| Wylie | e-texts based on the ACIP/ALL Input |
བར་གཤེགས་པའི་སྲས་པོ་སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པ་རྫོགས་སོ། །།དགེ་བའི་འདོད་བརྗེའི་རྣམ་པར་བཤད་ས་སློབ་དཔོན་ཀླུ་སྒྲུབ་གྱིས་མཛད་པ་བཟུགས་སོ།། །། ་རྒྱ་གར་སྐད་དུ། ཀ་ལ་ཡ་ན་ཀཱ་མ་དྷེ་ནུ། བོད་སྐད་དུ། དགེ་བའི་འདོད་འཇོའི། །བདུད་ཀྱི་སྟོབས་བཅོམ་པ་ལ་ཕྱག་འཚལ་ལོ་།ངན་འགྲོའི་ལམ་ནི་བཟློས་མཛད་པ། །སངས་རྒྱས་མཆོག་ལ་ཕྱག་འཚལ་ལོ། །ཡིད་ཆེས་ལུང་ནི་ཇི་བཞིན་དུ། །དགེ་བའི ་འདོད་འཇོ་རྣམ་པར་དབྱེ། །རིན་ཆེན་བྱུ་རུའི་མཛོད་གྱུར་པ། །དཔའ་བོ་གཅིག་སྒྲུབ་སྔགས་ཡན་ལག་།སྤྲོས་པ་རིན་ཆེན་མྱུ་གུ་ཅན། །དགེ་བའི་འདོད་འཇོ་བསྟན་པར་བྱ་ཞེས་བྱ་བ་ལ། མངོན་དུ་བྱ་བས་རིན་ཆེན་དེ་དངོས་གྲུབ་པོ། །དེ་ཉིད་བྱུ་རུ་སྟེ་ནོར་བུའི ་ཁྱད་པར་རོ། །མཛད་ནི་དེའི་གནས་སུ་གྱུར་པའི་མཛོད་དོ། །དཔའ་བོ་གཅིག་སྤུ?་བསྔགས་ཡན་ལག་ཅེས་བྱ་བ་ལ། དཔའ་བོ་གཅིག་ཅེས་བྱ་བ་ནི་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པ་ལ་ལྟོས་པ་མེད་པ་སྟེ་སྔགས་སོ། །སྔགས་དེའི་སྦྱོར་བ་ལས་ཡོན་ཏན་རྣམས ་འཇོམས་ན། ཡན་ལག་སྟེ་ནུ་སོར་ལྟ་བུའོ། །སྤྲོས་པ་དང་ནི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་བྱེ་བྲག་གོ་།དེ་ཉིད་འདོད་པའི་དོན་རྫོགས་པར་བྱེད་པས་ན་རིན་པོ་ཆེའོ། །དེའི་མྱུ་གུ་བའི་ཡང་མྱུ་གུ་དང་འདྲ་བའི་རྭ་ཡོད་པ་སྟེ་བསྟན་བཅོས་སོ། །དེ་ཉིད་གང་ཞེ་ན། ་དགེ་བའི་འདོད་འཇོ་ཞེས་བྱ་བ་སྨོས་ཏེ། དེ་དག་བའི་ཆོས་ཀྱི་རྗེས་སུ་འགྲོ་བའི་ཡེ་ཤེས་སོ། །འདོད་པ་ནི་དར་འདུན་པའོ། །འདོད་པ་དེ་ཡོངས་སུ་རྫོགས་པར་འཇོ་བས་ན་བཞོ་བ་སྟེ། བསྟན་བཅོས་ཀྱི་བྱ་ལས་བཞིའི་རྐང་ལག་བཞི་དང་ལྡན་པའོ། །སྔགས ་ཀུན་མང་དུ་ཕྱག་འཚལ་དང། །སྭཱཧཱ་སྦྱར་བའི་རང་བཞིན་ཅན། །དེ་བས་ལུང་དུ་མ་བསྟན་ཡང། །ཐོག་མ་ཐ་མར་སྦྱར་བར་བྱ་ཞེས་བྱ་བ་ལས། སྔགས་ཀུན་ཞེས་བྱ་བ་ནི་སྦྱར་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཕྱག་འཚལ་དང་སྭཱཧཱ་སྦྱར་ཞེས་བྱ་བ་ནི ་དང་པོར་ཨོཾ་དང་ཐ་མར་སྭཱཧཱ་ལྡན་པར་བྱའོ། །ལུང་དུ་མ་བསྟན་ཀྱང་ཞེས་བྱ་བ་ནི་དངོས་སུ་བསྟན་པ་མེད་ཀྱང་ངོ། །ཐོག་མ་ཐ་མ་ཞེས་བྱ་བ་ལ་སོགས་པས་གཞན་འདི་ཡང་སྟོན་ཏེ། སྔགས་ཀྱི་དེ་ཁོ་ཉིད་རིག་པའི་བླ་མའི་མན་ངག་ལས་སྔགས་སྤེལ་བ་དང། ་སྔགས་སྤར?