CLOSE WINDOW

N2718: mchod rten sgrub pa'i cho ga'i rim pa zhes bya ba
Wyliee-texts based on the ACIP/ALL Input

བཞི་འམ། དྲུག་ཏུ་མཆོད་བསྟོད་བྱས་ཏེ་བྱོ་བ་དང། བཟློག་པར་གསོལ་བ་གདབ་པ་དང། ལྷ་མ་སྲིན་སྡེ་བརྒྱད་དང། ཡུལ་ལྷའི་གསོལ་བ་གདབ་པར་བསམ་མོ། །དེ་ལྟར་ཐུན་བཞི་འམ་དྲུག་ཏུ་བསྔགས་པ་དེ། ཚེས ་གྲངས་དང། གཟའ་སྐར་བརྩིས་ཏེ། དུས་ལ་ཕབ?་ན་སྐྱེས་བུ་སྔགས་དང་ལྡན་པ་འམ། ཆོ་ག་དང་ལྡན་པས་ཟོར་ལམ་ཕྱེ་བར་ཟོར་བསྐྱལ་ཏེ། དེ་ལྟ་བུ་ཡང་རང་ངམ། གཞན་ཤིན་ཏུ་ཉེན་ཆེ་ན། ནར་མར་བྱས་པས་དུས་མ་ཡིན་པར་འཆི་བ ་བརྒྱད། དགྲ་དང་བགེགས་བཟློག་པར་ངེས་ཏེ། བྱོལ?་སྔགས་བཟླས་ཀྱང་འགལ་བ་མེད་དོ། །བཟློག་པའི་ཟོར་བྱ་བའི་ཆོ་ག་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། བི་ཏཱི་སཱ་དྷ་ན་བི་དྷི ་ཀྲ་མ་ནཱ་མ། བོད་སྐད་དུ། མཆོད་རྟེན་སྒྲུབ་པའི་ཆོ་གའི་རིམ་པ་ཞེས་བྱ་བ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དབང་པོ་ལ་ཕྱག་འཚལ་ལོ། །ཐུན་མཚམས་ལས་དང་དང་པོ་ཡི། །གང་ཟག་དག་གིས་བསྒྲུབ་པ་ཡི། །མཆོད་རྟེན་ཆོ་ག་མདོར་བསྡུས ་པ། །བླ་མ་དམ་པའི་གདམས་པས་དགོང། །དང་པོ་གནས་ཁང་བྱི་དེར་བྱས། །མཆོད་པ་ལ་སོགས་བཤམས་དེ་ནས། །རང་གི་ལྷ་ཡི་བསྐྱེད་རིམས་བསྒོམ། །དེ་ནས་བདེན་པའི་ཚིག་འདི་ཡིས། །སོ་ཡིས་བདག་པོས་ས་བླང་བྱ། །བདག ་ནི་གཞན་དོན་བསྒྲུབ་བ་ལ། །ལྷ་མོས་མཆོད་རྟེན་ས་བླང་གིས། །དགྱེས་པས་བདག་ལ་སྩལ་དུ་གསོལ། །ཞེས་བྱ་བརྐོས་ཏེ་བདག་པ་ལ། །འོད་ཀྱིས་སྦྱངས་ཏེ་རིན་ཆེན་བསམ། །དེ་ནས་འབི་འབི་ལེགས་བྱས་ཏེ། །མར་གྱིས་བརྐུས་ལ ་སྐོར་བོར་སྩལ། །ལེགས་བཏོན་ལྷ་མོ་རང་དུ་བསམ། དེ་ལ་མཆོད་དང་གསོལ་བ་གདབ། དེ་ནས་ཐམས་ཅད་བསྒྲུབ་པའི་སྔགས། །རྩ་བའི་སྔགས་ཉིད་ཁོ་ནས་བྱ། །དེ་ནས་ན་བཟའ་ལེགས་གསོལ་ལ། །སངས་རྒྱས་དཀྱིལ་འཁོར ་ལ་སོགས་ཀུན། བསྟིམས་ཏེ་མཆོད་བསྟོད་ལེགས་བྱ་སྟེ། །རྟེན་འབྲེལ་སྔགས་ཀྱིས་བརྟན་པར་བྱ། །དེ་ནS་མཆོད་ལ་གསོལ་བ་གདབ། །ཡོན?