CLOSE WINDOW

N2696: 'phags ma gdugs dkar mo can gzhan gyis mi thub ma zhes bya ba'i sgrub thabs
Wyliee-texts based on the ACIP/ALL Input

འོད་འཕྲོ་འཁོར་ལ་འཛིན་པའོ། །ལྷ་དེ་དག་གི་སྔགས་སེམས་ཕྱག་རྒྱ་འམ་སྐུ་དགོད་པར་བྱའོ།། །།*། །འཕགས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་སྒྲུབ་ཐབས་བཞུགས་སོ།། ། ་རྒྱ་གར་སྐད་དུ། ཨཱ་རྱ་སི་ཏ་ཏ་པ་ཏྲེ་ཨ་བ་རཱ་ཇི་ཏ་ན་མ་ནོ་པེ་ཀཱ་།བོད་སྐད་དུ། འཕགས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་སྒྲུབ་ཐབས། འཕགས་མ་གདུགས་དཀར་མོ་ལ་ཕྱག་འཚལ་ལོ།། ་ལྷ་མོ་གདུགས་དཀར་ཅན་བསྒྲུབས་པར་འདོད་པས། གནས་དབེན་བར་ཁྲུས་བྱས་སྟན་བདེ་བ་ལ་འདུག་སྟེ། རང་སྐད་ཅིག་གིས་ལྷ་མོར་བསྐྱེད་པའི་ཨོཾ་གྱི་འོད་ཀྱིས་ཕགས་མ་རི་ཁྲོད་མ་དང་སངས་རྒྱས་ལ་སོགས་པ་སྤྱན་དྲངས་ལ་ཕྱག ་བྱ་སྟེ། མཆོད་པ་ལ་སོགས་པའི་བདུན་རྣམ་དག་གིས་ཚོགས་བསགས་ནས། ཚངས་པའི་གནས་བཞི་དང། ཡེ་ཤེས་ཀྱི་ཚོགས་བསག་པར་བྱའོ། །དེའི་དང་ལས་སྙིང་གའི་ཨོཾ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་པ་ལས་གདུག། ་དཀར་པོ་ཨོཾ་གྱིས་མཚན་པར་གྱུར། དེ་ལས་འོད་ཟེར་སྐུ་ཕྲ་མོར་འཕྲོས་འདུས་པ་ལས་བདག་ཉིད་ལྷ་མོ་གདུགས་དཀར་ཅན་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གཉིས་ལས་བྱམས་པ་དང། སྙིང་རྗེའི་འོད་ཟེར་འཕྲོ་བ། ? ་སྐྱབས་སྦྱིན། གཡོན་གདུགས་དཀར་པོ་བཟུང་བ། པད་ཟླའི་གདན་ལ་ཞབས་སྐྱིལ་ཀྲུང་གིས་བཞུགས་ཤིང་སྒེག་པའོ། །དེ་དབུ་རྒྱན་དང་རྣ་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པར་བལྟའོ། །སྤྲོ་ན་རི་ཁྲོད་མ་དང་ལེགས་ལྡན་གྱིས།། ་བསྐོར་བས་བསམ་མོ། །དེ་ལ་ཨོཾ་གྱི་འོད་ཀྱིས་ཡེ་ཤེས་པ་དགུག་གཞུག་བཅིང་དབང་དུ་བྱའོ། །དེ་ཉིད་ལ་དབང་བསྐུར་ལ་བཻ་རོ་ཙ་ནས་དབུ་བརྒྱན་ནོ། །དེའི་ཐུགས་ཀར་འཕགས་མ་མཚན་གང་བ་ཨོཾ་དང་བཅས་པར་བལྟའོ། །དེ་ཉིད་ལས་སྐྱོབས ་གྱུར་ན་ཡེ་ཤེས་ཀྱི་ལྷ་མདུན་དུ་བཀུག་ལ་ཕྱག་དང་མཆོད་བསྟོང་བྱས་ནས་ཐུགས་ཀ་གཉིས་སུ་ཨོཾ་ལ་སྔགས་ཀྱིས་བསྐོར་བ་དམིགས་ནས་ཞལ་དང་ལྟེ་བར་མགལ་མེ་འཁོར་བས་རང་གཞན་ཐམས་ཅད་ཀྱི་ནད་གདོན་ལ་སོགས་པ་བསྲེགས་ཏུ ་བསམས་ནས། ཏདྱ་ཐའ། ཨོཾ་ཨ་ན་ལེ་ཨ་ན་ལེ། པི་ཥ་དེ་བི་ཥ་དེ། བཻ་རེ་བཻ་རེ། བཛྲ་དྷ་རི། བནདྷ་བནདྷ་ནི། བཛྲ་པཱ་ཎི་ཕཊ་།ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་བནདྷ་ཕཊ་སྭཱཧཱ། འབུམ་ལ་སོགས་པ་བཟླས་པར་བྱའོ། །དེ་ནས་ཐུན་མཚམས་སུ་མདུན་གྱི་ཡེ་ཤེས་པ ་ལ་དམིགས་པའི་མདོ་དང། ལྷ་མོ་ལེགས་ལྡན་ལ་གཏོར་མ་བཏང་ནས། སྦྱོད་ལམ་གྱི་རྣལ་འབྱོར་བྱའོ། །འཕགས་པ་གདུགས་དཀར་མ་ཅན་གྱི་སྒྲུབ་ཐབས། སློབ་དཔོན་ཙན་དྲ་གོ་མིས་མཛད་པ་རྫོགས་སོ།། །། ་ལོ་ཙ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། །རྒྱ་གར་སྐད་དུ། ཨཱརྱ་ས་ཏི་ཏེ་པ་ཏྲ་ཨ་པ་རཱ་ཛི་ཏ་བ་ལི་ཏ་བི་དྷི་དྷ་ནཱ་མ། བོད་སྐད་དུ། འཕགས་པ་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་གྱི་གཏོར་པའི ་