CLOSE WINDOW

N2715: sbyin sreg
Wyliee-texts based on the ACIP/ALL Input

ལྷ་མོ་གདུགས་དཀར་མོའི་མངོན་སྤྱོད་ཀྱི་ཆོ་ག་བྱེད་པར་འདོད་པས། དང་བོར་ས་གཞི་ཡང་གདུག་ཅིང་གས་པ་དང། རྩུབ་པ་ལ་ཐབ་ཁུང་ཟུར་གསུམ་ངོས་རེ་ལ་ཁྲུ་རེ་ཡོད་པ་ལ་ཟབས་སུ་ཁྲུ་ཕྱེད་པ་བྱ་སྟེ། དབུས་སུ་འཁོར ་ལོ་ལ་རྡོ་རྗེས་མཚན་པ། །བ?་ཡང་རྡོ་རྗེས་བསྐོར་བ། ས་གཞི་ཡང་དུག་དང་ཁྲག་ལ་སོགས་པ་ནག་པོར་བྱུགས་ཏེ། མེ་ཏོག་ནག་པོ་དང་འབྲུ་ནག་པོས་གཏོར་རོ། །དེ་ནས་དྲག་པོའི་མཆེད་པ་དང་གཏོར་མ་བཤམས་ལ། དྲག་པོའི་རྫས་ཁྲག་དང ་དུག་དང། ལིང་ག་དང། སྐེ་ཆོ་དང། རྡོ་ཕྱེ་ལྕགས་ཕྱེ། ཟིར་བྲའོ་ནག་བོ། སྲན་མ་ནག་པོ་།དེ་ལྟར་རྫས་བཤམས་ནས། བདག་ཉིད་ལྷའི་རྣལ་འབྱོར་བྱས་ལ། ཐབ་དང་རྫས་རྣམས་སྟོང་བར་བསམས་ཏེ། ཛཾ་ལས་ཐབ་ཁུང་གྲུ ་གསུམ་པ་བསྐྱེད་པའི་ནང་དུ། ཆོ་ག་གསུམ་གྱིས་གདུགས་དཀར་མོ་འཁོར་དང་བཅས་པ་དྲག་པོའི་ལྷར་བསྐྱེད་པར་བྱའོ། །དེའི་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་པ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་ནས་མཆོད་པ ་དང་བསྟོད་པ་བྱས་ཏེ། བསྲེག་རྫས་རྣམས་ཡུམ་གྱི་སྔགས་ཀྱི་ཐ་མར་མཱ་ར་ཡ་བཏགས་ཏེ། ཁྲག་དང་དུག་ལ་སོགས་པས་ལན་བདུན་ནས་ཉི་ཤུ་རྩ་གཅིག་གི་བར་དུ་དབུལ་བར་བྱའོ། །དེ་ནས་མཆོད་པ་དང་བསྟོད་པ་བྱས་ལ་བཟོད་པར ་གསོལ་བ་ལ་སོགས་རྣམས་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་པ་དང། དམ་ཚིག་སེམས་དཔའ་བསྡུས་ནས་རང་ཉིད་ལ་བསྲུང་བར་བྱའོ། །དེ་ལྟ་བུ་དེ་ཡང་གང་ཞིག་ཚར་མཆོད་ཀྱི་བར་དུ་ལན་བདུན་ནམ་ཉི་ཤུ་རྩ ་གཅིག་གི་བར་དུ་བྱའོ། །མངོན་སྤྱོད་ཀྱི་ལས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།དེ་བཞིན་དུ་ས་གཞི་སེར་པོ་ལ་རྫས་རྣམས་ཡང་ལས་དང་མཐུན་བར་བསགས་ལ། ཐབ་ཁུང་གྲུ་བཞི ་བར་རྒྱས་པའི་སྤྱིན་སྲེག་བྱའོ། །དེ་བཞིན་དུ་ས་གཞི་དམར་བོ་ལ་སོགས་པར་ལས་དང་མཐུན་པར་རྫས་བསགས་ཏེ། ཐབ་ཁུང་ཟླ་གམ་བྱས་ཏེ། དབང་གི་སྦྱིན་སྲེག་བྱའོ། །སློབ་དཔོན་ཙནྡྲ་གོ་མིའི་མན་ངག་གོ་།སྦྱིན་སྲེག་རྫོགས་སོ།། །། ་དངོས་གྲུབ་སྒྲུབ་བའི་སྒོ་ནས་སྲེའུ་གསོ་བ་ནི། བུད་མེད་བུ་འདོད་པ་གང་དག་ལ་ལ་གཟུངས་འདི་བྲིས་ཏེ། གདུགས་སམ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་དེ་ལ་མཆོད་པ་དང། སྐོར་བ་བྱ་ཞིང། ཚངས་པ ་དང་དབང་པོ་ལ་སོགས་པ་ལ་གཏོར་མ་དང་མཆོད་པ་བྱས་ཏེ་གསོལ་བ་གདབ་པར་བྱའོ། །དེ་ལྟར་བྱས་ན་བུད་རྙེད་པར་འགྱུར་བ་དང། ཚེ་དང་བསོད་ནམས་དང་སྟོབས་ལ་སོགས་པ་ཡང་རྙེད་པར་འགྱུར་རོ། །དངོས་གྲུབ་སྒྲུབ་པའི་སྒོ་ནས་སྲེའུ་གསོ་བ་སློབ ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྣལ་འབྱོར་བས་བཟློག་པའི་ཟོར་བྱ་བར་འདོད་ན། དང་པོར་རྫས་བསགས་བ་ནི། ཁམས་པའི་མི་མོའི་གཟུགས་བཞི་འམ། བརྒྱད་དམ། བཅུ་བྱའོ། །དེ་ནས་སྒོ་?་དང། ་མངའ་འུག་པ་མ་སྐྱེར་པའི་མདེའུ་ཅན་བཞི་དང། ཁྲག་ཕོར་བཞིར་དུག་དང་ཟོར་གྱི་སྣ་དུ་མ་བླུགས་པའི་སྣོད་བཞི་དང། དམར་གཏོར་ཆ་བཞི་དང། མཆོད་པ་རྣམ་པ་ལྔ་བཤམ་མོ། །དེ་རྣམས་ཀྱང་གྲངས་འབྱོར་ན་བཅུ་བཅུ་མ་འབྱོར་ན་བརྒྱད་དམ་བཞི་བསག ་པ་ནི། དེ་ནས་སྔགས་མཁན་བཅཱུམ་བརྒྱད་དམ། བཞི་འམ། ཐ་མར་རང་གཅིག་པུས་ལུས་ལ་ཁྲག་དང་སོལ་བས་བྱུགས་ཏེ། གོས་ནག་པོ་བགོས་ནས་ཁྲོས་བའི་ཡིད་ཀྱིས་གནས་ཏེ། རང་ལྷའི་རྣལ་འབྱོར་དུ་བྱས་ཏེ། ཐུན་དྲུག་གམ། ཐུན་བཞིར ་ཐམས་ཅད་འཇོམས?་པར་བྱེད་པའི་སྔགས་རིངས་དང། འབྱུང་པོ་ཚར་གཅོད་པའི་ཡུངས་ཀར་དང། ཚེ་ལ་སྔགས་ཏེ། དེ་རྣམས་ལ་གཟེར་ནས་བར་བར་དུ་ནང་གདོན་ཐམས་ཅད་ལ་བྱོ་ཞེས་བྱ་བས་གདབ་བོ། །དེ་ཡང་གདུགས་དཀར་མོ་ཅན་ལ་ཐུན ་