CLOSE WINDOW

N2733: so sor 'brang ma'i sgrub thabs
Wyliee-texts based on the ACIP/ALL Input

རྩ་བརྒྱད་བྲིས་ལ། དེར་ནུབ་ཕྱོགས་ནས་རིམ་གྱིས་པདྨ་ཁ་ཕྱེ་བའི་སྟེང་དུ་རྡོ་རྗེ་དང། རལ་གྲི་དང། ལྕགས་ཀྱུ་དང། རྡོ་རྗེ་རྩེ་གསུམ་དང། དགྲ་སྟེ་དང། རྡོ་རྗེ་ཞགས་པ་དང། དུང་དང། འཁོར་ལོ་དང། རལ་གྲི་དང། རིན་པོ་? ་མུ་ཁྱུད་དང། རྩེ་གསུམ་དང། འཁོར་ལོ་དང། རྡོ་རྗེ་དང། དགྲ་སྟེ་དང། དུད་དང། རལ་གྲི་དང། ལྕགས་ཀྱུ་དང། རྩེ་གསུམ་དང། རྡོ་རྗེ་ཞགས་པ་དང། མངའ་གཞུ་དང། རིན་པོ་ཆེའི་སྙེ་མ་དང། རྒྱལ་མཚན་དང། དུང་དང། རྩེ་གསུམ་དང། རལ་གྲི ་དང། རྡོ་རྗེ་དང། དགྲ་ལྷ་དང། རྒྱལ་མཚན་དང། མངའ་གཞུ་དང། ཞགས་པ་དང། འཁོར་ལོ་དང། རྩེ་གསུམ་དང། དུང་དང། མདའ་གཞུ་དང། རྒྱལ་མཚན་དང། རྡོ་རྗེ་དང། རྡོ་རྗེ་ཞགས་པ་དང། རྡོ་རྗེ་ཅགས་ཀྱུ་དང། འཁོར་ལོ་དང། རྩི ་གསུམ་དང། དུང་དང། རྡོ་རྗེ་ཞགས་པ་དང། རིན་པོ་ཆེའི་ཟ་མ་ཏོག་གི་མཚན་མ་ཤིན་ཏུ་གསལ་བ་བྲིའོ། །དགེ་བ་?་པས་མཚོན་ཆ་ཐམས་ཅད་རྩེ་མོ་ཕྱིར་བསྟན་པ་བྲིའོ། །ཇི་ལྟར་མཐོང་བ་བཞིན་དུ་བྲིས་པ་ཡིན་ནོ། །སོ་སོར་འབྲང་བའི་བསྲུང ་བའི་འཁོར་ལོ་བྲི་བའི་ཐབས། སློབ་དཔོན་རཏནཱ?་ཨཱ་ཀར་ཤཱན་ཏིས་མཛད་པ་རྫོགས་སོ།། །།སོ་སོར་འབྲང་བ་ཆེན་མོ་ལ་ཕྱག་འཚལ་ལོ། །སྔར་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ་། ་ལམ་སྐྱེད་པའི་ཟླ་བའི་དཀྱིལ་འཁོར་དུ་ཡི་གེ་པྲཾ་སེར་པོ་འོད་ཟེར་སྣ་ཚོགས་ལས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ཡོངས་སུ་གྱུར་པས་སྐད་ཅིག་གིས་བཅོམ་ལྡན་འདས་མཚན་མོ་སོ་སོར་འབྲང་མར་བདག་ཉིད་བསྐྱེད་པར་བྱའོ། །མདོག་སེར་མོ་ཞལ ་བཞི་པ་སྤྱན་གསུམ་པ། ཕྱག་བརྒྱད་པ་སྟེ། ཞལ་དང་པོ་སེར་པོ་དང། གཡས་པ་དཀར་བ། རྒྱབ་སྔོ་བ། གཡོན་དམར་བ། གཡས་ཀྱི་ཕྱག་རྣམས་ཀྱིས་རལ་གྲི་དང། འཁོར་ལོ་དང། རྩེ་གསུམ་དང། མངའ་རྣམས་དང། གཡོན་གྱི་ཕྱག་བསྣམས ་ཀྱིས་གཞུ་དང། ཞགས་པ་དང། དགྲ་སྟ་དང། རྡོ་རྗེ་རྣམས་འཛིན་པའོ། །སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་རོལ་པས་བཞུགས་པ། འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། རྒྱན་ཐམས་ཅད་ཀྱིས་རྒྱན་པ། གོས་སྣ་ཚོགས་ཀྱི་ན ་ཟའ?