CLOSE WINDOW

N2728: 'phags ma gdugs dkar mo can gzhan gyis mi thub pa sgrub pa'i thabs
Wyliee-texts based on the ACIP/ALL Input

ནས་སྦྱང་བ་རྫོགས་སོ།། །།ཱ་ཙ་རྱ་བི་ན་ཡ་ཙནྡྲ་དང། ལོ་ཙ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཨཱརྱ་སི་ཏཱ་ཏ་པ་ཏྲེ་ཨ་བ་རཱ་ཛི་ཏི་སཱ་དྷ་ནཾ། ་བོད་སྐད་དུ། འཕགས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་སྒྲུབ་པའི་ཐབས། བསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་པོར་ཐོ་རངས་ལངས་ཏེ། བྱང་ཆུབ་ཀྱི་སེམས་དྲན་པར་བྱས་ལ། རང་ཐ་མལ་པའི་སྙིང་གི་ཕྱེ་བའི? ་སྟེང་དུ་ཟླ་བ་ཉ་བ་ལ་ཨོཾ་དཀར་པོ་བསམས་ཏེ། དེའི་འོད་ཀྱིས་རང་གི་སྡིག་པ་དག་པ་དང། ཁ་དང་བ་སྤུའི་སུ?་གནས་འཐོན་ཏེ། སེམས་ཅན་གྱི་དོན་བྱས་ཤིང། །འོག་མིན་ནས་གདུགས་དཀར་མོ་ཅན། བླ་མ་དང་སངས་རྒྱས་དང། བྱང་ཆུབ་སེམས་དཔས ་སྐོར་བ་མདུན་གྱི་ནམ་མཁའ་ལ་སྦྱན་དྲངས་ཏེ། ཕྱག་འཚལ་བ་དང། མཆོད་པ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། སྐྱབས་སུ་འགྲོ་བ་དང། ལམ་རྟེན་པ་དང། སེམས་བསྐྱེད་དེ། ཡན་ལག་ལྔ་པ་བྱས་ལ། དེའི་བསོད་ ་ནམས་བྱང་ཆུབ་ཏུ་བསྔོ་བ་བྱའོ། དེ་ནས་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ་པར་བྱའོ། །དེ་ནས་སྣོད་བཅུད་མ་ལུས་པ་བསྡུས་ཏེ། སྟོང་པ་ཉིད་དམིགས་ལ། ཨོཾ་ཤཱུནྱ་ཏཱ་ཛྙ་ཏཱ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་དོ།། ་དེའི་རྗེས་སུ་པཾ་ལས་པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དམིགས་ལ། དེའི་སྟེང་དུ་ཨོཾ་དཀར་པོ་དང་བཅས་པར་གྱུར་པ་ལས། གདུགས་དཀར་པོ་ཅན་གྱི་སྐུ་བསམ་ཏེ། ཞལ་གསུམ་པ་ལ་ཕྱག་དྲུག་མ། །སྐུ་མདོག་དཀར་མོ་འགྱིང་བག ་ཅན། །དབུས་དཀར་གཡས་སྔོ་གཡོན་དམར་ཞལ། །སྤྱན་གསུམ་ཁྲོ་མོའི་ལྟ་སྟངས་ཅན། གཡས་པ་འཁོར་ལོ་ལྕགས་ཀྱུ་མངའ་། །གཡོན་པ་རྡོ་རྗེ་དཀར་པོ་གཞུ། ཞགས་པ་དང་བཅས་སྡིགས་མཛུབ་ཉིད། །གཟའ་ཀུན་འཇོམས་པར་བྱེད་པ་མ ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། ལྷ་ཡི་རྒྱན་དང་ན་བཟང་ལྡན། །རྣམ་སྣང་མཛད་ཀྱིས་དབུ་རྒྱན་མ། །དེ་ལྟར་བདག་ཉིད་ལྷ་མོར་བསམ། །དེའི་སྙིང་གར་པདྨའི་སྟེང་ཟླ་བ་ལ་ཨོཾ་དཀར་པོའི་འོད་ཟེར་གྱིས། ཡེ་ཤེས་སེམས་དཔའ་སྤྱན ་དྲངས་ལ་བཞུགས་པ་དང། དབང་བསྐུར་ཞིང་རིགས་ཀྱི་དབུ་རྒྱན་གྱིས་བདག་པོ་རྣམ་སྣང་གིས་རྒྱས་གདབ་སྟེ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ཕྱག་རྒྱ་བཅས་ཏེ། ལག་པ་ཁུ་ཚུར་སྙིང་གར་བཅའ་སྟེ། ལག་བ་གཡོན་པའི་ཁུ་ཚུར ་གཡས་པའི་མཛུབ་མོ་ནས་གྱེན་དུ་བལྟ་བར་བྱའོ། །སྔགས་བཟླས་པ་ནི། ཨོཾ་སི་ཏཱ་ཏ་བ་ཏྲེ་ཨ་བ་རཱ་ཛི་ཏ་སརྦ་དྲན་ཧཱ་ན་ཏྲ་ཡཱ་ཡ་ཡཱ་ཧ་ན་དྲུཾ་དྲུཾ་ཏྲཾ་ཏྲཾ་ཕཊ་ཕཊ་སྭཱཧཱ། སྙིང་པོའོ། །གཏོར་མ་ནི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཨོཾ་ཨ་ཀཱ་? ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱ་ནུ་ཏནཔན་ཏྭཱཾ་ཏ་ཨོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཞེས་འབྱུང་པོ་ཐམས་ཅད་པའི་གཏོར་མས་སྦྱིན་པར་བྱའོ། །འཕགས་པ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་རྫོགས་སོ།། །། ་རྒྱ་གར་ཤར་ཕྱོགས་ཀྱི་པཎྚི་ཏ་བི་བྷུ་ཏི་ཙནྡྲ་དང། གློ་བོ་ལོ་ཙ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། བྷ་ག་ཝ་ཏི་ཨུཥྞཱི་ཥ་བི་ཛ་ས་སྟོ?་ཏྲ། བོད་སྐད་དུ། བཅོམ་ལྡན་འདས་མ་གཙུག ་