CLOSE WINDOW

N2727: rab tu gnas pa'i cho ga zhes bya ba
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ།། །།ཟངས་དཀར་ལོ་ཙ་བས་ཐོ་ལིང་གི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི་ནཱ་མ། བོད་སྐད་དུ། རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ། ་འཕགས་པ་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །བླ་མ་རྗེ་བཙུན་སྤྲུལ་པ་ཡི། །རང་བཞིན་ལྷ་མོ་གུས་བཏུད་དེ། །རབ་གནས་ཆོ་ག་བསྡུ་པ་ཡི། །མན་ངག་རིམ་ལས་བྲི་བར་བྱ། །དེ་ལ་གང་ཟག་ཐམས་ཅད་ལ། །རབ ་གནས་འཐད་པ་མ་ཡིན་ཏེ། །སྐྱེ་བ་མེད་པའི་ངོ་བོ་ལ། །གང་གི་གང་ལ་ཇི་ལྟར་ནི། །རབ་ཏུ་གནས་པ་བྱས་པ་ཡོད། །ཀུན་རྫོབ་ལ་ཡང་གནས་བས་ནི། །དེ་ཡི་བྱིན་བརླབ་མི་ཤེས་པས། །རབ་གནས་ཆོ་ག་འཐད་པ་མིན། །ལས་དང་པོ་ཡི་རྣལ་འབྱོར ་ལ། །རྒྱུད་སྦྱངས་དང་དང་ངེས་བསྐྱེད་ཕྱིར། །རབ་ཏུ་གནས་པར་བྱ་བར་གསུངས། །དེ་ལ་དང་པོར་སློབ་མ་ཡིས། །གཞི་དང་རྫས་རྣམས་ཚོགས་གྱུར་ནས། །མཚན་ཉིད་ལྡན་པའི་བླ་མ་ལ། །ལན་གསུམ་གར་དུ་གསོལ་བ་གདབ། །གནང?་པ་བྱིན་ལ་བླ་མ ་ཡིས། །བསྙེན་པའི་ཆོ་ག་བརྩམས་པར་བྱ། །རབ་འབྲིང་རྟགས་དང་ལྡན་པས་ནི། །སྟ་གོན་ཆོ་ག་ལ་འབད་བྱ། །ས་ཕྱོགས་ལ་སོགས་སྔོན་འགྲོ་པས། །དཀྱིལ་འཁོར་ཁྲུས་ཀྱི་སྟེགས་བུ་དག། བསྟར་བ་བ?་ཡི་རྣམ་ལྔས་བྱུང། །བརྟན་པའི་ཆོ་ག་ཡན་ལག ་བྱ། །དེ་ནས་བུམ་པ་མཚན་ཉིད་ལྡན། །བཀྲུ་དང་བརྒྱན་པ་ལ་སོགས་བྱ། །རང་རང་མཚན་མ་བཀོད་ལ་གཞག་།བསྐྱེད་དང་བཟླས་པ་རྫོགས་པར་བྱ། །རྣམ་རྒྱལ་བུམ་པར་ཆུ་བསྡུས་ལ། །གཟུངས་ཐར་རྡོ་རྗེས་གཟུང་ལ་བཞག། དེ་ནས་མཆོད་སྟོར ་རྒྱས་པར་བྱའོ། །བུམ་པ་སྟ་གོན་བྱ་བའོ། །ཟླ་བ་དྲུག་དང་གཟའ་བཞི་དང། །རྒྱུ་སྐར་བཅུ་བཞི་ལ་བབ་དང། །ཚེས་གྲངས་བདུན་གྱི་གྲངས་ཉིད་དང། །རྒྱས་པའི་རབ་གནས་ལ་སོགས་བྱ། །དེ་ནས་རབ་ཏུ་གནས་པའི་གཞི། །དགྲམ་དང་འཕན་གདུགས ་རྒྱལ་མཚན་གྱིས། །གནས་ཁང་བརྒྱན་དང་མཆོད་པ་བཤམ། །ལུགས་མ་ལ་སོགས་སྟེགས་བུ་སྟེ། །རས་རིས་ལ་སོགས་བྱང་དུ་བསྒྲིག། ཁྲུས་དང་མཆོད་པའི་རྫས་ཚོགས་བྱ། །རས་རིས་སྐུ་ལོ་དཀྲ་ཤིས་བྱ་སྟེ། །གྱུར ་བསལ་ལ་སོགས་ཆོ་ག་ནི། །ཡུངས་ཀར་ཆུ་དང་འབྲུ་ཟན་དང། །དཱུར་བས་བྱབས་ཏེ་སྦྱང་བར་བྱ། །ོཾ་བཛྲ་བ་དྲ་ཞེས་པའི་སྔགས་ཀྱིས་སོ། །དེ་ནས་བ་ཡི་རྣམ་ལྔ་དང། །བདུད་རྩི་ལྔ་ཡིས་སྣོད་བཀང་ལ། །དཱུར་བའི་པིར་གྱིས་བཀྲུས་པར་བྱ། ། ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱཧཱ། །དེ་ནས་ཏིལ་མར་དྲི་ཞིམ་བ། །སྤོས་ཀྱིས་བསྒོས་པས་གོང་ལྟར་བྱུག་།དེ་ཡི་སྔགས་ནི་འདི་ཡིན་ཏེ། །ོཾ་ཧཱུཾ་ཏྲཾ་ཧྲི་བཾ། དེ་ནས་དེ་ནི་བསལ་བའི་ཕྱིར། །ུ་དུམ་བ་ར་ཤིར་ཤ་དང། ། ཤྭདཐ་དང་ནྱ་གྲོ? ་དང། །བརྐ་ཏི་ཡི་ཤུན་པ་ཡི། །ཕྱེ་མས་བསྐུས་ཏེ་བཀྲུ་བར་བྱ། །དེ་ནས་སྐྱུ་རུ་ར་སོགས་པ། །བདག་ཆལ་ཀུན་གྱིས་བྱུག་པར་བྱ། །དེ་ནས་བུམ་བའི་ཆུ་གཙང་དང། །དྲི་ཞིམ་བདུད་རྩི་ལྔ་ཡིས་བཀྲུ། །བླ་མ་སངས་རྒྱས་བྱང་ཆུབ་སེམས་? ་པའི་རིགས་འཛིན་ལ་སོགས་ཀུན། །བཀྲ་ཤིས་བརྗོད་དང་མཆོད་བསྟོད་བསམ། །ལྷ་མོས་ཆུ་ནི་བླུགས་བསམས་ཏེ། །ཇི་ལྟར་བལྟམས་བ་ཙམ་གྱིས་ནི། །དེ་བཞིན་གཤེགས་པ་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེར་ནི? ་བདག་གིས་ཁྲུས་གསོལ་ལོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཨཱ(རྒྱུད་འགྲེལ་སོགས་ལ་ཁྲུས་སོགས་བྱ། །དེ་ནི་ཁྲུས་ཀྱི་ཆོ་ག་ཡིན། །ཙན་དན་གཉིས་དང་གུར་ཀུམ་དང། །ལང་གུ་ལྡན་ཏེ་དྲི་ལྔ་ཡིས། །རྟེན་ལ་ཐིག་ལེ་བྱས་དེ་ནས། །ོཾ་བཛྲ་གནདྷེ་ཨཱ(རྒྱུད་འགྲེལ་དབུལ་བར་བྱ། །དེ་ནས་ཡེ་ཤེས་སེམས་དཔའ་ནི། །ནམ་མཁར་སྤྱན་དྲངས་མཆོད་བསྟོད་ལ། །ཁྱད་པར་རིགས་ཀྱི་ལྷ་བལྟས་ཏེ། །ཐུགས་ཀ་སྤྱི་བོ་མགྲིན་པ་དང། །ཕྲག་པ་རྡོ་རྗེ་དང་བཅས་པས། །རེག་ལ་ལག་ཏུ་སྤོས་ཐོགས་ཏེ། །བུས་མོ་སར་གཙུགས ་ལྕེ་ཧཱུཾ་ལས། །རྡོ་རྗེ་དམར་པོར་བྱ་སྟེ་བརྗོད། །བཅོམ་ལྡན་གཙུག་ཏོར་གདུགས་དཀར་ཅན། །རིག་སྔགས་རྐྱལ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེའི་བདག་ཉིད་ཅན་ཁྱོད་ཀྱི། །སང་ནི་རབ་གནས་བགྱིད་པར་འཚལ། །སློབ་མ་ལ་ནི་བརྩེ་བ་དང། །ཁྱོད ་རྣམས་ལ་ནི་མཆོད་པའི་ཕྱིར། །གུས་པས་བདག་དང་དེ་ལ་ནི། །བཅོམ་ལྡན་བཀའ་དྲིན་མཛད་པའི་རིགས། །འགྲོ་བ་འཁོར་ལོའི་བྱ་དོན་ཕྱིར། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །དགྲ་བཅོམ་བྱང་ཆུབ་སེམས་རྣམས་དང། །གང་ཡང་སྔགས་ཀྱི ་ལྟ་གཞན་དང། །ལྷ་དང་འཇིག་རྟེན་སྐྱོང་བ་དང། །བསྟན་པ་ལ་ནི་མངོན་དགའ་ཞིང། །བྱང་ཆུབ་ལ་བརྟེན་འབྱུང་བོ་དང། །རྡོ་རྗེ་སྤྱན་ལྡན་སེམས་ཅན་རྣམས། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག་།རིག་པ་ཡི་ནི་རྒྱལ་པོ་ཡི། །ཇི་ལྟར་ནུས་པའི་མཆོད་པ་དང ་འགྲོ་བ་ཞི་བས་རབ་གནས་བགྱིད། །སློབ་མ་མཆོད་དང་བདག་ལ་ནི། །ཁྱོད་ཀྱིས་ཐུགས་བརྩེ་ཉེར་བཟུང་ནས། །རབ་གནས་འདི་ལ་ཐམས་ཅད་ཀྱིས། །ཐུགས་བརྩེར་ལྡན་པས་གནས་པར་མཛོད། །དེ་ནས་ཛ(རྒྱུད་འགྲེལ་རྣམས་དམ་ཚིག་བསྟིམས། །བྱིན་བརླབས་དབང་བསྐུར་རྒྱས་གདབ་བྱའོ། །དེ་ནས་མཆོད་པ་རྣམ་ལྔ་དང། །སྒྲ་ཡི་ཚོགས་པ་དཔག་མེད་དབུལ། །དེ་ནས་བུམ་ཆུས་སླར་ཡང་བཀྲུ། །དེ་ནས་ལྷ་ཡི་རྟགས་དག་ནི། །སྐྱོན་ལྔ་སྤངས་ལ་བཤད? ་པར་བྱ། །དེ་ནས་དང་པོར་གསོལ་བཏབ་ལ། །ནང་དུ་བྱོན་པར་འདོད་པ་ཡིས། །ཚིགས་བཅད་ཡང་ནི་ཡི་གེ་བྱ། །ཐ་མ་མུ(རྒྱུད་འགྲེལ་ཐིག་ཚོན་ལ་སོགས་བྱ་བ་ནི། རྒྱས་པའི་དཀྱིལ་འཁོར་ཆོ་ག་ལྟར། །མཆོད་པའི་དངོས་པོ་གསེར་ཐུར་དང། །རྒྱན་དང་སྐུ་ཆིངས་གླེགས་ཤིང་དང། །ན་བཟའ་ལ་སོགས་རྒྱས་པར་བྱ། །དཀྱིལ་འཁོར་བསྐྱེད་ལ་བཟླས་སོགས་བྱ།། ་དབང་བླང་དམ་ཚིག་རྫོགས་པར་བྱ། །དེ་ནས་གཞིམ་བཀྲུ་ལ་སོགས། །གོང་གི་ཆོ་ག་ལྟར་བྱའོ། །དེ་ནས་ས་བོན་ལྷ་བཀུག་ལ། །ནམ་མཁའ་གནས་ལ་མཆོད་བསྟོད་བྱ། །སྤོས་དང་རྡོར་བྲིལ་ཐོགས་ནས་སུ། །བུས་གཙུག་གོང་ལྟར་བྱིན་བརླབས་ཏེ།། ་སང་ནི་རབ་གནས་བགྱིད་ལགས་ན། །ཞེས་པ་བགྱིད་པར་འཚལ་དུ་བསྒྱུར། །དེ་ནས་ཡེ་ཤེས་སྤྱན་དྲངས་ལ། །ཛ(རྒྱུད་འགྲེལ་བྱས་ཏེ་བུམ་ཆུས་བཀྲུ། །རྣམ་སྣང་རང་གི་རིགས་ཀྱི་ལྷ། །གང་ཡིན་པས་ནི་རྒྱས་གདབ་བོ། །དེ་ནས་དབང་གཞན་