་བསྣབས་པ། ཤིང་དཔུང་ཆད་དང། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་ཅན། འདི་ལྟར་བསམས་ལ། སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་ཟླ་བའི་དཀྱིལ་འཁོར་ལ། ཨོཾ་ཨཱ:ཧཱུཾ་དཀར་པོ་དང་དམར་པོ་དང། སྔོན་པོའི་ཡི་གེ་གསུམ་བསམ ་པར་བྱའོ། །དེ་ནས་ནུ་མའི་དབུས་སུ་ཟླ་བ་ལ་གནས་པའི་ཡི་གེ་པྲཾ་བསམས་ནས། སྣ་ཚོགས་པའི་ལྷ་མོ་རྣམས་ཀྱི་བདག་ཉིད་མཆོད་པར་བསམ་ཏེ། ཇི་སྲིད་དུ་ངལ་བར་མ་གྱུར་པ་དེ་སྲིད་དུ་སྤྲོ་བས་བསྒོམ་པར་བྱའོ། །དལ་བར་གྱུར་ན་རང་གི་སྙིང་གའི ་ཟླ་བ་ལ་སྔགས་མུ་ཏིག་གི་ཕྲེང་བའི་ཚུལ་དུ་ཟླས་པར་བྱའོ། །ོཾ་མ་ཎི་དྷ་རི་བཛྲ་ཎ་མི་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ནི་སྔགས་སོ། །སོ་སོར་འབྲང་མའི་སྒྲུབ་ཐབས་རྫོགས་སོ།། །།དེ་བཞིན་དུ་སྔར་བསྟན་པའི་ཚེ ་གས་སྟོང་པ་ཉིད་ཀྱིས་རྗེས་ལ་སྣ་ཚོགས་པདྨ་དང་ཟླ་བ་ལ། མ་ཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས། །འཕགས་མ་རྨ་བྱ་ཆེན་མོ་མདོག་ལྗང་གུ། ཞལ་གསུམ་པ། ཕྱག་དྲུག་པ། ཞལ་སོ་སོ་ལ་སྤྱན་གསུཾ་པ་སྟེ། ཞལ་གཡས་དང་གཡོན་སྔོན་པོ ་དང་དཀར་པོའོ། །གཡས་ཀྱི་ཕྱག་གསུམ་ལ་གོ་རིམས་བཞིན་དུ་རྨ་བྱའི་མཇུག་སྒྲོ་དང། མངའ་དང། མཆོག་སྦྱིན་པའོ། །ཕྱག་གཡོན་པ་གསུམ་ན་རིན་པོ་ཆེའི་སྙེམ་དང། གཞུ་དང། ཕང་པར་གནས་པའི་བུམ་པའོ། །སྣ་ཚོགས་པའི་རྒྱན་དང ་ཤམ་ཐབས་ཅན། སྒེག་པ་ལང་ཚོལ་བབ་པའི་ཆ་ལུགས་ཅན། ཟླ་བའི་འོད་དང་ལྡན་པའི་གདན་ཅན། ཕྱེད་ཀྱི་སྒྱིལ་ཀྲུང་ཅན། །དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་དུ་སྐད་ཅིག་གིས་བསྐྱེད་ལ། དེའི་སྤྱི་བོ་དང། ལྐོག་མ་དང། སྙིང་ག་དང། ལྟེ་བ ་