་བ་དང། སྔགས་གཟི་བྱིན་བསྐྱེད་པ་དང། སྔགས་ཚིམ་པར་བྱ་བ་དང། སྔགས་ཉེ་བར་བྱ་བ་ཤེས་པ་དག་གོ་།དེ་ལ་སྔགས་སྤེལ་བ་ནི། ཨོཾ་སཏྭ་ཆེ་གེ་མོའི་ཨུ་པ་སརྒ་ཨ་དྷཾ་རཀྵ་ཞེས་བྱ་བ་ནི་བསྲུང་བ་ལའོ། །ཞི་བ་ལ་ནི་ཨོཾ་ཨ་མུ་ཀ་སྱ་ཤཱཾ་ཏི་ཀུ ་རུ་སྭཱཧཱ། ཞེས་སོ། །ཉེ་བར་བྱ་བ་ནི། ཨོཾ་ས་དྷ་སིནྣ་རྔ་པ་ན་ཡ་ཀུ་རུ་སྭཱཧཱ་ཞེས་སོ། །སྔགས་སྒྲུབ་པ་ལ་ནི། ཨོཾ་སྭཱཧཱ་མནྟ་སིད་དྷི་མེ་ཀུ་རུ་སྭཱཧཱ། ནང་བསལ་བ་ལ་ནི། ཨོཾ་ན་མོ་ན་མ(རྒྱུད་འགྲེལ་ཞེས་སོ། །བསང་པ་ནི་ཨོཾ་ཕཊ་ཨ་མུ་ཀཾ་ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་སོ། །བསྐྲད་པ་ནི། ཧཱུཾ་ཨ་མུ་ཀ་མུ་ཙཱ་ཏརྐ་ཡ་ཧཱུ་ཞེས་སོ། །ཉེར་གཞུག་པ་ནི། ཨོཾ་ཨ་ཡུ་ཀ་སྱེ་ཨ་མུ་གནདྷ་པ་ཡ་སྭཱཧཱ། ཞི་བ་ཆེན་པོ་ལ་ནི་ཨོཾ་སྭཱཧཱ་ཨཱ་མུ་ཀ་སྱ་ཨ་མུ་ཀཾ་ཨུ་པ་དྲ་བཀྵ་ཡེ་སྭཱཧཱ། ཞེས་སོ།། ་ཕུར་བུ་གདབ་པ་ནི། ཨོཾ་ཀཱི་ལི་ཀཱི་ལ་ཡ་སརྦ་ན་ཧཱུཾ་ཞེས་སོ། །དེ་དག་ལ་སོགས་པ་ཤེས་པར་བྱའོ། །སྦྱར་བ་ལ་ནི་སྔགས་ཐམས་ཅད་ལ་སྤྱི་བོར་ཐིག་ལེ་སྦྱིན་ནོ། །གཟི་བྱིན་བསྐྱེད་པ་ལ་ནི་ནཱ་ད་སྦྱིན་ནོ། །ཚིམ་པར་བྱ་བ་ལ་ནི་ཁཾ་དོ། །ཉེ་བར་བྱ་བ་ལ་ནི་དཀྱིལ ་འཁོར་གྱིས་ཏེ། ས་དང་ཆུ་དང་མེ་དང་རླུང་གིས་དཀྱིལ་འཁོར་རྣམས་ལ་གོ་རིམས་བཞིན་དུ་ཤེས་པར་བྱའོ། །ནང་སྟོང་གཟི་ལ་དབྱིག་གོམས་པས། །མངོན་པར་མཐོ་འགྱུར་ཐེ་ཚོམ་མེད། །རྨུགས་འཛིན་ཆུ་དབང་གིས་ཀྱང་ནི། །སྐྱེས་བུ་གང་ཡིན་དེ་འདྲར ་འགྱུར། ཞེས་བྱ་བ་ནི། ནང་ཞེས་བྱ་བའི་སྒྲས་ནི་ལུས་ཀྱི་ནང་གཟུང་ངོ། །སྟོང་ཞེས་བྱ་བ་ནི་དེ་བདག་མེད་པའི་སྟོང་པའོ། །གཟི་ཞེས་བྱ་བ་ནི་གཟི་བརྗིད་དེ་མེའི་དཀྱིལ་འཁོར་རོ། །དབྱིག་ཅེས་བྱ་བ་ནི་ནོར་རྒྱུན་མ་སྟེ་གོམས་པ་ནི་གོམས་པར་བསླབས་པའོ། །མངོན་པར ་མཐོ་བ་ནི་མངོན་པར་མཐོ་བའི་དཔལ་ལོ། །འགྱུར་བ་ནི་འཐོབ་པའོ། །དེ་བཞིན་དུ་རྨུགས་འཛིན་ཆུ་དབང་གོམས་པས་ཀྱང། མཐོ་ཅན་མཐོབ་ཐོབ་འགྱུར་རོ། །འདིར་སྦྱོང་བ་ནི་འདི་ཡིན་ཏེ། །སྙིང་གར་དཀྱིལ་འཁོར་གྲུ་གསུམ ་མེའི་མདོག་ཅན་བསམས་ལ་དེའི་སྟེར་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་འདབ་མ་རྣམས་ལ་ཨོཾ་བ་སུ་དྷ་རི་ན་སྭཱཧཱ། ཞེས་བྱ་བ་ནོར་རྒྱུན་མའི་ཡི་གེ་བརྒྱད་དགོད་དོ། །ལྟེ་བ་ལ་ནི་ཡི་གེ་བྲུ་གསུམ་བཀོད་ལ་ཡི་གེ་རེ་རེ་ཞིང་པཾ་རཾ་གཉིས་དང་སྤེལ ་ལོ། །ཕྱོགས་བརྒྱད་དུ་ནི་གནོད་སྦྱིན་ཆེན་པོ་བརྒྱད་ཀྱི་ས་བོན་བྲིས་ཏེ། མ་ཎི་བྷ་དྲ་དང། པཱུརྞ་བྷ་དྲ་དང། དྷ་ན་ང་ཡ་དང། །བཻ་ཤྲ་བ་ཎ་རྣམས་ནི་ཕྱོགས་བཞིར་རོ། །ཀ་ལི་མཱ་ལི་དང། པི་ཅི་ཀུན་ཌ་ལ་དང། མུ་བེནྡྲE་ཡ་དང། ཙ་དོན་དྲཱ་ཡ་རྣམས་ནི་མཚམ ་རྣམས་སུ་སྟེ། ཐམས་ཅད་ཀྱང་སྭཱཧཱ?