| Wylie | e-texts based on the ACIP/ALL Input |
ལོ་ཙ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། །རྒྱ་གར་སྐད་དུ། ཨཱརྱ་ས་ཏི་ཏེ་པ་ཏྲ་ཨ་པ་རཱ་ཛི་ཏ་བ་ལི་ཏ་བི་དྷི་དྷ་ནཱ་མ། བོད་སྐད་དུ། འཕགས་པ་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་གྱི་གཏོར་པའི ་ཆོག་ཆེས་བྱ་བ། འཕགས་མ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །འཕགས་མ་ཐུགས་རྗེའི་རང་བཞིན་ཅན། །འབྱུང་བོ་ཀུན་ལ་མངའ་མཛད་མའི། །ཁྲོ་མོའི་སྐུ་ལ་ཕྱག་འཚལ་ནས། །སྟོང་ཟློག་གཏོར་མ་བཤད་པར་བྱ། །བ་ལཾ ་གཞལ་ཡས་ཁང་བསམ་བྲི། ཕོ་བྲང་ཟླུམ་བོར་བྱ་བ་མཆོག་།སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལ། པདྨ་འདབ་མ་བརྒྱད་ཀྱིས་བསྐོར། །དེ་བཞིན་འཁོར་ལོ་རྩིབས་བརྒྱད་དེ། །ཕྱི་རོལ་དཀྱིལ་འཁོར་སྒོ་བཞིར་ལྡན། །ཁ་དོག་འཇིག་རྟེན་པ་དང ་མཐུན། །སྦོ་རྒྱུན་ལ་སོགས་དེ་བཞིན་ནོ། །དེ་ནས་ལྷ་རྣམས་དགོང་པར་བྱ། །དབུས་ཀྱི་པོ་བྲང་ཟླུམ་པོ་དང། །ཡུམ་ཆེན་གདུགས་དཀར་འཁོར་ལོ་དང། །ཚངས་པ་ལྷ་ཡི་གཙོ་བོ་དང། །གསོལ་ཁའི་ཕོ་ཉ་ལས་བྱེད་པ། །སྲིད་མོ་མིང་པོར་བཅས ་པའི། །སྣ་ཚོགས་རྡོ་རྗེའི་རྭ་བཞི་ལ། །རྒྱལ་ཆེན་བཞི་པོ་རིམ་བཞིན་དགོད། །པདྨ་འདབ་མ་བརྒྱད་པོ་ལ། །བརྒྱ་བྱིན་གཤིན་རྗེ་ཀླུ་ཆེན་བརྒྱད། །གནོད་སྦྱིན་རྣམས་ནི་རིམ་པ་བཞིན། །ཕྱོགས་བཞི་དག་ཏུ་དགོང་པར་བྱ། །མེ་ལྷ་སྲིན་པོ ་རླུང་ལྷ་དང། །ལྷ་ཆེན་བརྒྱད་རྣམས་མཚམས་བཞིར་དགོད། །དེ་བཞིན་འཁོར་ལོ་རྩིབས་བརྒྱད་ལ། །འབྱུང་པོ་དང་ནི་གཟའ་གདོན་དང། །ས་བདག་དང་ནི་ལྷ་མ་ཡིན། །རིམ་པ་བཞིན་དུ་ཕྱོགས་བཞིར་དགོད། །མི་འམ་ཅི ་དང་མཁའ་འགྲོ་མ། །མ་མོའི་ཚོགས་དང་ནམ་མཁའ་ལྡིང། །རིམ་པ་བཞིན་དུ་མཚམས་བཞིར་དགོད། །ལྷོ་འཕྱེ་དང་ནི་རྣལ་འབྱོར་མ། །ཀླུ་ཡི་གདོན་དང་འབྱུང་པོའི་ཚོགས། །དཀྱིལ་འཁོར་སྒོ་བཞིར་དགོད་པར་བྱའོ། །དེ་ནས་གཡོས་ཀྱི ་རྣམ་པ་ནི། །རག་ཤ་དང་ནི་བོ་དེ་ཙོ། །ལུང་ཐང་དང་ནི་ལྷ་ཡི་མིག་།ཕྲེང་བ་ཟ་བ་རྣམས་ལ་སྤྱིན། །འབྲས་འཆང་རྒྱུན་ཆང་ལ་སོགས་པ། །ཟས་སུ་སེམས་འཕྲོག་རྣམས་ལ་སྦྱིན། །འོ་མ་ཞོ་དང་ཁ་ར་ནི། །སྲོག་རྣམས་འཕྲོག་ལ་སྦྱིན་པར་བྱ།། ་ཤིང་ཏོག་རྣམ་པ་སྣ་ཚོགས་པ། །འབྲས་བུ་ཟ་བ་རྣམས་ལ་སྦྱིན། །བོད་རྩི་ཟས་སྐྱགས་ཟ་ལའོ། །བདུག་པ་ཟ་བ་སྤོས་སྣ་ཚོགས། །མངར་གསུམ་སྦྱར་བ་མངལ་ཟ་ལའོ། །བཙོས་དང་རྗེན་པ་ཤ་སྣ་ཚོགས། །ཤ་ཟ་བ་ལ་སྦྱིན་པར་བྱའོ།། ་སྦྲང་རྩི་མཆིལ་མ་འཐུང་བ་ལའོ། །ཁུར་བ་རྣམ་པ་སྣ་ཚོགས་པའོ། །གཏར་མ་ཟ་བ་རྣམས་ལ་སྦྱིན། །ལག་པ་ན་སྦྱིན་སྲེག་ཟ་ལ་སྦྱིན། །རྐང་དང་རྐང་མར་བཅས་པ་ནི། །རྐང་ཟ་བ་ལ་རབ་ཏུ་སྦྱིན། །འབྲུ་ནི་རྣམ་པ་སྣ་ཚོགས་པ། །ལོ་ཏོག་ཟ་བ ་རྣམས་ལ་སྦྱིན། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་རྣམས། །མེ་ཏོག་ཟ་བ་རྣམས་ལ་སྤྱིན། །ལ་ཕུག་སྒོག་བཙོང་ལ་སོགས་པ། །མི་གཙང་ཟ་བ་རྣམས་ལ་སྦྱིན། །ཚིལ་ནི་རུལ་དང་མ་རུལ་བ། །ཆི་ལ་ཟ་བ་ལ་སྦྱིན་པར་བྱ། །བྱ་མོའི་སྒོ་ང?