| Wylie | e-texts based on the ACIP/ALL Input |
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དམ་ཚིག་སྲུང་བའི་སྒྲུབ་ཐབས་གཙུག་ཏོར་དྲི་མེད་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་རཀྵ་སཱ་དྷ་ནཾ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་དམ་ཚིག་བསྲུང་བའི་སྒྲུབས་ཐབས། །དེ་བཞིན་གཤེགས་པ་འོད་ཟེར་དྲི་མ་མེད་པའི་སྙིང་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །གང་འདོད་དངོས་གྲུབ་སྦྱིན་མཛད་པའི། །བླ་མའི་ཞབས་ཀྱི་རྡུལ་ལ་ནི། །དངོས་པོ ་ཀུན་གྱིས་ཕྱག་འཚལ་འདུད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །རྒྱལ་སྲས་ཐུ་བོ་རྣམས་ལ་ཡང། །དངོས་ཀུན་ཕྱག་བྱས་འོད་ཟེར་གྱི། །དྲི་མེད་སྙིང་པོ་སྒྲུབ་ཐབས་བཤད། །བཀྲ་ཤིས་ཡིད་འོད་བདེ་གནས་སུ། །ཁྲུས་བྱས་བདེ་བའི་སྟན་ལ ་འདུག་།གསུམ་ལ་སྐྱབས་སུ་འགྲོ་བ་དང། །བྱང་ཆུབ་སེམས་ནི་བསྐྱེད་པ་དང། །སྡོམ་བཟུང་ཚད་མེད་བཞི་ལ་གནས། །རང་སྙིང་ཨ་ལས་འོད་བྱུང་བས། །བླ་མ་སངས་རྒྱས་བྱང་ཆུབ་སེམས། །ནམ་མཁའ་ཨི་ངོས་ལ་བསམ་པར་བྱ། །ཕྱག་འཚལ ་མཆོད་པ་ལ་སོགས་བྱ། །དེ་ནས་སྟོད་པའི་ངོ་བོར་བསམ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། །དེ་ནས་ལམ་རྗེས་དྲན་པར་བྱ། ། ལས་ཟླ་བ་རྡོ་རྗེར་བསྐྱེད། །དེ་ཡིས་ཇི་ལྟར་འདོད་རྒྱལ་པོས། །བགེགས་རྣམས་བསྐྲད་པར་བྱས ་ནས་ནི། །དེ་དབུས་ནམ་མཁའ་གྲུ་གསུམ་ཟླུམ། །གྲུ་བཞི་རི་རབ་རྣམ་པར་བསམ། །གྲུ་བཞི་སྒོ་དང་རབ་ལྡན་པ། །འོད་དང་ལྡན་པའི་ཁང་པར་བསྒོམ། །ལྟེ་བར་པདྨ་ཟླ་བ་ལ། ། དང་མཾ་མུ་ཧྲི:ཧཱུཾ་ལས། ། ལས་ནོར་བུ་འབར་བར་བར་གྱུར།། ་སྐུ་མདོག་སྣ་ཚོགས་མ་ངེས་ལ། །ཞལ་གཅིག་ཕྱག་གཉིས་རྒྱད་དང་ལྡན། །གཡས་པ་སྐྱབས་བྱིན་གཡོན་ནོར་བུ། །མཚན་དང་དཔེ་བྱང་ཚོགས་པ་དབུས། །གཡས་སུ་འཇམ་དཔལ་རྣོན་པོ་ལ། །རྒྱབ་ཏུ་ཤཱཀྱ་ཐུབ་པ་ཉིད། །གཡོན་དུ་སེང་གེ་སྐྲ་བསམ་བྱ། །མདུན ་དུ་ཕྱག་ན་རྡོ་རྗེ་བསྒོམ?། །མདུན་གྱི་ནམ་མཁའ་ཡེ་ཤེས་བསམ། །བྱིན་བརླབས་དབང་བསྐུར་བསམ་པར་བྱ། །མཆོད་བསྟོད་ལེགས་པ་རྫོགས་པ་དང། །རྩེ་གཅིག་ཡིད་ཀྱིས་བསྒོམ་པར་བྱ། །དེ་ལས་སྐྱོན་སྙིང་པོ་བཟླས། །གཙུག་ཏུ་བཟླས?་དང་སྨིན་ཕྲག་བཟླས། ་སྙིང་གཉིད་དུ་བཟླས་པའོ། །ཉེ་བའི་སྙིང་པོ། །ོཾ་སརྦ་ཏ་ཐཱ་ག་ཏ་མུ་དྲ་ཨ་དྷིཥྛི་ཏེ་སྭཱཧཱ། དེ་ནས་གཏོར་མས་མཆོད་ནས་གཤེགས། །བདག་ཉིད་སྤྱོད་ལམ་ཉིད་བྱ་ཞིང། །སྣང་བ་སྒྱུ་མ་བཞིན་དུ་སྦྱང། །འདི་བྱས་དལ་བའི་བསོད་ནམས་ཀྱིས། །འདི་བྱས་དལ ་བསྡིག་པ་དག་།དྲི་མེད་འཁོར་ལོའི་སྐུར་གྱུར་ཤོག་།དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བ་ཞེས་བྱ་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཤྲཱི་ཛྙ་ནས་མཛད་པ་རྫོགས་སོ།། །། ་པཎྜི་ཏ་དེ་ཉིད་དང། བོད་ཀྱི་ལོ་ཙ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།དེ་ནས་ཁྲུས་བྱས་གོས་གཙང་བགོས། །སྤོས་ཀྱིས་དཀྱིལ་འཁོར་གྲུ་བཞི་བྱ། །མཆོད་རྟེན་ལྔ་བཏབ་གྲོ་གལ། །འཁོར་ལོ་བྱ་རུ་རྫོགས ་