་མཛའ་ཅན་ནོ། །ོཾ་ཛཾ་བྷ་ལ་ཛ་ལེན་ཛཱ་ཡ་ཞེས་བྱ་བའི་ཛཾ་བྷ་ལའི་ཡི་གེ་བརྒྱད་ནི་ཡང་པདྨ་འདབ་མ་བརྒྱད་པ་ལ་དགོད་དོ། །ཡང་དབུས་ཀྱི་ལྟེ་བ་ལ་ཛཾ་མོ། །གལ་ཏེ་བསམ་གཏན་བྱ་བར་མི་ནུས་ན་ནི་གསེར་ལ་སོགས ་པའི་བྱང་བུ་ལ་འཁོར་ལོ་གཉིས་ནི་ཇི་ལྟ་བ་བཞིན་དུ་བྲིས་ལ་ཁ་སྦྱར་ཏེ་མར་དང་སྦྲང་རྩིའི་ནང་དུ་བཞག་ལ་མཆོད་པ་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་དེར་བསྟིམས་ནས་ཉིན་རེ་ཞིང་དྲི་ཞིམ་པའི་མེ་ཏོག་ལ་སོགས་བས་མཆོད་པར་བྱའོ།། ་ཡང་ན་གུར་གུམ་གྱི་ཆུའི་ནང་དུ་བཞག་སྟེ་མཆོད་ན་མཐོ་རིས་ཀྱི་དཔལ་འཐོབ་པར་འགྱུར་རོ། །ཚིནད་ཚིནད་ཚིནད་ཞེས་བྱ་བར་བསྟན་པ་དང། ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་གང་ཡིན་འབྲུ་ཚུགས་སུ་ན་ས་ན་ནི། ཤེས་གོམས་ཁྲག་དང་ཤ་འགུགས་འགྱུར་ཞེས ་བྱ་བ་ལ། སྔགས་ནི། ཨོཾ་ཚེ་སྙིང་གར་ཧཱུཾ་ཕཊ་དམར་ཤིང་འབར་བ་རང་བཅས་པ་བསམས་ལ་སྲོག་གཉིས་གཅིག་ཏུ་བྱས་ཏེ། སྣ་སྒོ་གཡས་ནས་སྐུད་པ་དང་འདྲ་བར་ཕྱུང་ནས་བསྒྲུབ་བྱ་མདུན་དུ་བསམས་ལ། སྲོག་རྩེ་མོ་ལྔར་གྱུར་པ་དེས་བསྒྲུབ་བྱའི་འདྲལ ་བ་དང། ཁ་དང་སྙིང་ག་དང། དཔུང་མགོ་གཉིས་ཀྱི་རྩ་རྣམས་ཕུག་སྟེ། བར་བར་དུ་སྔགས་བཟླས་ནས་དབུགས་རྡུབ་པས་སླར་དྲངས་པ་ན་ཁའ་མ་སྣོད་ཀྱི་ནང་དུ་ཁྲག་དགུག་པར་བྱའོ། །གོམས་པ་ནི་གོམས་པར་བསླབས་པ་སྟེ། དང་པོར་ཤིང་ཏོག་གང་ཡང་རུང་བ་རང ་གིས་ལག་ཏུ་བཞག་ལ། སྔར་བསྟན་པའི་རྩ་སྔགས་ཀྱི་སྦྱོར་བས་དགུག་པར་བྱའོ། །དེ་ནས་སླར་ཡང་ཤུགས་ཀྱིས་དགུག་པར་བྱ་སྟེ། དེ་ལྟར་ཇི་སྲིད་དུ་འབྲས་བུ་རོ་ཁར་མྱོང་གི་བར་དུ་བསླབ་གོ་།དེ་ནས་ནི་མ་པའི་ཤིང་ལ་སོགས་པ་ཐག་རིང་ཕོན་གནས་པ་རྣམས། ་བྱང་བསྒྲུབས་ལ། དེའི་འོག་ཏུ་ཁྲག་དགུག་པར་བྱའོ། །ནན་འདི་ནི་བར་དེ་ཀ་ནི་ཁི་ནི། ཀཱི་ནི་ཁི་ནི། མ་ཧེ་ཞོན་པའི་སྙིང་པོ་འབུམ། །གུ་གུལ་རི་ལུ་སྦྱིན་སྲེག་བྱ། སྡིག་ཅན་ཡིན་ཡང་དཔལ་འཕེལ་འགྱུར། ཞེས་བྱ་བ་ལ། མཧེ་ཞོན་པའི་སྙིང་པོའི་སྔགས་ནི། ཨོཾ་ནན་ད་ན་? ་ཡི?