་འབྱོར ་ཐང་བ། །ཟས་སུ་སྣབས་ཟ་བ་ལ་སྦྲིན། །ཤ་རུལ་ཡིབས་སུམས་སོང་བ་རྣམས། །རྣག་ཟ་བ་ལ་སྦྱིན་པར་བྱ། །བྱ་པོ་ལས་བྱུང་ངར་སྒོང་འདི། །ངར་སྣབས་ཟ་བ་རྣམས་ལ་སྦྱིན། །ཁྲག་རྣག་མང་པོ་ཇི་སྙེད་པ། །ཟས་སུ་ཁྲག་འཐུང ་རྣམས་ལ་སྦྱིན། །ཤ་རྣམས་བཙོས་པའི་ཞག་རྣམས་ནི། །ཟས་སུ་ཞག་ཟ་རྣམས་ལ་སྦྱིན། །བུ་རམ་ཤིང་ཀུན་སྤྱར་བ་ནི། །བཙས་པ་ཟབ་རྣམས་ལ་སྦྱིན། །ག་བུར་གུར་ཀུམ་ལ་སོགས་པས། །ཟས་སུ་དྲི་ཟ་བ་ལ་སྦྱིན། །ཀུན་གྱིས་ལྷག་མ་བསྡུས་པ་ནི།། ་ལྷག་མ་ཟ་བ་རྣམས་ལ་སྦྱིན། །ཆུ་སྣ་མང་པོ་བསྡུས་བ་ནི། །སྟོར་ཁུང་འཐུང་བ་རྣམས་ལ་སྦྱིན། །ཤ་དང་ཁྲག་དང་སྒོག་བཙོང་རྣམས། །བགེགས་རིགས་འཁོར་དུ་གྱུར་ལ་སྦྱིན། །དེ་ནས་འཇམ་དཔལ་གཞོན་ནུ་ཡི། །རྒྱུད་ཀྱི་གདམས་པས་གཏེར་མ་སྦྱིན།། ་འདི་ཡིས་ཉེ་བར་མཚོན་པོ་ནི། །ཀུན་ལ་མཁས་པས་ཤེས་པར་བྱ། །དེ་ལ་ལག་པའི་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ཨོཾ་སྭཧཱ་བ་བི་ཤུདྡྷ(རྒྱུད་འགྲེལ་ཚིག་ཟུར་ཅན་རིན་པོ་ཆེའི་སྒྲོམ་བུ་ལྟར་བྱས་ལ། ན་མ(རྒྱུད་འགྲེལ་མོ། །ལག་པ་ཐལ་མོ་སྦྱར་བ་ཕྱིར་བསྐྱེད་དེ་མཐེ་བོ་གཉིས་བསྣོལ་ཏེ་ཁ་ཕྱེ་ལ། ཨོཾ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་གང་མོས་སུ་འགྱུར་རོ། །ལག་པ་གཡས་པ་ཁུ་ཚུར་བཙངས་ནས་མཛུབ་མ་བསྒྲེང་སྟེ། ནམ(རྒྱུད་འགྲེལ་སཾ་དྷུ་ར་སཾ་དྷཱ་ཧཱུཾ་གིས་འདོད་ཡོན་ལ་སོགས་པ་ཐམས་ཅད་ལོང་སྤྱོད་ནུས་པར་བསམ་མོ། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བསྟན་ལ། གཡོན་མཆོད་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་དུ་བྱས་ནས། ཨོཾ་ཛྙ་ན་ཨ་བ་ལོ་ཀི་ཏེ། ས་མནྟ་པ་ར་ན་བ་སྨྲི་ཏེ ་བྷ་བས་མ་ཡ། མཧཱ་མ་ནི་དུ་རུ་དུ་རུ། ཧྲི་ད་ཡ་ཛ་ལ་ནི་ཧཱུཾ་ཞེས་བརྗོད་པས་མགྲོན་རྣམས་ཀྱིས་སོ་སོར་ཐོབ་ཅིང་ཚམ་པར་བསམ་མོ། །ལག་པའི་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སོར་མོ་རྣམས་ནང་བསྣོལ་ཏེ། མཐེ་བོང་གཤིབས་ནས་བརྐྱང་ལ། ནམ་མཁའ་ ་ས་མནྟ་བུདྡྷཱ་ནཱཾ?། གྲ་ཧེ་ཤྭ་རི་ཛ་ལ་ནི་ས་མ་ཡ་སྭཱ་ཧཱ། ཟང་ཟིང་དང་ཆོས་ཀྱི་སྦྱིན་པའོ། །དེ་ཉིད་དབང་དུ་བསྡུའོ། །བསྟོད་ཅིང་ཕྲིན་ལས་ལ་སྦྱར་རོ། །གཏོར་མ་ཐམས་ཅད་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་རང་ལས་ཀྱི་ལྷ ་མོའི་ཐུགས་ཀའི་ཨོཾ་གྱི་འོད་ཀྱིས་གཙོ་འཁོར་རྣམས་སྦྱན་དྲང་བར་བྱ་སྟེ། ཧཱུཾ་བཅོམ་ལྡན་གདུགས་དཀར་འཁོར་བཅས་རྣམས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །མཆོད་ཡོན་ཞལ་བསིལ་བཞེས་ནས་ཀྱང། །པདྨའི་གདན་ལ་བཞུགས ་སུ་གསོལ། །ན་མ:ས་མནྟ་བུདྡྷཡཱ་ནན། ག་ག་ན་པྲ་བ་ར་སད་ཀཱ་རཾ་པདམོ་ལེ་ས་མ་ཡ་སྟཝཾ། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །འབྱུང་པོ་གཟའ་གདོན་ས་བདག་དང། །ལྷ་མིན་མིའམ་མཁའ་འགྲོ་མ། །མ་ཚོགས་མཁའ་ལྡིང་འདིར་གཤེགས་ཤིང། ་ལྟོ་འཕྱེ་ཆེ་དང་རྣལ་འབྱོར་མ། །ཀླུའི་གདོན་དང་འབྱུང་པོའི་ཚོགས། །སྤྱན་འདྲེན་མཆོད་འབུལ་སྙན་གསན་འབེབས། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །ོཾ་ཨེ་ཧེ་ཧི་ལོ་ཀ་པཱ་ལ་ས་པ་རི་བཱ་ར་སཾ་ཡ་སྟཝཾ། ཞེས་པས་དཀྱིལ་འཁོར་གྱི? ་དམ་ཚིག་ལ་བསྟིམ་པར་བྱའོ། །དེ་ནས་གཙོ་མོ་རི་ཁྲོད་མ་ལེགས་ལྡན་འཇིག་རྟེན་པའི་ཚོགས་དང་བཅས་པ་ལ་རྣམ་པ་ལྔ་དང། འདོད་ཡོན་ལྔ་ལྷ་མོ་བརྒྱད་ལ་སོགས་པས་ཁྱད་པར་མཆོད་ལ། རྒྱུད་ཀྱི་བསྟོད་པ་བྱའོ། །དེའི་རྗེས་ལ་གཏོར་མ ་ཐམས་ཅད་ཀྱི་ཕུད་ཀྱིས་གཙོ་མོ་ལ་མཆོད་དེ། དེ་ནས་ཚངས་པ་ལ་སོགས་པའི་འཇིག་རྟེན་པ་རྣམས་ལ་ཚིག་འདི་རྣམས་ཀྱིས་སྦྱིན་པར་བྱའོ། །ཧཱུཾ་འཇིག་རྟེན་མེས་པོ་ཚངས་པ་དང། །དེའི་བཙུན་མོ་ཚངས་མ་དང། །ཚངས་པའི་? ་མོ་གཙུག་ཕུད་དང། །དཀར་མོའི་འོད་དང་མཆོག་འོད་དང། །རིན་ཆེན་འོད་དང་སྣང་བའི་འོད། །སྤྲིན་གྱི་འོད་དང་ཀུན་ཏུ་འཇོམས། །ཚངས་པ་སྲིང་པ་འཛིན་ལ་སོགས། །ཚངས་པ་འཁོར་དང་བཅས་པ་ལ། །ཕྱག་འཚལ་བསྟོད་དེ་མཆོད་པ་འབུལ ་ཆེད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ཕྲེང་བ་ཟ་བ་ལ། །རག?་ཤ་བོ་དེ་རྩེ་ལས་ནི། །གཞི་བླངས་པ་ཡི་གཏོར་མ་ནི། །འཇིག་རྟེན་དཀོན་པའི་སྨན་རྣམས་ལ། །སྙིང་པོ་ལ་སོགས་སྦྱར་བ་འདི། །ཚངས་པའི་རྒྱལ་པོ་འཁོར་བཅས་ལ། །བསྔོས་ཤིང ་ཚིམ་པས་དགྱེས་གྱུར་ཅིག་།ཁྱོད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། ཚོ་སྲོག་འཕྲོག་རྣམས་བཟློག་ཏུ་གསོལ། །ཉེས་པ་ཐམས་ཅད་བཟློག་པ་དང། །ཚེ་སྲོག་བར་ཆད་ཟློག་ཏུ་གསོལ། །སྲིང་མོ་བཞི་དང་མིང་པོ་གསུམ ་རྣམ་པར་རྒྱལ་དང་མི་ཕམ་མ། །གཞན་གྱིས་མི་ཐུབ་དྲིལ་བུམ་།རྒྱལ་བར་བྱེད་དང་སྦྲང་རྩིར་བྱེད། །དོན་ཀུན་གྲུབ་དང་རྒྱལ་བྱེད་མ། །མིང་སྲིང་འཁོར་དང་བཅས་པ་ལ། །ཕྱག་འཚལ་བསྙེན་བཀུར་མཅ་ཧོད་པ་འབུལ། །ཚད་མ་མཆིས་པའི ་གཏོར་མ་འདི། །ཟས་སུ་གཅིན་འཐུང་ཞེས་བྱ་ལ། །འབྲས་ཆང་རྐུན་ཆང་ལ་སོགས་པ། །འབྲུ་དང་བཅུད་དུ་སྦྱར་པ་འདི། །སྲིང་མོ་མིང་པོ་འཁོར་བཅས་ཀུན། །བསྔོས་པས་ཚིམ་ཞིང་དགོས་གྱུར་ཅིག་།ཀྱོད་ལ་ཕྲིན་ལས་ཞུ་བ་ནི། བདག་ཅག་འཁོར ་བཅས་ཐམས་ཅད་ཀྱིས། །བཟའ་ཉེས་བ་དང་བྲི་ཉེས་པ། བསྒོམ་ཉེས་པ་ལ་སོགས་པ་ཡི། །ཉེས་པ་མ་ལུས་ཞི་བ་དང། །ཚེ་སྲོག་བསྲུང་ཞིང་རྒྱས་པར་མཛོད། །རྒྱལ་པོ་ཡུལ་འཁོར་བསྲུང་འཁོར་དང་བཅས་པ་ལ་བསྔོ་བ་ནི། ཤར་ཕྱོགས ་རྒྱལ་པོ་ཡུལ་འཁོར་བསྲུང། །བཙན་མོ་རྡོ་རྗེ་ཡངས་བྱེད་མ་།དྲི་ཟ་ཕོ་མོ་ཤུག་ཆེན་དང། །ུཏཔལ་དང་ནི་ཙན་དན་སོགས་།ཟུར་ཕུང་ལྔ་ལ་སོགས་པ་ཡི། །དྲི་ཟའི་རྒྱལ་པོ་འཁོར་བཅས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད ་མ་མཆིས་པའི་གཏོར་མ་འདི། །ཟས་སུ་སྲོག་འཕྲོག་ཞེས་བྱ་ལ། །འོ་མ་ཞོ་དང་ཁ་ར་དང། །སྨན་དང་བཅུད་སྦྱར་གཏོར་མ་འདི། །དྲི་ཟ་འཁོར་དང་བཅས་པ་ལ། །བསྒོས?་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིམ་ལས་ཞུ་བ་ནི། །བདག་ཅག ་འཁོར་བཅས་ཐམས་ཅད་ཀྱི། །དྲི་ཟའི་གདོན་ཚོགས་བཟློག་པ་དང། །ཚེ་སྲོག་བར་ཆོད་བཟློག་ཏུ་གསོལ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། ། ་བཙུན་མོ་རྡོ་རྗེ་འདུལ་མཁས་མ། །འཁོར་ནི་གྲུལ་བུམ་མགུལ་མཛེས་དང། །མགུལ་ངས་དང་ནི་མ་ངེས་དང། །ཀུན་ཏུ་ལྷ་དང་མངོན་ཤེས་ལྡན། །བུམ་ལྟོ་ཅན་དང་འདོད་པ་མཆོག་།གྲུལ་བུམ་རྒྱལ་པོ་འཁོར་བཅས་ལ། །ཕྱག་འཚལ་བསྙེན ་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་འབྲས་བུ་ཟ་བ་ལ། །ཤིང་ཏོག་སྣ་ཚོགས་གཞི་བླངས་པའི། །འབྲུ་དང་སྨན་དུ་སྦྱར་བ་འདི། །གྲུལ་བུམ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར ་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །གྲུལ་བུམ་གདོན་ཚོགས་བཟློག་པ་དང། །ཚེ་སྲོག་བར་གཅོད་བཟློག་ཏུ་གསོལ། །རྒྱལ་པོ་མིག་མི་བཟང་འཁོར་དང་བཅས་པ་ལ་བསྔོ་བ་ནི། །ནུབ་ཕྱོགས་རྒྱལ་པོ་མིག ་མི་བཟང། །བཙུན་མོ་རྡོ་རྗེ་མྱོས་བྱེད་མ། །ཀླུ་ཡི་རྒྱལ་པོ་རྣམས་ལུང་དང། །པདྨ་ཆེན་པོ་རྒྱ་མཚོ་དང། །མ་དྲོས་འོད་ཟེར་རྒྱལ་བ་དང། །གློག་ཆེན་འབྱིན་དང་རིན་ཆེན་འོད། །སོག་མ་མེད་ལ་སོགས་པ་ལ། །ཕྱག་འཚལ་བསྙེན་བཀུར་མཆོད ་པ་འདུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་སྐྱུགས་པ་ཟབ་ལ། །སྦྲང་རྩི་ལ་ནི་སྦྱར་བ་ཡི། །རྩི་དང་བཅུད་དུ་སྦྱར་བ་འདི། །མིག་མི་བཟང་ནི་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། ། ་བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཀླུ་ཡི་གདོན་ཚོགས་ཞི་བ་དང། །ཚེ་སྲོག་བར་ཆད་ཟློག་ཏུ་གསོལ། །རྒྱལ་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་ལ་བསྔོ་པ་ནི། བྱང་ཕྱོགས་རྒྱལ་བོ་རྣམ་ཐོས་སྲས། །བཙུན་མོ་རིག་མ་ཕྲེང་ལྡན་དང། ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཉེ་སེང་གེ་།སེང་གེ་དལ་རྡོབ་སེར་སྐྱ་དང། །གནོད་སྦྱིན་རྒྱལ་པོ་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་འདུག་པ་ཟ་བ་ལ། ། ་ལུས་སོགས་དྲི་དང་སྤོས་སྦྱར་འདི། །བྱང་ཕྱོགས་གནོད་སྦྱིན་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི་།གནོད་སྦྱིན་གདོན་ཚོགས་ཞི་པ་དང། །ནད་དང་སྡུག་བསྔལ ་བཟློག་དུ་གསོལ། །བརྒྱ་བྱིན་འཁོར་དང་བཅས་པ་ལ་བསྔོ་བ་ནི། ཤར་ཕྱོགས་དབང་ལྡན་བརྒྱ་བྱིན་དང། །དྲི་ཟའི་རྒྱལ་པོ་གཏུམ་བུ་ར། །ཡིད་འོང་ཡི་དགས་འོད་སྦྱངས་དང། །འཇམ་མཉེན་དབྱངས་དང་ཉི་ཟེར་དང། །ཡིད་འཕྲོག་གཙོ་བོ་ལ་སོགས་པ ་ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་མངལ་ཟ་ཞེས་བྱ་བ། །མངར་གསུམ་རྩི་སྨན་སྦྱར་བ་འདི། །ཕྱོགས་སྐྱོང་དྲི་ཟ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན ་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །དྲི་ཟའི་གདོན་ཚོགས་བཟློག་པ་དང། །ཚེ་ཡི་བར་གཅོད་བཟློག་ཏུ་གསོལ། །གཤིན་རྗེ་འཁོར་དང་བཅས་པ་ལ་བསྔོ་བ་ནི། །གཤིན་རྗེ་ལོང་བའི་རྒྱལ་པོ་དང། །དེད་དཔོན་རྗེ་མོ་སྲིན་མོ་དང ་མ་མོ་དང་ནི་ལྷ་མ་སྲིན། །དུས་མཚན་དང་ནི་ཤ་ཟ་མོ། །གཤིན་རྗེ་རིགས་ཀྱི་གདོན་རྣམས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་ནི། །ཟས་སུ་ཤ་ཟ་ཞེས་བྱ་ལ། །བཅས་དང་ཤ་ཆེན་གཏོར་མ་འདི། །གཤིན་རྗེ ་འཁོར་དང་བཅས་པ་ལ། །བསྔོས་པས་ཆིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །གཤིན་རྗེའི་གདོན་སོགས་བཟློག་པ་དང། །ཕ་རོལ་རིག་སྔགས་བཟློག་ཏུ་གསོལ། །ཀླུ་རྒྱལ་འཁོར་པར? ་བཅས་པ་ལ་བསྔོ་བ་ནི། །ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །མཛའ་ཡས་འཇོག་པོ་སྟོབས་ཀྱི་རྒྱུ། །རིགས་ལྡན་དུང་སྐྱོང་པདྨ་དག་།ཆུ་ལྷ་ནོར་རྒྱས་ལ་སོགས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆི? ་པའི་གཏོར་མ་འདི། །ཟས་སུ་མཆིལ་མ་འཐུང་བ་ལ། །བོད་རྩི་བཅུད་དུ་སྦྱར་བ་འདི། །ཀླུ་ཡི་རྒྱལ་པོ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཀླུ་གདོན་ཐམས་ཅད་ཞི ་བ་དང། །ཀླུ་དུག་རིག་སྔགས་བཟློག་དུ་གསོལ། །གནོད་སྦྱིན་འཁོར་དང་བཅས་པ་ལ་བསྔོ་བ་ནི། གནོད་སྦྱིན་རྒྱལ་བ་ཀུ་བཻ་ར། །འཕྲོག་གནས་མཆེད་ལྔ་གང་བ་བཟང། །ནོར་བུ་བཟང་དང་ལག་བརྒྱ་པ། །ལྔ་རྩེན་ལྔ་བརྩེགས་ཕྱིས་ལ་སེར། །གནོད ་སྦྱིན་རྒྱལ་པོ་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་གཏོར་མ་ཟ་བ་ལ། །ཁུར་བ་སྣ་ཚོགས་བཅུད་དང་སྦྱར། །སྤྱན་གཟིགས་སྣ་ཚོགས་བཅས་པ་ནི། །གནོད་སྦྱིན་འཁོར་དང་བཅས? ་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །གནོད་སྦྱིན་གདོན་ཚོགས་བཟློག་པ་དང། །རྐྱེན་ངན་བར་མཆོད་ཟློག་དུ་གསོལ། །མེ་ལྷ་འཁོར་དང་བཅས་པ་ལ་བསྔོ? ་བ་ནི། དྲང་སྲོང་མེ་ལ་བྱིན་ཟ་དང། །གནས་མཆོག་གནས་བརྟན་ཨ་ཀོ་ཏ། །འགོའུ་ཏ་མ་ཐོགས་པའི་དཔལ། །གར་ལྡན་དང་ནི་ཕྲེང་བ་ཅན། །དྲང་སྲོང་དཔལ་སྦྱིན་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། ཚད་མ་མཆིས་པར? ་གཏོར་མ་འདི། །སྲེག་བྱ་ཟ་བཞེས་བྱ་བ། །འབྲས་ཀྱི་ལག་པ་ན་ལ་སོགས་དང། །འབྲུ་དང་བཅུད་ཀྱིས་སྦྱར་བ་འདི། །མེ་ལྷ་འཁོར་དང་བཅས་བ་ལ། །བསྡོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག ་འཁོར་བཅས་ཐམས་ཅད་ཀྱི། །དྲང་སྲོང་གདོན་ཚོགས་ཞི་བ་དང། །དགྲ་བགེགས་ཐམས་ཅད་བཟློག་ཏུ་གསོལ། །བདེན་བྲལ་འཁོར་དང་བཅས་པ་ལ་སྔོ་བ་ནི། བདེན་བྲལ་སྲིན་པོ་དུམ་སྣ་དང། གདོང་པ་བཅུ་ལ་ཁྲོས་པ་བཞིན། །མཆེ་བ་ཟངས་མདོག་དག་པོ་ལ ་རབ?་གཏམས་མ་དང་ནི་འཇིགས་པ་ལྟར། །སྲིན་པོ་དྲག་བྱེད་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་རྐང་ཟ་ཞེས་བྱ་ལ། །རྐང་དང་རུས་པ་སྣ་ཚོགས་དང། །ཁུར་བ་ལ་སོགས་སྦྱར་བ་ནི། །སྲིན་པོ ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །སྲིན་པོའི་ཚོགས་རྣམས་བཟློག་པ་དང། །ཚེ་སྲོག་བར་ཆད་བཟློག་ཏུ་གསོལ། །རླུང་ལྷ་འཁོར་དང་བཅས་པ་ལ་བསྔོ ་བ་ནི?་རླུང་ལྷ་བཻ་ཌཱུ་ར་རམ?་པ་དང། །ཕྲེང་བ་ཅན་དང་འཇིག་རྟེན་སྤྲིན། །རླུང་གི་ལྷ་དང་འཇིག་བྱེད་དང། །ཚངས་ཆེན་དང་ནི་ཀུན་ཏུ་མགྱོགས། །རླུང་ལྷ་རྣམ་པར་འཐོར་བྱེད་དང། །རླུང་ཕྱོགས་གདོན་ལ་སོགས་པ་ལ། །ཕག་འཚལ་བསྙེན་བཀུར་མཆོད ་བ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ལོ་ཏོག་ཟ་བ་ལ། །འབྲས་དང་ནས་དང་སྙེམ་དང། །གང་དུ་འབྲུ་གཙང་གཅས་པ་འདི། །རླུང་ལྷ་འཁོར་དང་བཅས་པ་ལ། །བསྔས?་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི།། ་བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །རླུང་ལྷའི་གདོན་ཚོགས་བཟློག་པ་དང། །ལོ་ཉེས་ལ་སོགས་གདོན་རྣམས་བཟློག་།དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། དབང་ཕྱུག་མ་ཧཱ་དེ་བ་དང། །བཙུན་མོ་ཨུ་མ་ད་བ་གཉིས། །དགའ་བྱེད་དབང ་ཕྱུག་བྷྲིང་གི་རི། །ཚོགས?་བདག་གཞོན་ནུ་སྨིན་དྲུག་དང། །པ་ཏྲ་བ་ལ་ནཱ་ན་དི་ཀར། །མ་ཧཱ་ཀཱ་ལ་ཤ་རི་སོགས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་མེ་ཏོག་ཟ་བ་ལ། །ཆུ་དང་ཐང་ལས་སྐྱེས་པ་?་མེ་ཏོག་རྩི ་བཅུད་སྦྱར་པ་འདི། །ལྷ་ཆེན་བརྒྱད་པོ་འཁོར་བཅས་ལ། །བསྡོས?་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐཾས་ཅད་ཀྱི། །ལྷ་ཡི་གདོན་ཚོགས་ཞི་པ་དང། །རིམས་ནས་ཐམས་ཅད ་བཟློག་ཏུ་གསོལ། །འགྱུར?་པོའི་བདག་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། འབྱུང་པོའི་བདག་པོ་དབང་ལྡན་དང། །ལོག་འདྲེན་སྣ་འདྲེན་མདུང་ཐུང་དང། །གཤོལ་མདའ་ཅན་དང་གཏུན་ཤིང་དང། །འཁྲུས་བྱེད་སྙན་དྲག་ཡང་དག་འགུགས། །འབྱུང་པོ ་འཁོར་བཅས་ལ་སོགས་པས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་མི་བཙང་ཟ་བ་ལ། །འབྱུང་པོའི་ཁ་ཟས་སྒོག་བཙོང་དང། །ལ་ཕུག་འབྲས་ལ་སོགས་པ་ལ། །རྒྱུ་དང་རྐྱེན་དུ་སྦྱར་བ་འདི། །འབྱུང་པོ ་འཁོར་དང་བཅས་པ་ལ། བསྡོས?་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །འབྱུང་པོའི་གདོན་ཚོགས་བཟློག་པ་དང། །བགེགས་ཀྱི་བསམ་ངན་བཟློག་དུ་གསོལ། །གཟའི་རྒྱལ་པོ་འཁོར ་དང་བཅས་པ་ལ་བསྔོ་བ་ནི། །གཟའ་ཆེན་བྱི་ཏྲི་པ་ཏྲ་དང། །ཟླ་བ་ཉི་མ་གཟའ་ལག་ཅན། །པ་བ་སངས་དང་ཕུར་བུ་དང། །སྤེན་པ་དང་ནི་མིག་དམར་དང། །སྒྲ་གཅན་འཛིན་ལ་སོགས་པ་ལ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཚད་མ་མཆིས ་པའི་གཏོར་མ་འདི། །ཟས་སུ་ཚིལ་ཟ་ཞེས་བྱ་ལ། །ཕྱི་ཆིལ་ན་ཚིལ་ལ་སོགས་པ། །བཅུད་དང་ལེན་དུ་སྦྱར་བ་ནི། །གཟའ་གདོན་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར ་བཅས་ཐམས་ཅད་ཀྱི། །གཟའ་ཡི་གདོན་ཚོགས་བཟློག་པ་དང། །ལྟས་ངན་མཚན་ངན་བཟློག་ཏུ་གསོལ། །ས་བདག་རྒྱལ་པོ་འཁོར་དང་བཅས་པ་ལ་བསྔོ་པ་ནི། །ས་བདག་རྒྱལ་པོ་ཐག་མགོ་ཅན། །ས་བདག་ཧྭ?་ལན་ཐ་སེ་དང། །བེ་སྣ་ལག་ཆེན ་ཅིག?་ཀུ?་དང། །རྩབ་ཀུན་འཁོར་དང་པ་རྟ་ལི། །ས་བདག་བརྟན་མ་ལ་སོགས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་སྣ་བས་ཟ་ཞེས་བྱ་བ། །བྱ་ཡི་སྒོ་ང་ལ་སོགས་པའོ། །སྲིད་པའི་རྒྱུ་དང་སྦྱར་བ་འབི?། །ས ་བདག་འཁོར་བཅས་ཐམས་ཅད་ལ། །བསྔོས་པས་ཆིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ས་བདག་གདོན་ཚོགས་བཟློག་པ་དང། །ཚེ་དང་དབང་ཐང་སྤེལ་དུ་གསོལ། །ལྷ་མ་ཡིན་གྱི་རྒྱལ་པོ་འཁོར ་དང་བཅས་པ་ལ་བསྔོ་བ་ནི། །ལྷ་མིན་རྒྱལ་པོ་ཐག་བཟངས་རིས། །རབ་གསལ་དང་ནི་ཞི་བའི་མཆོག་།ཐག་པ་སྲི་དང་ཁྲ་ཆེན་པོ་།དུས་ཀྱི་འཁོ་དང་དྲི་མེད་པ། །ལྷ་མིན་རྒྱལ་པོ་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས ་པའི་གཏོར་མ་འདི། །ཟས་སུ་རྣག་ཟ་ཞེས་བྱ་ལ། །ཤ་སུམས་རུས་པ་ལ་སོགས་པ། །རྒྱུ་དང་རྐྱེན་དུ་བསགS་པ་འདི། །ལྷ་མིན་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས ་ཅད་ཀྱི། །ལྷ་མིན་གདོན་ཚོགས་ནི་བ་དང། །ལོ་སྒག་བླ་སྐེག་བདུད་སྐེག་དང། །ཁྲམ་སྒེག་ལ་སོགས་བཟློག་ཏུ་གསོལ། །མིའམ་ཅིའི་རྒྱལ་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། །མིའམ་ཅིའི་རྒྱལ་པོ་ལྡན་པ་དང། །ཚོས་ལྡན་ཆོས་སྐྱོང་ཆོས་? ་དང། །ལྷ་མིན་ཕུང་བྱེད་ལ་སོགས་པ། །ཕྱག་འཚལ་བསྙེན་དཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་དར་སྣབས་ཟ་བ་ལ། །དེ་ཕོའི་བར་སྒོ་བསྒྱུར་བ་དང། །མིའམ་ཅིའི་རྒྱལ་པོ་འཁོར་བཅས་ལ། །བསྡོས་པས་ཆིམ་?