| Wylie | e-texts based on the ACIP/ALL Input |
མཆོད་རྟེན་སྒྲུབ་པའི་ཆོ་གའི་རིམ་པ་མདོར་བསྡུས་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།ཟངས་དཀར་ལོ་ཙའི་འགྱུར་རོ།། །།རྒྱ་གར་སྐད་དུ། ཨུཥཏཱི?་ཥ་སཱི་ཏཱ་ཏ་པ་ཏྲེ་ཧོ་མ་བི་བྷི། བོད ་སྐད་དུ། གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་སྦྱིན་སྲེག་གི་ཆོ་ག་།གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །གཞན་དོན་?་ཕྱིན་ལྷ་མོ་ནི། །གདུགས་དཀར་ཅན་ལ་ཕྱག་འཚལ་ཏེ། །ལྷ་རྣམས་མཉེས་པར་བྱ་བའི་ཕྱིར། །སྦྱིན་སྲེག་གིས ་ནི་ཚིམ་པར་བྱ། །དྲི་ཞིམ་པའི་ཆུས་ལེགས་པར་ཁྲུས་བྱས་གོས་སར་པ་བགོས་ཏེ། རྒྱན་ཁྱད་པར་ཅན་བཏགས་ལ་བགེགས་བསྲུང་བ་དང། བསྲུང་པའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་རྒྱུད་དག་པར་བྱ་སྟེ། ཕྱག་དང་མཆོད་པ་ལ་སོགས ་རྒྱུད་དག་པར་བྱའོ། །བརྩམ་དུ་རུང་པའི་ས་ཕྱོགས་སུ་ཕྲིན་ལས་དང་སྦྱར་ཏེ། ཐབས་དང་རྫས་ལ་སོགས་པ་རྫོགས་པར་བྱས་ལ། །ཤིང་གང་ཡིན་པ་བཅེར་ཏེ། མཆོད་པ་དང་བསྲེག་རྫས་ཆོགས་པ་དང། ཨོཾ་བཛྲ་ཛཝ་ལ་རཾ་ཞེས་པས་ཡེ?་སྤར་ལ། དེ ་ནས་སྟོང་པ་ཚད་མེད་བར་བསྒོམས་ཏེ། ཨོཾ་བཛྲ་ཛཝ་ལ་སརྦ་དྷརྨཱ་བཛྲ་སརྦ་དྷརྨ་སི་ཏེ་ཧཱུཾ་ཞེས་པའི་སྒས་སྟོང་པར་བསྒོམ་མོ། །དེའི་ངང་ལས་འབྱུང་བ་རི་རབ་དང་བཅས་པའི་སྟེང་དུ་ཧྲཱུཾ་ལས་མེ་ཐབས་གཞལ་ལས་ཁང་ལྟ་བུའོ། །དེར་ཨ་དང་ཟླ་བ་ལས་བོན ་གྱི་ཡི་གེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ལྡན་པ་འཕྲོས་ཤིང་འདུས་པ་ལས་མེ་ལྷ་དཀར་པོ་རྒྱན་ཀུན་རྫོགས་པ། ཕྱག་བཞི་པ་ཨག་ཚོམས་སེར་ལ་འཁྱིལ་བ། གསུས་པ་ཆེ་ལ་འབར་བ་གཟི་བརྗིད་ཅན། གཡས་རྡོ་རྗེ ་དང་བགྲང་ཕྲེང་བསྣམས་པ། གཡོན་གཉིས་སྐྱབས་སྤྱིན་དང། ཀུནདེ་བསྣམས་པའོ། །ཐུགས་ཀ་ན་རཾ་དམར་པོ་གྲུ་གསུམ་གྱིས་མཚན་པའོ། །དེ་ནས་དེ་ཉིད་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ཚུར་སྤྱོན་ཚུར་གཤེགས་འབྱུང་བ ་ཆེ། །ལྷའི་རྒྱལ་པོ་དྲང་སྲོང་མཆོག་།སྲེག་བླུགས་ཞལ་ཟས་བཞེས་སླང་དུ། །འབར་བའི་ནང་དུ་གཤེགས་སུ་གསོལ། །ེ་ཧཡེ་ཏི་ཨག་ན་ཡེ་མ་ཧཱ་རཱ་ཛ་ག་ཛ་ཧཱུཾ་འབྱུང་བ་ཆེན་པོ་མེ་ཡི་ལྷ། །ལྷ་རྒྱལ་དྲང་སྲོང་བདེ་བའི་མཆོག་།སྲེག་བླུགས་ཞལ་ཟས ་བཞེས་ནས་ཀྱང། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །དེ་ནས་ཡོན་ཆབ་ཀྱིས་སྤྱན་དྲངས་ལ། བསང་གཏོར་བྱིན་ཏེ་དབང་བསྐུར་བར་བྱའོ། །དེ་ནས་མཆོད་པ་དང་ཕྱག་གིས་མཆོད་དེ། མར་གྱི་དགང་བླུགས་ཕུལ་ཏེ། ཚངས་པའི་འཇིག་རྟེན་མགོན ་སྐྱོབ་པའི། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །སྐུ་བཅས་སྐུ་ནི་དཔལ་དང་ལྡན། །རྔམ་བརྗིད་རྒྱན་ལྡན་ལས་ལ་དབང། །སྲེགས་བླུགས་ཕུལ་བས་ལས་རྣམས་བསྒྲུབས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་ལས་བསྒྲུབ་པ།། ་གཟི་བརྗིད་རྒྱལ་ལ་ཕྱག་འཚལ་བསྟོང། །བསང་གཏོར་ཕུལ་ལ། ཨག་ན་ཡེ་ཧ་དྱ?་ཀ་བྱ་བ་ཏན་ག། ཨ་ཏི་པྱཱ་ཏི་པྱ། སརྦ་པཱ་བཾ་ཤཱན་ཏིཾ་ཀུ་རུ་ཞེས་པ་འམ། ཨོཾ་བཛྲ་ཨག་ན་ལེ་སྭཱཧཱ། ཡཾ་ཤིང་འོད་ལ་གོ། ཨོཾ་ཨ་ག་ན་ཡེ་སྭཱཧཱ། མར་ཞལ་དུའོ། །ོཾ ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱཧཱ། ཏིལ་དང་ཡུངས་ཀར་ཕྱག་དུའོ། །སརྦ་སཾ་བ་དེ། ཞོ་དང་འབྲས་ཆན་ཕྱག་ཏུའོ། ། པྲ་ཏི་ཧ་ཏ་བཛྲ་ཡ་ཀུ་ཤ་གཙུག་ཏུའོ། །བཛྲ་ཨཱ་ཡུ:ཥེ་དུར་བ་གཙུག་དུའོ། །མ་ཧཱ་བེ་ག་ཡ། ནས་ཞལ་དུའོ། །མཧཱ་གྷསྨ་རེ། གྲོ ་ཞལ་དུའོ། །མ་ཧཱ་བ་ལ། སྲན་མ་ཞལ་དུའོ། །མཧཱ་པུཥྚ་ཡེ། འབྲས་སོ་བ་ཞལ་དུའོ། །མཧཱ་ཤྲ་ཡ་ཨ་མ་པོ་ཏི། ཞེས་བྱ་བས། ཛཱ་ཏི་ཕ་ལ་དང། སྟརྐ་དང། བིལྦ་རྣམས་ཞལ་དུའོ། །རྫས་ཐམས་ཅད་མེ་ལྷའི་སྔགས་ཀྱིས་བསྲེག་པར་བྱའོ། །ུ་དུམ་པ་ར་ལ ་སོགས་མིང་དང་ཐོག་མར་བརྒྱན་ཏེ་བསྲེག་པར་བྱའོ། །དྲི་དང་མེ་ཏོག་དང་སྤོས་དང། མར་མེ་དང་མཆོད་ཡོན་རྣམས་ནི་སོ་སོར་དབུལ་བར་བྱའོ། །ོཾ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛཝ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚ་ན་མ་མ་ཧཱུཾ་ཕཊ། ཤན་ཏི་ཀུ་རུ་སྭཱཧཱ། མེ་ལྷ་གཟི་བརྗིད ་བསྐྱེད་པའི་དགང་བླུགས་ཕུལ་ལ། མཆོད་པ་དང་བསྟོད་པ་བྱའོ། །དེ་ནས་མེ་ལྷའི་ཐུགས་ཀར་དཀྱིལ་འཁོར་པ་འམ་ལྷ་རྣམས་དཀར་པོ་ལ་སོགས་པར་བསྐྱེད་པ་ལས་འོད་ཟེར་འཕྲོས་པ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོ་སྤྱན་དྲངས་ལ། དེ་བཞིན ་གཤེགས་པའི་གདུང་དང། རྡོ་རྗེའི་གདུང་དང། པདྨའི་གདུང་དང། གླང་པོའི་གདུང་དང། གཞོན་ནུའི་གདུང་དང། ཀླུའི་གདུང་དང། འདུས་པའི་གདུང་དང། དེ་བཞིན་གཤེགས་པ་མ་ལུས་པ་དང། རྒྱལ་བའི་རྡོ་རྗེ་གཞན་གྱིས་མི་ཐུབ་མ། གཏུམ ་ཆེན་སྟོབས་ཆེན་འབར་བ་མོ། །བགེགས་ཆོགས་འཇོམས་མ་གཤེགས་སུ་གསོལ། །བསང་གཏོར་ཕུལ་ཏེ་མཆོད་ཡོན་གྱི་སྤྱན་དྲངས་ལ་སྔགས་དང་ཕྱག་རྒྱས་བརྟན་པར་བྱའོ། །དེ་ནས་མཆོད་པ་དང་བསྟོད་པ་འབྱུང་བའི་རིམ་པ་བརྗོད་པར་བྱའོ།། ་དེ་ནས་གོང་མ་བཞིན་དུ་དགང་བླུགས་དང། སྲེག་བླུགས་དབུལ་ལོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ། ཨ་མུ་ཀཾ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་སྙིང་པོ་འམ། ཉེ་བའི་སྙིང་པོ་འམ། ཨོཾ་ན་མོ་བྷ་ག་བ་ཏི་ཨུཥྞཱི་ཥཱ་ཡ་ཤུད་དྷེ་བི་ར་ཙ་པི་མ་ལ་སྭཱཧཱ། ཞེས ་བྱ་བའི་སྔགས་སམ། རྫས་སོ་སོའི་སྔགས་རྣམས་ཀྱི་ཁྱད་པར་གྱིས་དཀྱིལ་འཁོར་པ་འམ། ལྷ་རྣམས་ཚིམ་པར་བྱ་སྟེ་སྡིག་པ་སྲེག་པའི་སྔགས་ཀྱིས་བསྲེག་པར་བྱའོ། །དེ་ནས་མཆོད་པ་དང། བསྟོད་པ་བྱས་ལ་སྨོན་ལམ་གདབ། །བདག་གིས ་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་ཕྱག་རྒྱའི་ཚོགས་དང་བཅས་པ། ཇི་ལྟར་ཚོགས་པའི་མཆོད་པ་དང། སྦྱིན་སྲེག་རྣམས་ཀྱིས་མཆོད་པས། བདག་མིང་འདི་ཞེས་བགྱི་བ་དང། སེམས་ཅན་ཐམས་ཅད་སྒྲིབ་པ་གཉི ་བྱང་ནས། ཚོགས་གཉིས་རྫོགས་ཏེ། འདི་ཉིད་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་བར་གྱུར་ཅིག་ཅེས་གསོལ་པ་བཏབ་ལ། གདུགས་དཀར་མོ་ཅན་ཕྱག་རྒྱའི་ཚོགས་དང་བཅས་པ་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་དང་ཡོན་གྱི་བདག་པོ ་རྣམས་ལ་ནང་ཀྱི་རིགས་སུ་གྱུར་པ་རླུང་དང་མཁྲིས་པ་དང། བད་ཀན་དང་འདུས་པ་ལས་གྱུར་པ་ཐམས་ཅད་ཞི་བར་མཛོང་ཅིག་།གདོན་གྱི་རིགས་སུ་གྱུར་པ་གདོན་སྟོང་ཕྲག་བརྒྱད་ཅུ་ལས་ཐར་བར་མཛོད་ཅིག་།འཕྲལ་གྱི་རྐྱེན་ལས་གྱུར་པའི་ནང ་ཐམས་ཅད་ཞི་བར་མཛད་དུ་གསོལ། བཟོད་པར་གསོལ་བ་ནི་བདག་སྙིགས་མ་ལྔའི་དུས་ཀྱི་སེམས་ཅན་དུ་གྱུར་པས་ཡོ་བྱད་མ་ཚོགས་པ་དང། བདག་ལས་དང་པོ་པར་གྱུར་པས་སེམས་ལ་དབང་མ་ཐོབ་སྟེ། བྱིང་བ་དང་རྒོད་པའི་དབང་གིས་མི ་གསལ་བ་དང། ཆོ་ག་ཉམས་ཏེ་ལྷག་ཅད་དུ་གྱུར་པ་ཐམས་ཅད་བཟོད་པ་ཆེན་པོ་མཛད་དུ་གསོལ་ལོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་ཏེ། རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །གཏན་དུ་? ་པ་མ་ལགས་པས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མུ(རྒྱུད་འགྲེལ་རྒྱལ་པོ་དྲང་སྲོང་མཆོག་གྱུར་པ། །ཡེ་ཤེས་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག་།འཛིན་བྱེད་མེ་ལྷ་ཉིད་ལ་ཕྱག་འཚལ་བསྟོད། །གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པ། །བདག་གཞན་དོན་བསྒྲུབས་ལ ་བཞུགས། །ཚངས་པའི་སྲབ་ལ་ཕྱག་འཚལ་འདུད། །དེ་ནས་ཡེ་ཤེས་ཀྱི་མེ་ལྷ་གཤེགས་ཏེ། བསྐྱེད་པ་མེ་འབར་བ་ལ་བལྟས་ཏེ། ཨོཾ་མ་མ་ཧཱུཾ་ནི་སརྦ་ད་ཧ་ན་བཛྲཱ་ཡ་ཆེ་གོ་མོ་ཤཱན་ཏིཾ་ཀུ་རུ་སྭཱཧཱ། ཞེས་བྱབས་བརྒྱ་འམ་སྟོང་དམ་ཁྲིའམ་འབུམ་མམ ་ཇི་སྲིད་ནུས་པས་སྲེག་པར་བྱའོ། །བདག་གི་ཆོ་གའི་རིམ་པ་འདིས། །ལྷག་པའི་ལྷ་རྣམས་མཉེས་བྱ་སྟེ། །སྲིད་པའི་བཙོན་དར་ཉམ་ཐག་པའི། །འགྲོ་ཀུན་སྲིད་མཚོ་བརྒལ་བར་ཤོག་།འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར ་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བའི་སྦྱིན་སྲེག་གི་ཆོ་ག་།སློབ་དཔོན་རྡོ་རྗེ་རྣོན་པོས་མཛད་པ་རྫོགས་སོ།། །།*། །རྒྱ་གར་སྐད་དུ། ཨུཥྚཱི་ཥ་བྷ་པཱ་སི་ཏཱ་པ་ཏྲེ་དི་དྷི་ནཱ་མ། བོད་སྐད་དུ། གཙུག་ཏོར ་