| Wylie | e-texts based on the ACIP/ALL Input |
རྣམས་སུ་ཟླ་བ་ལ་གོ་རིམས་ཇི་ལྟ་བར། ཨོཾ་ཨཱ:མཾ་ཧཱུཾ་ཞེས་པའི་ཡི་གེ་བསམས་ཏེ་སྤྲོ་བ་དང་བསྡུ་པ་བྱའོ། །དེ་ནས་ངལ་ན་སྔགས་ཟླས་པར་བྱ་སྟེ། ཨོཾ་མ་ཧཱ་མ་ཡཱ་རི་བིདྱཱ་རཱཛྙཱི་ཧཱུཾ་ཧཱུམ་ཕཊ་ཕཊ་སྭཱཧཱ། ཞེས་པའོ། །འཕགS་མ ་རྨ་བྱ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། །།དེ་བཞིན་ཐམས་ཅད་སྔར་གྱི་ཆོ་གས་སྟོང་པ་ཉིད་ཀྱི་རྗེས་ལ། སྟོང་ཆེན་མོ་རབ་ཏུ་འཇོམས་མ་དཀར་མོ་ཞལ་གཅིག་ཕྱག་དྲུག་པ་སྟེ། གཡས་ཀྱིས་ཕྱག་གསུམ་ན་གོ ་རིམས་བཞིན་དུ་རལ་གྲི་དང། མངའ་དང་མཆོག་སྦྱིན་པའོ། །གཡོན་གྱི་ཕྱག་གསུམ་ན་གཞུ་དང། ཞགས་པ་དང། སྟ་རེའོ། །སྣ་ཚོགས་པའི་ཆ་བྱད?་ཅན། །ན་བཟའ་དང། རྒྱན་དང་དབུ་རྒྱན་དང་ལྡན་པ། གཟུགས་དང་ལང་ཚོ་དང་ལྡན་པ། ་སྒེག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། ས་བོན་བྲུཾ་ཡིག་ལས་བྱུང་བའོ། །པདྨ་དང་ཟླ་བའི་འོད་ཅན་ནོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མའི?་སྒྲུབ་ཐབས་རྫོགས་སོ།། །། ་གསང་སྔགས་རྗེས་སུ་འཛིན་མ་ནི། ཕྱག་བཞི་པ། ཞལ་གཅིག་པ། ནག་པོ་སྟེ། གཡས་པའི་ཕྱག་དག་ན་རྡོ་རྗེ་དང། མཆོག་སྦྱིན་པའོ། །གཡོན་པའི་ཕྱག་དག་ན་དགྲ་སྟ་དང་ཞགས་པའོ། །ཧཱུཾ་གི་ས་བོན་ཅན་ནོ། །མི་བསྐྱོད་པའི་དབུ་རྒྱན་ཅན ་ཟླ་བའི་འོད་དང་ཟླ་བའི་གདན་ཅན་སྔར་བཞིན་ནོ། །འཕགས་པ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྒྲུབ་ཐབས་རྫོགས་སོ།། །།བསིལ་བ་ཚལ་ཆེན་མོ་ནི། ཕྱག་བཞི་ཞལ་གཅིག་པ། ཁ་དོག་དམར་མོ། ། ་གཡས་པའི་ཕྱག་གཉིས་ནས་ཕྲེང་བ་མཆོག་སྦྱིན་པ། གཡོན་པའི་ཕྱག་གཉིས་ན་རྡོ་རྗེ་ལྕགས་ཀྱུ་དང། སྙིང་གར་གནས་པའི་པོ་ཏིའི་ཕྱག་མཚན་ནོ། །ཛྲི་གི་ས་བོན་ཅན། སྣང་བ་མཛའ་ཡས་ཀྱི་དབུ་རྒྱན་ཅན། ན་བཟའ་དང་རྒྱན་དང ་ལྡན་?