས་ལྡན་མཉམ་ཉིད་སྙིང་པོར་གྱུར་པའི་ཆོས་མངའ་བ། །ཐུགས་རྗེའི་བདག་ཅན་འགྲོ་བ་རྣམས་ཀྱི་སྡུག་བསྔལ་འཇོམས་མཛད་པ། །ཡོན་ཏན་མ་ལུས་ཀུན་ལྡན་དངོས་གྲུབ་ཐམས་ཅད་སྦྱིན་མཛད་ཅིང། །དྲི་མེད ་སྟོབས་ལྡན་མཉམ་མེད་མཆོག་གི་ཆོས་རབ་དང་ལྡན་པ། །ནམ་མཁའ་མཉམ་པ་དག་གི་ཡོན་ཏན་རྡུལ་ཕྲན་ཟེར་མི་ཡང། །དཔེ་ནི་མཚམས་ཀྱི་ཕ་རོལ་འགའ་ཞིག་ན་ཡང་དམིགས་པ་མིན། །དཔེ་ལས་རྣམ་པར་འདས་པའི་དངོས ་གྲུབ་མ་ལུས་དས་པ་རྣམས། །མཛའ་ཡས་སེམས་ཅན་ཁམས་ལ་མཆོག་གི་དངོས་གྲུབ་སྦྱིན་པར་མཛད། །རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ཀྱིས་བཞེངས་པའི་སྨོན་ལམ་ཅན། །དངོས་གྲུབ་ཇི་སྲིད་འགྲུབ་པ་མེད་པའི་ཆོས་ཉིད་དང་ལྡན་པ། ་མ་གྲུས་མཆོག་ཏུ་སྒྲུབ་པར་མཛད་པ་སྐྱེ་དགུ་རྣམས་ཀྱི་དོན། །རྟག་ཏུ་རྣམ་པར་བཞེད་པ་ཐུས་རྗེ་ཆེན་པོའི་བདག་ཉིད་རྣམས། །འགག་པ་མེད་པ་ཉིད་དུ་ཐུགས་རྗེས་ཀུན་ནས་སྦྱོར་ལྡན་པ། །མི་གཡོ་རབ་གསལ་འཇིག་རྟེན་གསུམ་ན་དངོས ་གྲུབ་མཆག་རྣམས་གནང། །དཔག་མེད་གཞལ་དུ་མེད་ལ་ལེགས་པ་ཉིད་དུ་སྙོམས་ཞུགས་པའི། །རྟོགས་ཤིང་མཁྱེན་པའི་ཆོས་ཉིད་ཤིན་ཏུ་ངོ་མཚར་རྒྱུད་དུ་བྱུང། །དམ་ཚིག་གསུམ་གྱི་དངོས་གྲུབ་མཆོག་གི་མཆོག་སྦྱིན་མཛད་པས་བདག།། ་མཆོག་གསོལ་བསལ་ན་རྟག་ཏུ་མཆོག་གི་རྟོགས་པའི་ཚོགས་དང་ལྡན། །འཇིག་རྟེན་གསུམ་ན་མཆོག་སྦྱིན་མཆོག་རྣམས་མཛའ་དག་གྲུབ་པ་པོ། །དུས་གསུམ་གཤེགས་པའི་མགོན་པོ་སྒྲུབ་པ་ཀུན་ནས་མི་མདའ་བའ་ཨོ། །དམ ་ཚིག་གསུམ་གྱི་རྒྱལ་པོའི་རྟོག་པ་ནས་གསུངས་པ། །རྡོ་རྗེ་འཛིན་པས་ལེགས་པར་གསུངས་པའི་བསྟོད་པའོ། །དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྒྱུར་བའོ།། །།རྒྱ་གར་སྐད་དུ། སྟུ་ཏི་ཨནུ་ཤ་ས། བོད་སྐད་དུ ་