CLOSE WINDOW

N2711: rims bsrung ba'i cho ga
Wyliee-texts based on the ACIP/ALL Input

གདུགས་དཀར་མོ་ཅན་གྱི་ངོ?་གའི་མན་ངག་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།བླ་མ་ཟངས་དཀར་ལོ་ཙ་བས་བསྒྱུར་བའོ།། །།ལྷ་མོ་གདུགས་དཀར་པོ་ཅན་ལ ་ཕྱག་འཚལ་ལོ། །རྣལ་འབྱོར་པ་རིམས་བསྲུང་བར་འདོད་ན། །དང་པོ་མཆོད་པ་དང་གཏོར་མས་རིམས་ཀྱི་འབྱུང་པོ་ཚིམ་པར་བྱས་ཏེ། །བདེན་པའི་སྟོབས་ཀྱིས་བརྗོད་པ་དང་གསོལ་བ་གདབ་པར་བྱའོ། །དེ་ནས་གདུགས་དཀར་མོའི་གཟུངས་བྲིས་ཏེ།། ་བསྒྲུབ་པར་བྱ་བའི་དཀྱིལ་འཁོར་གྱི་དབུས་སུ་དེ་གདུགས་སམ་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ། མཆོད་པ་དང། གཏོར་མ་བཤམས། རང་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ། ཐུན་བཞིར་བསྒོམས་བཟླས་བྱའོ། །དེ་ཡང་ཉིན་མཚན་དུས་དྲུག་ཏུ་གདུགS ་དཀར་མོ་འཁོར་དང་བཅས་པ་ལ་གསོལ་བ་གདབ་པ་དང། མཆོད་བསྟོད་དང། བསྐོར་བ་བྱས་ཏེ་བུམ་པའི་ཆུས་བཀྲུ་ཞིང་བསྲུང་བ་ཡང་གདགས་བར་བྱའོ། །དཔལ་ཚངས་པ་དང། བརྒྱ་བྱིན་དང། རྒྱལ་པོ་ཆེན་པོ་བཞི་དང་མགོན་པོ་ལ་ཡང་གཏོར ་མ་བྱིན་ཏེ་གསོལ་བ་གདབ་བོ། །དེ་ནས་བསྒྲུབ་བྱ་གདུགས་དཀར་མོའི་སྤྱན་སྔར་ཕྱག་འཚལ་བ་དང། མཆོད་པ་དང། སྐོར་བ་ཐུན་བཞིར་བྱ་ཞིང། གདོན་གྱི་ཚོགས་རྣམས་ལ་གཏོར་མ་བྱིན་ཏེ་གསོལ་བ་གདབ་བོ། །ཁྱད་པར ་དུ་རིམས་ཀྱི་འབྱུང་པོ་ལ་ཡང་གཏོར་མ་བྱིན་ཏེ་གསོལ་བ་གདབ་པར་བྱའོ། །ཆོ་ག་དེ་ལྟ་བུ་དང་ལྡན་པས་ཐུན་བཞིར་གཟུངས་གདོན་པར་བྱའོ། །ཐ་མར་ཡང་འཕགས་པ་ལ་མཆོད་པ་དང་སྲུང་མའི་ཚོགས་ལ་གཏོར་མ་རྒྱ་ཆེན་པོ་སྦྱིན་ནོ། །རིམས ་བསྲུང་བའི་ཆོ་ག་རྫོགས་སོ།། །།ལྷ་མོ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །ཕྱུགས་ནད་བསྲུང་བར་འདོད་པས། དང་པོར་གོར་གྱི་འབྱུང་པོ་ལ་མཆོད་པ་དང་གཏོར་མས་ཚིམས་པར་བྱ་སྟེ། དེ་ནས་བསྒྲུབ་བྱ་རྣམS ་