CLOSE WINDOW

N2720: gtsug tor nas byung ba'i gdugs dkar mo can gyi cho ga zhes bya ba
Wyliee-texts based on the ACIP/ALL Input

ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བའི་སྦྱིན་སྲེག་གི་ཆོ་ག་།སློབ་དཔོན་རྡོ་རྗེ་རྣོན་པོས་མཛད་པ་རྫོགས་སོ།། །།*། །རྒྱ་གར་སྐད་དུ། ཨུཥྚཱི་ཥ་བྷ་པཱ་སི་ཏཱ་པ་ཏྲེ་དི་དྷི་ནཱ་མ། བོད་སྐད་དུ། གཙུག་ཏོར ་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་ཆོ་ག་ཞེས་བྱ་བ། རྗེ་བཙུན་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣམ་སྣང་མཛད་རིགས་གཙུག་ཏོར་གྲགས། །ཕྱག་སྟོང་སྤྱན་སྟོང་ཞབས་བཏུད་ནས། །གཟུངས་ཀྱི་རིམ་པ་ལས་བྱུང་བའི། །དཀྱིལ་འཁོར་ཆོ་ག་བཤད ་པར་བྱ། །ཆུ་ཀླུང་ངམ། ནགས་ཚལ་ལམ། ཆུ་པོའི་འགྲམ་མམ། རེའི་སུལ་ལམ། ཕུག་གམ། ཡིད་དང་མཐུན་པའི་ཡུལ་དབེན་པ་བས་མཛའ་ཨི་དགོན་པར། སློབ་དཔོན་གཙུག་ལག་མཁས་པ་ཆོས་ལ་དགའ་བ་བསླབ་པ་བསང་བ་འགྲོགས་ན་བདེ ་བ། སྙིང་རྗེ་ཅན་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དཀྱིལ་འཁོར་ལ་སོགས་པའི་ལས་ལ་མཁས་པ་རྨི་ལམ་དུ་རྟགས་དང་མཚན་མ་ཐོབ་པ། སྒྲུབ་པའི་གྲོགS་པོ་རིགས་བཙུན་པ་ཆོས་སྤྱོད་པ་དད་པ་ཅན་སྙིང་སྟོབས་ཆེ་ཞིང་བརྩོན་འགྲུས་ཅན་བསམ ་པ་བཟང་ཞིང་མི་སྐྱོབ་གཞན་གྱིས་བྲིད་ཀྱང་འཕགས་པའི་ཚུལ་མི་གཏོང་བའི་གྲོགས་དང་ལྷན་ཅིག་ཏུ། སྟན་བད་པ་ལ་འདུག་སྟེ། སྒྲུབ་པའི་ཡན་ལག་ནི་རྫས་མེ་ཏོག་དཀར་པོ་དྲི་ཞིམ་པ་དང། རྩ་བ་དང་སྡོང་བུ་ལ་སོགས་པ་སྦྱར་བའི་སྤོས་དཀར ་པོ་དང། ཙན་དན་དཀར་པོའི་དྲི་དང། འདྲས་དཀར་གྱི་བཤོས་དང། ལུག་ལ་སོགས་པ་དཀར་བ་ལས་བྱུང་བའི་མར་གྱི་མར་མེ་དང་འབྲས་ཡོས་དང། ཙན་དན་དཀར་པོ་དང། མེ་ཏོག་དཀར་པོ་དང་ལྡན་པའི་ཨརྒྷ་དང། གཙུག ་ཏོར་དཀར་མོའི་ཉེ་བའི་སྙིང་པོ་བཟླས་པའི་ཁྲུས་བྱས་ལ། སྙིང་པོ་སྔགས་བཟླས་ཏེ། སྟོང་གཡོགས་དང་སྨད་གཡོགས་དཀར་པོ་བགོས་ནས། གཙུག་ཏོར་ནས་བྱུང་བ་བཞིན་ཚོགས་སོག་པའི་ལྷ་མདུན་དུ་སྤྱན་དྲངས་ལ། བདུན་རྣམ་དག་བྱས ་ཏེ། གཙུག་ཏོར་ནས་བྱུང་བ་བཞིན་དུ་ཁྲོ་མོ་བཅུ་བདུན་བསྒོམས་ལ་སྔགས་བཅུ་གསུམ་བརྗོད་ནས་ཐུགས་ཀའི་འོད་ཟེར་ལས་ར་བ་དང་དྲ་བ་དང། བླ་རེ་དང་མེ་འོད་རྣམས་བྱུང་སྟེ་བསྲུང་བར་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གར་ཡི་གེ ་ཧཱུཾ་བཀོད་ནས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་དབྱངས་ཡིག་བཅུ་དྲུག་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ་དེའི་སྟེང་དུ་ཡི་གེ་ཧཱུཾ་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་དགུ་ཡས་མོ། །དེ་ནས་འོད་ཟེར་སྤ ་ར་ཎ་ཧཱུཾ་ཞེས་པས་སྤྲོ་བ་དང། སཾ་ཧ་ར་ཎ་ཧཱུཾ་ཞེས་པས་བསྡུས་ནས། བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྡོ་རྗེ་དང་ཞགས་པ་བསྣམས་བ། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ག་གདན་དུ་བཏིང་བ། སྐུ་མདོག་སྔོན་པོ་སངས་རྒྱས་ལྔའི་ཅོད་པན ་ཅན། རྡོ་རྗེའི་རྒྱན་གྱིས་བརྒྱན་པ། མེའི་ཕུང་པོའི་དབུས་ན་བཞུགས་པ་བསམས་ལ། དེའི་སྙིང་ག་ནས་ཉེ་བའི་སྙིང་པོའི་སྔགས་བརྗོད་པས་ཤར་ལ་སོགས་པའི་ཁྲོ་མོ་བརྒྱད་སྤྲུལ་པ་ཧཱུཾ་དྲུཾ་ཧྲི(རྒྱུད་འགྲེལ་བརླབས་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་བཟླས་ནས། དེའི་མདུན་དུ་གདུག་པ་ཐམས་ཅད་ཚར་གཅོད་པའི་དཀྱིལ་འཁོར་དབུ་སྟོང་མངའ་བ། ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན ་འབྲེལ་པ་ནས་འབྱུང་བ་བཞིན་བསྒོམས་ལ། མཆོད་པྲ་མཆོད?་པ་དང་གཙུག་ཏོར་དཀར་མོའི་གཟུངས་ཀྱིས་བསྟོད་པ་དང། བདག་དང་མཛའ་ཡས་པའི་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ་ཞེས་ཕྲིན་ལས་བཅོལ་ལ། སྙིང་པོའི་དཀྱིལ་འཁོར་ཕྱོགས་སྐྱོང་བ་བཅུས ་བསྐོར་པར་བསམས་ལ། གཏོར་མ་བཅུ་དབུལ་བ་དང། གདོན་ཐམས་ཅད་ལ་གཏོར་མ་གསུམ་མཁའ་སྤྱོད་དང། ས་སྤྱོད་དང་ས་འོག་ན་སྤྱོད་པའི་དབྱེ་བས་ཕྱེ་བ་ལ་མཆོད་པ་ཕུལ་ནས་བཟུངས་ནས་འབྱུང་བ་བཞིན་དུ་ཕྲིན་ལས་བཅོལ་ལ་གཤེགས་སུ་གསོལ ་བར་བསམ་པར་བྱའོ། །དེ་ནས་ཉེ?་བའི་སྙིང་པོའི་འཁྲུལ་འཁོར་བྲིས་ལ་རྒྱལ་རིགས་ལ་སོགས་པ་ལ་གདགས་སོ། །ཡང་ན་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྔལ་གྱི་སྒོར་བཙུགས་ཏེ། ཀློག་པ་བཞི་ཕྱོགས ་བཞིར་བཞག་ལ་མཆོད་པ་ཆེན་པོ་བྱས་ལ་སྐོར་བ་བརྒྱ་རྩ་བརྒྱད་བྱ་བ་འམ། ཡང་ན་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལ་སྐོར་བ་བྱའོ། །ལས་འདི་ཐམས་ཅད་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་འདུམ་སྔོན་དུ་བཟླས? ་ཏེ། གཟུངས་བརྒྱ་རྩ་བརྒྱད་བཟླས་ལ་ཚོན་དཀར་པོས་དཀྱིལ་འཁོར་བྲིས་ཏེ། མཆོད་ནས་ལས་ཐམས་ཅད་ཤེས་པར་བྱའོ། །གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་གྱི་གཟུངས་འདོན་པའི་ཆོ་ག་།སློབ་དཔོན་ཤུ་རིག་པདྨ་མཛད?་མཛད་པ ་རྫོགས་སོ།། །།ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། །།གཙུག་ཏོར་གདུགས་དཀར་མོ་ལ་བསྟོད་པ། སྲིད་གསུམ་སྟོན་པ་ལྷ་ཡི་ལྷ། །མཚུངས་མེད་བདེ་གཤེགས ་