| Wylie | e-texts based on the ACIP/ALL Input |
སྨན་མ་རླུང་ལ་འཆར་བ་འམ་མནན་པར་བྱའོ། །ཡང་ན་ལིང་ག་ལ་བཟླས་པ་བྱ་སྟེ། ཆུ་མིག་གམ། སྦྱིན་སྲེག་གམ། ས་གཏེར་རམ། རི་རྩེར་གཏད་བྱའོ། །འཁྲུལ་འཁོར་རྫོགས་སོ།། །།དུས་མ་ཡིན་པར་འཆི་བ་དང། ངག?་བཟློག ་བ་ནི་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ། ཕྱག་རྒྱའི་ཚོགས་དང་བཅས་པར་བསྒོམས་ནས། མདུན་དུ་འཆི་བདག་གནས་པར་བསྒོམས་ཏེ། ཕྱག་རྒྱའི་ཚོགས་ཀྱིས་དེ་ལ་བསྣུན་པའི་སྦྱོར་བ་བྱ་སྟེ། ཚུར་འདུས་པས་བདག་ཡེ་ཤེས་ཀྱི་བདུད་རྩིས་ལུས ་ལ་ཕན་བཏགས་པར་བསམས་ཏེ། ཐམས་ཅད་འཇོམས་པ་བཟླས་པར་བྱའོ། །ངག་བཟློག་པ་ནི་གྲོག་མཁར་གྱིས་དང། བ་ལང་གི་ལྕི་བ་ལ་བསྒྲུབ་བྱའི་མིང་གཟུགས་བྱས་ལ། དེའི་སྙིང་གར་སྔར་གྱི་འཁྲུལ་འཁོར་བྲིས་པའི་མཐར་ཆེ་གེ་མོ་ ་མཱ་ར་ཡ་བན་དྷ་ཡ་ནན་བྱ་བ་བཅུག་སྟེ་བཀོད་ནས་བཅུག་ནས། གཟུགས་ཀྱི་ཁར་ཐམས་ཅད་འཛོམས་བའི་སྔགས་བཟླས་པའི་ཡུངས་ཀར་དང་ཕུར་བུས་བཏབ་སྟེ། དེ་ནས་མཆོད་རྟེན་རྙིང་པ་འམ། ལྷ་ཁང་གི་ཐེམ་པ་འམ། ལམ་རྒྱ ་གྲམ?་མམ?། བསྒྲུབ་བྱའི་ཡུལ་གྱི་ཕྱོགས་སུ་ཚ་ཚའི་འོག་ཏུ་འམ། ཡང་ན་རང་གི་མལ་འོག་ཏུ་དོང་གྲུ་གསུཾ་པ་བྱས་པ་འམ། འོག་ཏུ་བཞག་ནས་བྱེ་མས་བཀང་སྟེ། གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་མནན་པའི་སྦྱོར་བ་བྱའོ། །དེ་ནས་ཚངས་པ་དང ་བརྒྱ་བྱིན་དང། ལེག་ལྡན་དྲག་པོ་ལ་གཏོར་མ་བྱིན་ལ། འཆི་བདག་གཞོམ་པ་འམ། ཆེ་གེ་མོའི་དག་བཅིངས་ཤིང་ཆེ་མོའི་སྲུང་མ་བདག་གི་དབང་དུ་གྱིས་ཤིག་ཅེས་བསྒོ་བར་བྱའོ། །རང་བསྲུང་བ་ཡང་ཐུན་མོང་དུ་ལྷའི་ང་རྒྱལ་གྱིས་བཟླས ་བསྒོམ་རྟག་ཏུ་བྱ་པ་དང། ལུས་ལ་སྔར་བཤད་པའི་མཚན་ཉིད་ཅན་གདགས་སོ། །བཟློག་པའི་ཐབས་རྫོགས་སོ།། །།བགེགས་བཟློག་ཅིང་གཟིང་པ་ནི་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ། གྲོག་མཁར་གྱི་ས་དང། དུར་ཁྲོད ་