་དགྱེས ་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །གཞན་གྱི་སྦྱོར་བ་ངན་པ་དང། །བསམ་ངན་ཐམས་ཅད་བཟློག་ཏུ་གསོལ། །མཁའ་གྲོམ་འཁོར་དང་བཅས་པ་ལ་བསྔོ་དབ་ནི། མཁའ་འགྲོ་མ་ཚོགས་དེ་བིར?། །ཧ་པདྨ?་ ་སུ་ཀ་རི། །བི་ཏི་བི་དང་བི་མ་ཀ་།བེ་བོ་ཀ་དང་ཀར་ཏིཀ་།བཀར་ཏ་དང་མུ་ཧ་ཀ་།མཁའ་འགྲོ་ཆེན་མོ་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ཁྲག་འཐུང་ཞེས་བྱ་ལ། ་ཁྲག་སྣ་བརྒྱའི་གཏོར་མ་འདི། །མཁའ་འགྲོ་ཆེན་མོ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །མཁའ་འགྲོའི་གདོན་ཚོགས་ཞི་བ་དང། །མདངས་འཕྲོག་ཐམས་ཅད་བཟློག ་ཏུ་གསོལ། །མ་མོ་འཁོར་དང་བཅས་པ་རྣམས་ལ་བསྔོ་བ་ནི། མ་མོ་ཆེན་མོ་ཛ་མི་ཀ་།རྡོ་རྗེ་གཞོན་ནུ་ལུ་གུ་རྒྱུད། པདྨའི་མིག་དང་རིག་གསེར་ཕྲེང། །རྡོ་རེ་ཤུགས་ལྡན་རྒྱ་ལྡན་མ། །རྡོ་རྗེ་པདྨའི་འོད་ཕྲེང་མ། །མ་མོའི་གདོན་ཚོགས་ཐམས་ཅད ་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ཞག་ཟ་ཞེས་བྱ་ལ། །ཞག་དང་བཅུད་དུ་སྦྱར་བ་འདི། །མ་མོ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས ་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །མ་མོའི་གདོན་ཚོགས་ཞི་བ་དང། །སྲོག་འཕྲོག་སྡུག་བསྔལ་བཟློག་དུ་གསོལ། །ནམ་མཁའ་ལྡིང་འཁོར་དང་བཅས་པ་ལ་བསྔོ་བ་ནི། །ནམ་མཁའ་ལྡིང་གི་རྒྱལ་པོ་ལ། །གསེར་མིག་ཅན་དང་ཡན ་ལག་འདུ། །རྣ་བདུད་དང་ནི་འཇིགས་པར་འགྲོ། འདབ་བརྒྱད་དང་ནི་གཙུག་ཕུང་ཅན། །ཤུགས་ལྡན་བཟང་དང་ཡན་ལག་ལྡན། །ནམ་མཁའ་ལྡིང་གི་འཁོར་བཅས་ལ། །ཕྱག་འཚལ་བསྟེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ ་འདི། །ཟས་སུ་བཅོས་པ་ཟ་བ་ལ། །བུ་རམ་ཤིང་ཀུན་ལ་སོགས་པའི། །བཅུད་དང་བདུད་རྩི་སྦྱར་བ་འདི། །མཁའ་ལྡིང་རྒྱལ་པོ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས ་ཐམས་ཅད་ཀྱི། །མཁའ་ལྡིང་གདོན་ཚོགས་བཟློག་པ་དང། །ཚེ་ཡི་བར་ཆོད་བསྐྱབ་ཏུ་གསོལ། །ལྟོ་འཕྱེའི་རྒྱལ་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། ལྟོ་འཕྱེའི་རྒྱལ་པོ་ཆེན་པོ་ནི། །མགྱོགས་ཆེན་དང་ནི་དུ་བ་ཅན། །ལ་བ་ཅན་དང་ཧུ་ཏ་ཀ་།ཤུ་བར་ཀ ་སྣ་སྣ་བཟངས་དང། །དཔུང་བཟངས་དང་ནི་འཇིགས་ཆེན་དང། །ལྟོ་འཕྱེའི་རྒྱལ་པོ་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་དྲི་ཟ་ཞེས་བྱ་ལ། །ག་བུར་གུར་ཀུམ་སུག་སྨེ་ལ་དང།། ་ཡི་ཤི་ཛཱ་ཏི་ལ་སོགས་པའི། །དྲི་དང་སྨན་དུ་སྦྱར་བ་འདི། །ལྟོ་འཕྱེ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱིས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ལྟོ་འཕྱེའི་གདོན་ཚོགས་ཞི་བ་དང། །གདོན་གྱི ་བར་ཆད་བཟློག་ཏུ་གསོལ། །སྲིན་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། རྣལ་འབྱོར་སྲིན་མོ་ནག་མོ་དང། །སྦལ་མིག་ནག་མོ་གནོད་སྦྱིན་མོ། །བེ་ཚོན་ནག་མོ་ལ་སོགས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ ་འདི། །ཟས་སུ་ལྷག་མ་ཟ་བ་ལ། །ཀུན་གྱི་ལྷག་མའི་ཚོགས་སྦྱར་འདི། །སྲིན་མོ་འཁོར་བཅས་ཐམས་ཅད་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་པ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །མ་མོ་སྲིན་མོའི་གདན ་ཚོགས་དང། །མི་ནད་ཕྱུགས་ནད་བཟློག་དུ་གསོལ། །ཀླུའི་ཚོགས་འཁོར་དང་བཅས་པ་ལ་བསྔོ་བ་ནི། གངྒཱའི་ལྷ་དང་སིན་དྷུའི་ལྷ། །བྱམས་ལྡན་ལྷ་དང་དབྱངས་ཅན་ལྷ། །ཟླ་བ་ཅན་དང་ཡ་མུ་ཏ། །ཀུན་གྱི་ལྷ་དང་མགྱོགས་ཆེན་ལྷ། །མཚོ་སྟེང་ལྷ་ལ ་སོགས་པ་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་སྟོར་ཁུང་བབ་འཐུང་ལ། །ཆུ་སྣ་བརྒྱ་རྩ་བརྒྱད་དང་ནི། །བཅུད་དང་རྩི་ལྡན་སྦྱར་བ་འདི། །ཆུ་ཀླུང་སྣ་ཚོགས་འཁོར་བཅས་ལ། །བསྔོས་པས་ཚིམ ་ཞིང་དགྱེས་གྱུར་ཅིག་།ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཆུ་ཀླུང་གནས་པའི་བགེགས་བདོན་དང། ཚེ་སྲོག་བར་ཆེད་བཟློག་ཏུ་གསོལ། །ཕྱོགས་བཞིའི་བགེགས་ཆེན་འཁོར་དང་བཅས ་པ་ལ་བསྡེ་བ་ནི། ཤར་ཕྱོགས་ཁམས་ཀྱི་བདག་པ་དང། །ལྷོ་ཕྱོགས་སྤྲིན་གྱི་སྒྲོན་མ་དང། །ནུབ་ཕྱོགས་བགེགས་རྒྱལ་རྡོ་རྗེ་དང། །བྱང་ཕྱོགས་བི་ནཱ་ཡ་ཀ་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ ་མི་གཙང་ཟ་བ་ལ། །ཁྲག་དང་ཤ་སྣ་སྦྱར་བ་ནི། །བགེགས་ཆེན་བཞི་པོ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག་།ཁྱོད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཕྱོགས་བཞིའི་བགེགས་ཚོགས་ཞི་བ ་དང། །བསམ་སྦྱོར་ངན་པ་བཟློག་ཏུ་གསོལ། །འབྱུང་པོ་མ་ལུས་ཁྱེད་རྣམས་ཀུན། །སོ་སོར་གཏོར་མ་ཕུལ་བ་འདི། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་སུ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང། །རང་གི་བུ་སྨད་མཛད?་བཤེས ་གཉེན་བདུན་དང། །ནང་མི་དམག་དང་དཔུང་བཅས་ལན་ཅིག་ཏུ། །གཏོར་མ་མེ་ཏོག་དྲི་དང་བདུག་པར་བཅས། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང། །བདག་གི་ལས་འདིའི་འབྲས་བུ་མཆིས་བར་མཛོད། །ཅེས་བརྗོད་པར་བྱའོ། ་དེ་ནས་བྷཡོ་འབག་བཞི་བྱས་པའི་མདུན་དུ་སྐོར་ཞི་དྲང་ལ། དེ་བྷཡོ་སྔགས་ཀྱིས་བསྔགས་ཏེ་ཕྱོགས་བཞིར་སྐྱལ?་ལོ། །དེ་ནས་བཅོམ་ལྡན་འདས་མ་འཁོར་བཅས་ལ་མཆོད་པ་དང། རྒྱུད་ཀྱི་བསྟོད་པ་ལ་སོགས་པས་བསྟོད་ནས་བདག་དང་ཡོན་བདག ་འཁོར་བཅས་ཀྱིས་མེ་ཏོག་ཐོགས་ལ་རྒྱལ་མཚན་ནམ། སྐུ་དང་དཀྱིལ་འཁོར་བཅས་པ་ལ་ཡང་བསྟོད་པ་བྱེད་ཅིང་བསྐོར་བ་བྱ། ནད་གདོན་ཞི་བའི་གསོལ་བ་གདབ། བཟོད་པར་གསོལ་ཡེ་ཤེས་པ་གཤེགས། །དམ་ཚིག་པ་བསྡུ། གཏོར ་མ་གནོད་བྱེད་ཀྱི་ཕྱོགས་སུ་གཏང་ལ། བཀྲ་ཤིས་བརྗོད་པར་བྱའོ། །དེ་ནི་མི་ནང་དང། ཕྱུགས་ནད་དང། རྨི་ལམ་ངན་པ་དང། ལྟས་ངན་པ་དང། བྱད་ཀ་དང། ཕུར་ཀ་དང། ཕ་རོལ་གྱི་དམག་ཚོགས་ལ་སོགས་པ་ཐམས་ཅད་ཞི་བར་འགྱུར་རོ། །ཆར་ཆུ་ཡང་དུས་སུ ་འབབ་པ་དང། རྩི་བཅུད་དང། ལོ་ཏོག་ལ་སོགས་པའི་འབྲུ་ཐམས་ཅད་རྒྱས་པ་དང། མི་ཕྱུགས་ཐམས་ཅད་འཕེལ་བ་དང། མཆོག་ཏུ་དགེ་པར་འགྱུར་རོ། །ཙནྡྲ་གོ་མིས་འཕགས་པ་ཡི། །རྗེས་གནང་དངོས་སུ་ཐོབ་གྱུར་ནས། །གཏོར་ཆོག་བཤད་རྒྱུད་ལ་བརྟེན? ་བརྩམས། །དགེ་དེས་འགྲོ་ཀུན་བདེ་ཐོབ་ཤོག་།འཕགས་མ་གདུགས་དཀར་མོ་ཅན་གྱི་གཏོར་མའི་ཆོ་ག་།སློབ་དཔོན་ཙནྡྲ་གོ་མི་མཛད་པ་རྫོགས་སོ།། །།ཐོ་ལིང་གི་གཙུག་ལག་ཁང་དུ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་པའོ།། །། ་