་ཉི་མའི་འོད་དང་གདན་ཅན་ཏེ་སྔར་བཞིན་ནོ། །བསིལ་བའི་ཚལ་གྱི་སྒྲུབ་ཐབས་རྫོགས་སོ།། །།ོཾ་ཨཱ:པྲཾ་མཧཱ་པྲ་ཏི་ས་རེ་ཧཱུཾ(རྒྱུད་འགྲེལ་མཧཱ་མནྟྲ་ཨ་ནུ་ས་རི་ཧཱུཾ་། ཨོཾ་ཨཱ:ཧཱུཾ་མཧཱ་ཤྲི་ད་བ་ནི་ཧཱུཾ། སློབ་དཔོན་ཆེན་པོ་ཛེ་ཏའི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།དང་པོ་དབུས་སུ་ལྔས་མཆོད། དེ་ནས་ཕྱོགས་བཞིར། ཡང་ཕྱོགས ་མཚམས་ཀྱི་དབུས་སུ་མཆོད། དེ་ནས་བཟུངས་ལ། དེ་ནས་འཁོར་ལོ་ལ། ཐ་མ་ཡང་དབུས་ཕྱོགས་བཞིར་གཏང་རག་གིས་མཆོད་པ་བྱ། དེ་རྣམས་ལ་འབྱོར་པ་ཡོད་ན་མཆོད་པ་ལྔ་ཚན་བཅུ་གསུམ་གྱིས་མཆོད་དོ། །དེ་ལྟར་བྱས་པས་ནི་བེ ་ཏེ་བཅུ་གསུམ་དགོས་སོ། །ནས་ལ་སོགས་པ་བཞི་པོས་བསྐོར་ཞིང་བསྲེགས་པ་ལན་གཉིས་ཀྱིས་ཆོ་ག་སྟེ། གཡས་གཡོན་གྱིS་ལན་རེའོ།། །།སོ་སོར་འབྲང་མ་ལ་ཕྱག་འཚལ་ལོ། །སྔར་བརྗོད ་པའི་མཚན་ཉིད་དང་ལྡན་པའི་བྱང་ཆུབ་སེམས་དཔས་དང་པོ་རེ་ཞིག་སེམས་ཅན་སྐྱབས་མེད་པའི་ནད་པ་རྣམས་ལ་སྔོན་པར་བལྟས་ནས་སྙིང་རྗེ་དེས་རྣམས་གསོ་བར་འདོད་པས་བསྙུང་བར་གནས་པར་བྱ་སྟེ། ཉི་མ་ཤར་བའི་དུས་སུ་ཡིད་དུ་འོང ་བའི་བླ་རེ?་བྲེས་པས་མཛེས་པར་བྱས་པས་དྲི་ཞིམ་པའི་མེ་ཏོག་བཀྲམ་པའི་ས་ཕྱོགས་སུ་ས་དང་ལྕི་བདག་གིས་འདོམ་པའི་ཚད་ཙམ་གྱིས། དཀྱིལ་འཁོར་གྲུ་བཞི་ཉེ་བར་བྱུག་ནས། དེའི་དབུས་སུ་པདྨ་ལྔ་རྣམས་བྲི་བར་བྱའོ། །དེ་ལ་དབུས་སུ་ཚོན་རྩི ་དཀར་པོས་འདབ་མ་བརྒྱད་པའི་པདྨའི་ལྟེ་བའི་ཟླ་བ་ལ། འོད་ཟེར་དཀར་པོ་དང་ལྡན་པའི་རྩིབས་བརྒྱད་པ་སྟེ། ཕྱི་རོལ་དུ་འཁོར་ལོའི་ཕྲེང་བ་འཁྲིགས་པ་དང་ལྡན་པ་བྲི་བར་བྱའོ། །དེ་ནས་ཤར་དང་ལྷོ་དང་ནུབ་དང་བྱང་རྣམས་སུ་རང་རང་ཇི་ལྟར ་