| Wylie | e-texts based on the ACIP/ALL Input |
ཅད་འཇོམས་པ་ཟློས་ཤིང་ཡུངས་ཀར་དང་བཅས་པ་ནམ་མཁའ་ཐམས་ཅད་ཕྱག་རྒྱའི་ཚོགས་ཀྱིས་གང་བས་འཇོམས་པར་བསམ་མོ། །སེར་བ་བསྲུང་བའི་ཐབས་རྫོགས་སོ།། །།མཛེ་ལ་སོགས་པས་བདག་གི་ནད་གསོ་བ་ནི། ་དང་པོ་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ་བསྒྲུབ་བྱ་འཕགས་པ་གདུགས་དཀར་མོའི་སྤྱན་སྔར་སེམས་བསྐྱེད་པ་དང། སྐྱབས་སུ་འགྲོ་བ་བྱ་སྟེ། གཟུངས་བྲིས་ནས་གདུགས་སམ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། མཆོད་བསྟོད་བྱ་ཞིང་མདུན་དུ ་གདུགས་དཀར་མོ་ཅན་ཕྱག་རྒྱའི་ཆོགས་ཀྱིས་བསྐོར་བར་བསམས་ཏེ། རྟག་ཏུ་ཁྲུས་བྱ་ཞིང་བཟླས་བརྗོད་བྱ་བ་དང། ཐུན་མཚམས་སུ་ཚངས་པ་ལ་སོགས་པ་ལ་གཏོར་མ་བྱིན་གསོལ་བ་གདབ་པ་དང། གནོད་པར་བྱེད་པ་ལ་ཡང་གཏོར་མ་བྱིན་ཏེ ་གསོལ་བ་གདབ་པར་བྱ་བ་དང། གདུགས་དཀར་མོའི་བསྲུང་བ་གདགས་ཤིང་ཐ་མར་ཐམས་ཅད་འཇོམས་པ་ཡིས་བསྐྲད་ཅིང་གཟིར་བ་དང་ཀུན་སྔར་བཤད་པ་བཞིན་བྱའོ། །དེ་ལྟ་བུའི་གང་ཟག་ལ་ནི་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང ་པོ་དང། རོ་ལངས་དང། མཁའ་འགྲོ་མ་དང། རིམས་དང་ཤུ་བ་དང། གཡན་པ་དང། འབྲུམ་བུ་ཕྲ་མོ་དང། མཛེད་པ་ཞེས་པ་ལ་སོགས་པ་གཞུང་གི་ཕན་ཡོན་དེ་ཡང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་སོ། །རྐྱེན་ལས་གྱུར་པ་ཐམས ་ཅད་ལ། ཕན་ཡོན་ཇི་ལྟར་བཤད་པ་བཞིན་འབྱུང་བར་འགྱུར་རོ། །ནད་གདུག་པ་ཅན་གསོ་བའི་ཐབས་རྫོགས་སོ།། །།གཏོར་མ་བཏང་བར་འདོད་པས་སྣོད་གཙང་ཞིང་ཡིད་དུ་འོང་བའི་ནང་དུ་ཟན་དང། ཁུང?་ང་དང ་ཆན་དང། འབྲུའི་ཚོགས་དང། ཤིང་ཏོག་དང། རིན་པོ་ཆེའི་ཚོགས་དང། སྨན་དང་ལྡན་པར་བྱ་སྟེ། དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་པས་ཨ་ཀཱ་རོས་སྦྱངས་ཏེ་ནམ་མཁའ་མཛོད་ཀྱིས་སྤེལ་ལ། བདུད་རྩིའི་རྒྱ་མཚོར་བསམས་ཏེ། དེའི་ཕྱོགས ་རྣམས་སུ་ཧྲཾ?(རྒྱུད་འགྲེལ་པ་ལ་ལྷའི་གདོན་ལ་སོགས་པ་དང། ཟས་སུ་མདངས་ཟ་བ་ཀུན་ལ་སྦྱིན་པར་བྱའོ། །དེ་ཡང་ལྕེ་རྡོ་རྗེར་བསམ་ཞིང་སྦུ་གུས་བདུད་རྩི་ཐམས་ཅད་ངོམས་ཤིང་ཚིམ་པར་བྱ་བ་དང། འདོད་པའི་ཡོན་ཏན་ལྔ་ཆར་བཞིན་འབྱུང་བར་བསམ་མོ། །དེ་ནས ་ཐ་མར་བཟོད་པར་གསོལ་ཏེ། གསོལ་བ་བཏབ་ནས་ཡི་གེ་བརྒྱ་བ་བརྗོད་དོ། །ཐམས་ཅད་གཤེགས་སོ། །དེ་ཡང་འབྱུང་པོའི་གཏོར་མ་ནི་མངལ་དང། ཁྲག་དང། ཞག་དང། ཤ་དང་རྐང་དང། བཅས་པ་ཟ་བ་ལ་སོགས་བ་ལ་སྦྱིན་ནོ། །དེ་ཡང་འབྱུང་པོ ་གང་དག་རི་རབ་སྟེང་གནས་དང། གཟུངས་ཀྱི་ལྷའི་གདོན་དང། བྱ་བ་ནས་ཟས་སུ?་མངལ་ཟལ་ཀུན་གྱི་ས་སྦྱིན་ནོ། །གཏོར་མའི་ཆོ་ག་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ནཱ་མ། ཨ་པ་རཱ་ཛི་ཏ་དྷ་ར་ཎི་སཱ་དྷ ་ནཾ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་བཟློག་ལ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཐོང་དང་མ་མཐོང་ལ་གྲོལ ་བའི། །གདུགས་དཀར་ཡུམ་ལ་ཕྱག་འཚལ་ཏེ། བདག་གཞན་དོན་དེ་ཐོབ་བྱའི་ཕྱིར། །ལོ་འདབ་ཙམ་ཞིག་གསལ་བར་བྱ། དེ་ནས་འཕགས་པ་གདུགས་དཀར་མོ་ཅན་བསྒྲུབ་པར་འདོད་པའི་རྣལ་འབྱོར་བས། གནས་བདེན་ཞིང་ཡིད་དང་མཐུན་པར་དང?་པོར? ་མཎྜལ?་དང་མཆོད་པ་བཤམS་ནས་ཁྲུས་བྱས་ཏེ་ལུས་དྲིས་བྱུགས་ནས་གོས་གཙང་མ་བགོས་ཏེ། སྟན་བདེ་བ་ལ་གནས་པར་བྱའོ། །དེ་ནས་རང་གི་སྙིང་ཀར་ཟླ་བའི་སྟེང་ཨོཾ་དཀར་པོ་བསམས་ཏེ། དེ་ལས་འོད་སེར་འཕྲོས་པས་ཕྱོགས་བཅུའི་སངས ་