་བདག་ལ་སོགས་སྨོན་ལཾ་གདབ། །དེ་ན་དགེ་འདུན་མཆོད་སྟོན་བྱ། །འབྱུང་བ་ཆུ་རླུང་ནམ་མཁའ་དང། །ཡིད་ཀྱི་བསྒྲུབ་པ་ལ་སོགས་ཀུན། །བླ་མའི ་གདམས་པ་ལྡན་པས་གདབ། །དེ་ལྟར་མཆོད་རྟེན་མཆོག་ནི། །མདོར་བསྡུས་པ་ཡི་ཆོ་ག་ལས། །གྲུབ་པས་སེམས་ཅན་མ་ལུས་པ། །འཁོར་ལོས་སྒྱུར་རྒྱལ་ཐོབ་ནས་ནི། །རིམ་གྱི་གཙུག་ཏོར་ལྷ་མོ་ཡི། །ཞལ་རྫོགས་པར་ནི་མཐོང་བར་ཤོག་། ་མཆོད་རྟེན་སྒྲུབ་པའི་ཆོ་གའི་རིམ་པ་མདོར་བསྡུས་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།ཟངས་དཀར་ལོ་ཙའི་འགྱུར་རོ།། །།རྒྱ་གར་སྐད་དུ། ཨུཥཏཱི?་ཥ་སཱི་ཏཱ་ཏ་པ་ཏྲེ་ཧོ་མ་བི་བྷི། བོད ་སྐད་དུ། གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་སྦྱིན་སྲེག་གི་ཆོ་ག་།གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །གཞན་དོན་?་ཕྱིན་ལྷ་མོ་ནི། །གདུགས་དཀར་ཅན་ལ་ཕྱག་འཚལ་ཏེ། །ལྷ་རྣམས་མཉེས་པར་བྱ་བའི་ཕྱིར། །སྦྱིན་སྲེག་གིས ་ནི་ཚིམ་པར་བྱ། །དྲི་ཞིམ་པའི་ཆུས་ལེགས་པར་ཁྲུས་བྱས་གོས་སར་པ་བགོས་ཏེ། རྒྱན་ཁྱད་པར་ཅན་བཏགས་ལ་བགེགས་བསྲུང་བ་དང། བསྲུང་པའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་རྒྱུད་དག་པར་བྱ་སྟེ། ཕྱག་དང་མཆོད་པ་ལ་སོགས ་རྒྱུད་དག་པར་བྱའོ། །བརྩམ་དུ་རུང་པའི་ས་ཕྱོགས་སུ་ཕྲིན་ལས་དང་སྦྱར་ཏེ། ཐབས་དང་རྫས་ལ་སོགས་པ་རྫོགས་པར་བྱས་ལ། །ཤིང་གང་ཡིན་པ་བཅེར་ཏེ། མཆོད་པ་དང་བསྲེག་རྫས་ཆོགས་པ་དང། ཨོཾ་བཛྲ་ཛཝ་ལ་རཾ་ཞེས་པས་ཡེ?་སྤར་ལ། དེ ་ནས་སྟོང་པ་ཚད་མེད་བར་བསྒོམས་ཏེ། ཨོཾ་བཛྲ་ཛཝ་ལ་སརྦ་དྷརྨཱ་བཛྲ་སརྦ་དྷརྨ་སི་ཏེ་ཧཱུཾ་ཞེས་པའི་སྒས་སྟོང་པར་བསྒོམ་མོ། །དེའི་ངང་ལས་འབྱུང་བ་རི་རབ་དང་བཅས་པའི་སྟེང་དུ་ཧྲཱུཾ་ལས་མེ་ཐབས་གཞལ་ལས་ཁང་ལྟ་བུའོ། །དེར་ཨ་དང་ཟླ་བ་ལས་བོན ་