རིམ་པས་བསྐུར། །ོཾ་བཛྲ་ཨཱ་བྷ་ར་ཎ་བི་བྷུ་ཥ་ནི་སྭཱཧཱ། །ཞེས་པས་རྒྱན་གྱིས་མཆོད་པ་འབུལ། །དེ་ནས་རང་རང་རིགས་ཀྱིས་བསྟོད། ། ་གསེར་ཐུར་ཨ་ཛ་ན་བྱུགས་པས། །སྤྱན་དབྱེ་སྔགས་ནི་འདི་ཡིན་ནོ། །ོཾ་ཙཀྵུ་ས་མནྟ་ཙཀྵུ་ཙཀྵུ་བི་ཤོ་དྷ་ནི་བཛྲེ་སྭཱཧཱ། ཨོཾ་ཨན་ད་ས་མཱ་དྷི་དྷཡ་ནཾ་པྲ་ན་ནེ་སྭཱཧཱ། ཞེས་པས་བཟའ་བ་བཟང་པོ་དབུལ། །དེ་ནས་བདུད་རྩི་འཁྱིལ་བ་ཡི། །སྔགས་ཀྱི་ཞབས ་བཀོད་དབུལ་བ་ནི། །རྡོ་རྗེ་བཟུང་བའི་ལག་གཡས་ཀྱིས། །ལན་གསུམ་བསྐོར་ལ་བརྟན་པར་བྱ། །དེ་ནས་སུ་བྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་པས་གནས་སུ་གཞུག་པར་བྱ། །དེ་ནས་མཆོད་བསྟོད་རྒྱས་པར་བྱ། །དེ་ནས་བླ་མས་སློབ་མ་ལ། །ཁྱོད་ཀྱིས་ང་ལ ་གསོལ་བཏབ་པའི། །སྐུ་གཟུགས་ད་ནི་ཁྱད་པར་དུ། །ཇི་སྐད་གསུངས་བཞིན་སྤྱན་དབྱེ་བ་།དེ་ནི་ངས་ཀྱང་བྱས་འགྱུར་ཏེ། །ཁྱོད་ཀྱི་དེ་ནི་ཀུན་རྫོབ་པས། །ཅི་བདེ་བར་ནི་མཆོད་པར་བྱོས། །ཞེས་བྱ་ཞལ་ཁབ་ལ་སོགས་བྱ། །དེ་ནས་སློབ་མས ་མཆོད་པ་དང། །བླ་མ་ཡོན་གྱིས་མཉེས་པར་བྱ། །བླ་མས་ལེགས་ལྡན་གཏོར་མས་མཆོད། །བྱིན་ཆེན་བཀྲ་ཤིས་ཡུན་རིང་དུ། །བཞུགས་པར་བཀའ་ཡིས་ཆོས་སྐྱོང་བསྒོ། །གསོལ་བཏབ་ལ་སོགས་བླ་མས་བྱ། །སློབ་མའི་སྒྲིབ་པ་གཞོམ་པ་དང། །རང ་གི་ལྷག་ཆང་བསྐང་བའི་ཕྱིར། །སྦྱིན་སྲེག་ཆོགས་བསྐད་བར་བྱ། །བསྡུ་གཤེགས་སྨོན་ལམ་གདབ་པར་བྱ། །མཆོད་བསྟོད་ལ་སོགས་རྒྱས་པར་བྱ། །རབ་ཏུ་གནས་པའི་ཆོ་ག་འདི། །ཀཱ་མ་དྷེ་ནུའི་རྗེས་འབྲངས་ཏེ། །པདྨའི་ལྕགས་ཀྱུས་མཚན་པ་ཡི། །དགེ ་སློང་གིས་སྦྱང་བསོད་ནམས་ཀྱིས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང། །སྤྲུལ་པའི་སྐུ་དང་མཉམ་འགྱུར་ཤོག་།མང་དུ་ཐོས་པའི་སློབ་དཔོན་པདྨའི་ལྕགས་ཀྱུས། །རིགས་ལྡན་ཧ་ར་པའི་སློབ་དཔོན་ཀཱ་མ་ལ་དྷེ་ནུས་པའི་རྗེས་སུ་འབྲངས ་ནས་སྦྱང་བ་རྫོགས་སོ།། །།ཱ་ཙ་རྱ་བི་ན་ཡ་ཙནྡྲ་དང། ལོ་ཙ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཨཱརྱ་སི་ཏཱ་ཏ་པ་ཏྲེ་ཨ་བ་རཱ་ཛི་ཏི་སཱ་དྷ་ནཾ། ་