་ཏི་ད་ཀི་ནི་ཀི་ནི། ཁི་ནི་ཁི་ནི། ཤྲི་ཡཾ་མེ་དང་བོ་ཥ་ཊ་སྭཱཧཱ། ཞེས་བྱ་བ་ཡིན་ནོ། །འདིའི་སྦྱོར་བ་ནི་འདི་ཡིན་ནོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ནས་ཊཀྐི་རཱ་ཛ་ཐུགས་ཁ་ནས་སྤྲོས་ཏེ། མཚོན་གྱི་མཆོག་ལྕགས་ཀྱུ་དང་ཞགས་པ་ཕྱག་ན་བསྣམས་པ་མ་ཧེ་ལ ་ཞོན་པའི་བགྲོད་དགའ་ལྷ་མོ་ཞལ་བརྒྱད་པ། ཁ་དོག་མ་ར་ཀ་ཏ་ལྟར་སྔོ་བསྔགས་མ་མདུན་དུ་བཀུག་ལ་ཨརྒྱ་བྱིན་ཏེ་སྔགས་འདི་ཉིད་ནི་བཟླས་བརྗོད་བྱའོ། །བཟླས་བརྗོད་རྫོགས་ནས་མཆོད་པ་ཕུལ་ཏེ་གཤེགས་སུ་གསོལ་ཏོ། །དེ་ལྟར་དུས་གསུམ་དུ་ཇི་སྲིད་འབུམ ་ཕྲག་གཅིག་ཡོངས་སུ་རྫོགས་ཀྱི་བར་དུ་བཟླས་པས་སྔོན་དུ་བསྙེན་པ་བྱས་པར་ལ། དེ་ནས་གུ་གུལ་གྱི་རི་ལུས་སྦྲུལ་གྱི་རུས་པའི་ཚད་ཙམ་བྱས་ལ་མ་དང། སྦྲང་རྩི་དང་ཤ་ཁ་ར་དང་བཅས་པས་ཐབ་ཁུང་གྲུ་བཞི་བར་པ་ལ་ཤའི་མེ་སྤར་ལ། སྦྱིན་སྲེག་འབུམ་ཕྲག ་གཅིག་བྱས་ན་དེའི་འོག་ཏུ་བདག་ཉིད་ཆེན་པོའི་དཔལ་འཐོབ་པར་འགྱུར་རོ། །?དུར་འདབ་ལྟར་ལྗང་གནོད་སྦྱིན་པ། །རྗེས་མཐུན་མཚན་མོ་བྲི་བར་བྱ། །ཡན་ལག་ཆ་ཡི་ཕྲ་བཀོད་ཅིང། །ནོར་བུའི་རྒྱན་གྱིས་འོད་འཕྲོ་བའོ་ཞེས་བྱ་བ་ལ། དུས་གདབ་ལྗང་ཞེས་བྱ་བ་དུར ་བའི་འདབ་མ་ལྗང་སྔོན་གྱི་ཁ་དོག་ཅན་ནོ། །མཚན་མོ་བྲི་བར་བྱ་བ་ནི་མནཱ་མའི་རང་བཞིན་བས་ངོ་ཚ་བ་དང་བཅས་པའི་ཕྱིར་མཚན་མོ་བྲིའི་ཉིན་མོ་ནི་མ་ཡིན་ནོ། །རྗེས་མཐུན་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་དང་ལྡན་ཞི་བའི་བཞིན་ཅན་ཡིན་གྱི། ་ཁྲོ་བར་ནི་མ་ཡིན་ནོ། །ཡན་ལག་ཆ་ཤས་ཞེས་བྱ་བ་ལ་ཁ་དང། རྣ་བ་དང་སྣ་དང་མིག་དང་སོ་དང་མཆུ་ལ་སོགས་པའི་ཚོགས་ཏེ་ཕྲ་བཀོད་པ་ནི་དེ་རྣམས་ཀྱི་བརྒྱན་པའོ། །ཅི་འདྲ་ཞེ་ན། ནོར་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་གི་རྒྱན་དེ་དང ་ནི་ནོར་བུ་དང་འདྲ་བས་ནོར་བུ་སྟེ། ནོར་བུའི་རྒྱན་ལས་འོད་ཟེར་འཕྲོ་བ་ལྟར་ཡིན་ལག་དེ་དག་གིས་བརྒྱན་པས་ཉེ་བར་འབར་ཞིང་མཛེས་པའོ། །གནོད་སྦྱིན་མ་ཞེས་བྱ་བ་ནི་མནའ་མ་ཞེས་བྱ་བར་གྲགས་པའི་གནོད་སྦྱིན་མའོ། །འདིའི་སྔགས་ནི་གྲུས་ཛེ་བྷ་ར ་བྷ་ར་གྲུས་ཛཡེ་སིདྡྷཡ་ཛཡོ་ཞེས་བྱ་བའི་སྔགས་སྟོང་ཕྲག་གཅིག་བཟླས། ཕྱག་འཚལ་བསལ་ཞིང་མེ་དང་སྦྱར། །སྤྱོས་ཀྱང་མནའ་མ་མཛེས་མ་འགྲུབ་ཅེས་པའི་སྔགས་ནི། ཨ་གྲུས་ཛཡོ་བྷ་ར་བྷ་ར་གྲུས་ཛཡེ་སིདྡྷ་ས་མ་ཛ་ཧཡ་ཞེས་བྱའོ། །ཕྱག་འཚལ་བསལ་ཞིང་མེ་དང་སྦྱར ་ཞེས་བྱ་བ་ནི་ཨོ་གྱི་གནས་སུ་ཨ་གདོན་པ་སྟེ། དེས་བསྟེན་ན་དབང་དུ་འགྱུར་བ་བཞིན་དུ་འགྲུབ་པའོ། །སྤྱོད་ཀྱང་ཞེས་བྱ་བ་ནི་བརྒྱད་བཀག་ཀྱང་ངོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། མི་སྨྲ་བླ་ག་བ་མེད་པར་ཉལ། །ཟླ་ཕྱེད་ཁྲུས་གསུམ་གོས་གསུམ་བརྗེ།། ་ཛཱ་ཏིའི་མེ་ཏོག་བརྒྱ་རྩ་བརྒྱད། །སྲེགས་ན་ཡིད་འོང་མཆོག་རྙེད་འགྱུར། ཞེས་བྱ་བ་ལ། མི་སྨྲ་ཞེས་བྱ་བ་ནི་སྒྲུབ་པའི་གཡོག་འབའ་ཞིག་དང་སྨྲ་བར་བྱའི། །གཞན་དམ་ཚིག་མེད་པ་དག་དང་ལྷན་ཅིག་མི་སྨྲའོ། །བླ་གབ་མེད་པར་ཉལ་ཞེས་བྱ་བ་ནི་སྟེང ་སྒྲིབས་གཡོགས་མེད་པའི་གནས་སུ་བ་ལང་གི་ལྕི་བས་བྱུགས་ནས་རྩཝ་ཀུ་ཤ་བཏིང་བའི་སྟེང་དུ་ཉལ་བར་བྱའོ་།ཇི་སྲིད་དུ་ཞེ་ན། ཟླ་བ་ཕྱེད་དུ་མར་དོའི་ཞག་བཅོ་ལྔའི་བར་དུའོ། །གེས་གསུམ་བརྗི་ཞེས་བྱ་བ་ནི་ཉེན་རེ་གོས་དཀར་པོ་གཙང་མ་གསུམ་གསུམ་བརྗེ ་བའོ། །འདིར་ཡང་སྔ་མ་བཞིན་དུ་མདུན་དུ་བཀྲི་བ་ལ་བཀུག་ལ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ལ། ཇི་སྲིད་འབུམ་ཕྲག་གཅིག་གི་བར་དུ་བཟླས་བརྗོད་བྱས་ལ་དེའི་འོག་ཏུ་ཛཱ་ཏིའི་མེ་ཏོག་བརྒྱ་རྩ་བརྒྱད་ལ་སྔགས་སོ་སོར་བཟླས་ནས་བརྡེག་པར་བྱའོ།། ་ཆུ་?་སྒྲུབ་ན་ནི་བྲུ་ག་ལའོ། །སྲིང་མེར་སྒྲུབ་པ་ལ་ནི་ནུ་མ་ལའོ། །བྲན་མོར་སྒྲུབ་པ་ལ་ནི་མགོ་ལའོ། །རྐ་དཀར་ལས་མཐེབ་ཚད་ཀྱིས། །ཚོགས་བདག་གཟུགས་བྱས་སྤྱིར་བཀན་ལ། མཛའ་ཡིག་བཟླས་ཏེ་བརྒྱན་བཀྱེ་ན།། ་ནམ?་ཡང་འཕམ་པར་མི་འགྱུར་རོ། །ཞེས་བྱ་བ། སྐར་མ་རྒྱལ་གྱི་ཉིན་པར་ཨརྒ་དཀར་མོའི་རྩ་བ་བླངས་ཏེ། །ཚོགས་ཀྱི་བདག་པོའི་གཟུགས་ཕྱག་བཞི་པ་གསུས་པ་འཕྱང་བ། །ཀླུའི་མཆོད་ཕྱིར་ཐོགས་ཅན་དང། །ཕྱག་བཞི་ན་མཆེ་བ་པར། །དགྲ་སྟ་དང། ཞགས ་པ་དང། བགྲང་ཕྲེང་བསྣམས་དང། མཐེ་བོའི་ཚད་ཙམ་བྱས་ལ། དེ་ལག་པས་བཅུང་སྟེ་དེ་ཉིད་ཀྱི་སྦྱོར་བ་འམ། རང་གི་ལྷའི་སྦྱོར་བས་སྔགས་འབུམ་ཕྲག་གཅིག་ཏུ་བཟླས་ཏེ། དེ་ནས་དེའི་སྦྱོར་བས་བཅིངས་ལ་ཆོ་ལོ་ལ་སོགས་པའི་རྒྱན་བཅོས་ན་ཕམ་པར་མི་འགྱུར ་ཏེ་རྒྱལ་བར་འགྱུར་རོ། །མཛའ་ཨི་ཡི་གེ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་འདིའི་མཐར་གནས་པའི་ཡི་གེ་སྟེ། ཨོཾ་ག་སྭཱཧཱ་ཞེས་བྱ་བའོ། ། མ་ར་ནཾ་ཛཱ་བན་ཏཱཾ་ཡེ། ཕྱག་འཚལ་སྭཱཧཱ་ཁ་སྦྱར་བྱ། །རྨ་བྱ་ཆེན་པོའི་སྙིང་པོ་འདི། །བཟླས་ན་ལས་ཀུན་བྱེད་པར་འགྱུར། ཞེས ་བྱ་བ་ལ། སྔགས་ནི། ཨ་མ་ར་ཎི་ཛཱི་བན་ཏཱི་ཡེ་སྭཱཧཱ། སྔགས་ཀྱི་རྒྱལ་པོ་འདི་ཤིན་ཏུ་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། དེ་ལ་ནིར་ཀུན་ཏི་དང་པོ་ཙུ་མ་རྟའི་རྩ་བ་དང་ཅོད་པན་ཁྱི་བྱ་ཁམ་པ་ཅན་གྱི་མཇུག་སྒྲོ་གཅིག་ཏུ་སྦྱོར་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས ་ཏེ། རིམས་ནད་ཀྱིས་ཟིན་པ་ལ་བདུགས་ན། རིམས་ནད་ཐམས་ཅད་སེལ་བར་བྱེད་དོ། །གླང་གཟེར་ལ་ནི་མར་ནག་ལ་མངོན་པར་བཟླས་ཏེ་བསྐུས་ན། མགོ་བོའི་ཐུག་གཟེར་འཇོམས་སོ། །འབྲས་དང་འབུམ་པ་ལ་ནི་བཟླས་ཤིང་བྱབས་པས་ཞི་བར་འགྱུར་རོ། །ཕོ་མིག་དང ་འབྲུམ་བུ་ལ་སོགས་པ་ནི་ཙན་དན་གྱི་ཆུ་ལ་ལན་བདུན་བཟླས་ཏེ་བླུང་མ་བཞི་བར་འགྱུར་རོ། །སྦྱིན་སྲེག་གི་ལས་བྱས་ནས་གདོན་ཐམས་ཅད་འཚེ་བཞི་བར་འགྱུར་རོ། །གང་སུ་ཡང་རུང་བའི་སྐྲ་བཟུང་ལ་གཅེར་བུ་སྐྲ་གྲོལ་བ་དང་ལྡན་པས ་ཁ་ལྟོར་བལྟས་ཏེ། སྒོའི་ཐེམ་པ་ལ་འདུག་ནས་སྒྲུབ་པ་པོ་ཁྲོས་བཞིན་དུ་སྔགས་ཟློས་ཤིང་ལག་པ་གཉིས་ཀྱིས་སྐྲ་མཉེའོ། །དེ་ལྟར་དུས་གསུམ་དུ་བྱས་ན། ཞག་གསུམ་གྱིས་དཔའ་བོ་ཉིད་ཀྱང་འཆི་བར་འགྱུར་རོ། །རྐཱ་རྐའི་མརྐཱ་རྐཱི་ཧ་ནཱི་ག་མ་ནི་ཕཊ། ཀྲིཥྞས ་པ་བ་ར་ཎཾ། ལོ་མ་ཅན་གྱི་བསྒྲུབ་བྱ་ལ། །གྲུ་ནོར་ཞེས་བྱའི་སྔགས་འབུམ་བཟླས། །བཙུན་མོའི་སྐྱེ་གནས་ཕྱོགས་སུ་ནི། །སེང་ལྡེང་ལས་བྱས་ཕུར་བ་ལ། །བརྒྱ་བཟླས་དམར་པོ་བྱུགས་ནས་ནི། །སྦྱར་ན་དེ་མོད་འགུགས་པར་འགྱུར། ཞེས་བྱ་བ་ལ། སྔགས ་ནི། ཨོཾ་ན་མ་སྐྲིཥྞ་ས་བ་ར་ཎ། ཨཱརྐཱ་རྐཱི་མརྐཱ་རྐཱ་ཉི་ཊཱ་ག་མ་ནི་ཕཊ། སྔགས་འདིའི་སྦྱོར་བ་ནི་འདི་ཡིན་ཏེ། དང་པོར་གཅེར་བུས་རྩ་བ་དང་འབྲས་བུ་དག་ཟ་ཞིང་འབུམ་ཕྲག་གཅིག་བཟླས་པས་བསྙེན་པར་བྱའོ། །དེ་ནས་སྤྲ་ཚིལ་ལས་མཐོ་གང་ཙམ་གྱི་བུད་མེད ་ཀྱི་གཟུགས་བརྙན་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། དེའི་དཔྲལ་བར་ནི་དེ་ཉིད་ཀྱི་དང་པོའི་མིང་བྲིའོ། །སྙིང་གར་ནི་སྔགས་བྲི་སྟེ། དེ་ཡང་གོ་ར་ཙ་ན་དང། རང་གི་སྲིན་ལག་གི་ཁྲག་དང་བསྲེས་གྲོ་ག་ལ་མི་སྦེལ་བ་དང་བཅས་པར་བྲི་སྟེ ་དེའི་སྙིང་གར་གཞུག་གོ་།དེ་ནས་བདག་ཉིད་ལོ་མ་ཅན་གྱི་གཟུགས་མིག་དམར་བ་རྨ་བྱའི་ཅོད་པན་གྱི་བམ་པོ་མགོ་ལ་བཅིངས་པ། གླང་པོ་ཆེ་ཕྲུ་གུའི་མཆེ་བའི་རྩེ་མོའི་རྣ་རྒྱན་ཅན། ཤིང་ཨ་ཤོ་ཀའི་ལོ་མའི་ཕྲེང་པས་རྐེད་པ་དཀྲིས་པ། ལྕགས་ཀྱུ་དང་ཞགས ་པ་ལག་ན་ཐོགས་པར་བསྒོམས་ལ། བསྒྲུབ་བྱ་ལ་ཁ་བལྟས་ཏེ་ཟ་བཞིན་བསམས་ནས། བསྒྲུབ་བྱའི་ཕྱོགས་སུ་གཟུགས་བརྙན་གྱི་མགོ་བསྟན་ཏེ། གན་རྐྱལ་དུ་བཞག་ལ་སེང་ལྡེང་གི་ཕུར་བུ་མཐེབ་སོར་གྱི་ཚད་ཙམ་ལ་སྔགས་ལན་བརྒྱ་བཟླས་ཏེ་གདབ ་པར་བྱའོ། །ཕུར་བུ་དེ་ཡང་གྲུ་གསུམ་པ་རྒྱ་སྐྱེགས་ཀྱི་ཁུ་བས་བྱུག་པར་བྱའོ། །བརྒྱ་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་དེ། ཕུར་བུ་དེས་སྐྱེ་གནས་ཞེས་བྱ་བ་མོ་མཚན་དུ་བཏབ་པ་ལ་འོད་འབར་བ་བསྒོམ་པར་བྱའོ། །དེ་ནས་མཆོད་པའི་ཡོ་བྱད་དམར་པོ་རྣམས་ཀྱིས་དེ་ལ་མཆོད ་ལ། དུས་གསུམ་དུ་སྔགས་བརྒྱ་རྒྱ་བརྒྱད་བཟླས་མ་ཞག་བདུན་གྱིས་བརྒྱ་བྱིན་གྱི་ཆུང་མ་ཡིན་ཡང་འོད་བར་འགྱུར་ན་བུད་མེད་གཞན་ལྟ་སྨོས་ཀྱང་ཅི་དགོས། ཚ་བི་ར་ལི་ཧཱུཾ་ཕཊ་བཟླས། གྲོག་གདོང་གི་སྒོ་རུ་གཞུག་།རི་མོ་ཁྲག་གི་མཚན་མས་མཚན། མཁར་གནས ་བཙུན་མོ་འགུགས་པར་འགྱུར། གཞན་ཡང་རྒྱུ་ཞབས་དག་ཏུ་བཞག་ཅེས་བྱ་བ་ལ། ཨོཾ་ཚ་བི་ར་ལི་ཧཱུཾ་ཕཊ་བྱའོ། །སྔགས་འདིའི་སྦྱོར་བ་ནི་འདི་ཡིན་ཏེ། དང་པོར་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་ལ་བསྐྱེད་དེ་བསམས་ལ། དེར་བསྒྲུབ་བྱ་བཞུགས ་སྟེ། བདག་ཉིད་རིག་པ་མདོག་དམར་ཞིང་སྔོ་བ་ཕྱག་གཉིས་ན་ལྕགས་ཀྱུ་དང་ཞགས་པ་ཐོགས་པར་བསམས་ཏེ། ལྕགས་ཀྱུ་བསྒྲུབ་བྱའི་སྙིང་གར་ཕུག་ཅིང། མགྲིན་པ་ཞགས་པས་བཅིངས་པ་གསལ་པོར་གྱུར་གྱི་བར་དུ་བསྒོམ་མོ། །དེ་ནས་གནས་དབེན་པར་སྔགས ་འབུམ་ཕྲག་གཅིག་གི་བར་བཟླས་ལ་སྒྲུབ་པོ། །ཇི་ལྟར་བསྒྲུབ་ཅེ་ན། གྲོ་ག་ལ་རི་བོང་གི་ཁྲག་གིས་ཡང་ལག་ཐམས་ཅད་དང་ལྡན་པའི་གཟུགས་བྲས་ལ། དེའི་དཔྲལ་བར་དེ་ཉིད་ཀྱི་དང་པོའི་མིང་བྲི་སྟེ། སྤྲ་ཚིལ་གྱི་ནང་དུ་གཏུམས་ལ། སྤྲ་ཚིལ་གྱི་རི་ལུ་ཁར་བཅུག་ནས་སྔགས ་བཟླས་ན་དེ་འགུགས་པར་འགྱུར་རོ། །སྦྱོར་བ་གཞན་གཉིས་པ་ཡང་བྲོ་ག་ལ་རི་བོང་གི་ཁྲག་གིས་བསྒྲུབ་བྱ་དང། སྒྲུབ་པ་པོའི་གཟུགས་གཉིས་སོ་སོར་བྲིས་ལ། བསྒྲུབ་བྱའི་མིང་ནི་སྒྲུབ་པ་པོའི་དཔྲལ་བར་བྲིའོ། །སྒྲུབ་པ་པོའི་མིང་ནི་སྒྲུབ་བྱའི་དཔྲལ་བར་སྟེ། འཁྲུལ ་འཁོར་དེ་གཉིས་ཇི་ལྟར་དཔྲལ་བ་དང་དཔྲལ་བ། ཁ་དང་ཁ། གསང་བ་དང་གསང་བ་ཕྲད་པར་འགྱུར་བ་དེ་ལྟར་ཁ་སྦྱར་ཏེ་དྲིལ་ནས་རང་གི་ཆུ་ཞབས་སུ་བཞག་སྟེ། ཁྲོ་བོའི་རྡུལ་གྱིས་གདུང་ཞིང་དབེན་བའི་གནས་སུ་སྔགས་བཟླས་ན་ཞག་གསུམ་གྱིས་འགུགས་པར་འགྱུར་རོ།། ་ཧེ་ཏིཥྛ་བན་དྷ་དྷ་ར་ཡ་ནི་རུན་དྷ། དང་པོར་སླར་ཡང་སྦྱར་བར་བྱ། ཨུརྞ་མ་ནི་སྭཱཧཱ་མཛའ་། མཆོག་འདིས་མགྲིན་པར་ཆོ་ག་བྲི། ཞེས་བྱ་བའི་སྔགས་ནི། ཨོཾ་ཧེ་ཏིཥྛ་ཏིཥྛ་བན་དྷ་བན་དྷ་དྷ་ར་ཡ་དྷ་ར་ཡ་ནི་རུན་དྷ་ནི་དུ་ན་དྷ་ཨུརྫུ?་མ་ཎི་སྭཱཧཱ། འདིའི ་སྦྱོར་བ་ནི་འདི་ཡིན་ཏེ། སྔགས་འདི་ཐལ་བ་ལ་མངོན་པར་བཟླས་ལ་མཛུབ་མོས་ཐལ་བ་དེའི་རི་མོ་གང་གི་མགུལ་བར་བྲིས་ན། དེའི་སྐྱུག་པའི་ནད་ཞི?་བར་བྱེད་དོ། །ཡང་ཏཱ་ལའི་འདབ་མ་ལ་དགྲ་བོའི་མིང་དང་སྤེལ་བའི་མིང་བྲིས་ནས། ཀརྟའི་ཚད་དུ་བཅུག་ན ་ཁ་བཅིངས་པར་འགྱུར་རོ། །དེ་བཞིན་དུ་གྲོང་ཁྱེར་གཞན་ལ་སྟེར་བ་ལ་སོགས་པ་དག་ཀྱང་བཅིངས་པར་འགྱུར་རོ། །ངན་དི་ལི་མཛའ་མོ་ཧ་དབུས། །མུ་ཙ་ལི་ནི་ཐོག་མར་བསྟན། །ཀུན་མཛའ་སྭཱཧཱ་སྦྱར་སྔགས་རིས?། །རྨི་ལམ་བྲམ་ཟེ་ཕྲུ་གུ་སྟོན་ཞེས་བྱ་བ ་ལ་སྔགས་ནི། ཨོཾ་མུ་ཙི་ལི་སྭཱཧཱ། མོ་ཧ་ནི་སྭཱཧཱ། ངན་ཏི་ལི་སྭཱཧཱ། ཞེས་བྱ་བའོ། །འདིར་ཆོ་ག་ནི་འདི་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བླ་མའི་སྤྱན་ལམ་དུ་བའི་ལྕི?་བ?་ས་ལ་མ་ལྷུང?་བས་མཎྜལ་བྱས་ལ། མེ་ཏོག་ལ་སོགས་པས་མཆོད་དོ། ། ་སྔགས་འདི་ཉིད་ཀྱིས་ལན་བདུན་དུ་བཟླས་པའི་ལག་པས་གདོད་བྱུགས་ལ། དེ་ཉིད་སྣམ་བུ་གཙང་མ་གདན་དུ་བཏིང་ཏེ་དོན་ལ་དམིགས་ནས་ཉལ་ན། རྨི་ལམ་དུ་བདེན་བ་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཆུ་ལ་མངོན་པར་བཟླས་ཏེ་འཐུངས་ནས་མར ་ནག་ལ་མངོན་པར་བཟླས་པས་གདོད་བྱུགས་ཏེ་ཉལ་ན་ཡང། ཡང་དག་པའི་རྨི་ལམ་མཐོང་བར་འགྱུར་རོ། །ོཾ་ཙུན་དེ་ཙུ་ལེ་ཙ་ལེ་ཞེས་བྱ་བ། བཟློག་པ་ལུགས་བཞིན་བཟུང་བྱས་ན། །དུས་གསུམ་གྱི་ནི་དངོས་པོ་རྣམས། །མེ་ལོང་གནས་ནས་སྟོན་པར ་བྱེད། །ཅེས་བྱ་བ་ལ་སྔགས་ནི། ཨོཾ་ཙ་ལེ་ཙུན་དེ་ངར་ཤ་ཡ་སརྦ་སྭཱཧཱ། ཞེས་བྱ་བ་ཡིན་ནོ། །སྦྱོར་བ་ནི་འདི་ཡིན་ཏེ། ཆོ་ག་བཞིན་དུ་སྔོན་དུ་བསྙེན་པ་སྟོང་ཕྲག་བཅུར་བཟླས་པའོ།། དེ་ནས་ཁྱེའུ་དང་བུ་མོ་གྲོང་གི་ཆོས་ཀྱིས་མ་ཉམས་པ་བཟུང་ལ་ཁྲུས་བྱས་ཤིང ་གོས་གཙང་མ་བསྟོན་ནས། ཐིག་ལེ་ལ་སོགས་པའི་རྒྱན་གྱི་ཆས་སུ་གསལ་ལ། འཕགས་པ་མི་གཡོ་བའི་སྔགས་དང་ཕྱག་རྒྱས་བསྲུང་ངོ། །ཡང་དག་པར་མཆོད་དོ། །ོཾ་ཙཎྜ་མ་ཧཱ་རོཥ་ཎ་ཧཱུཾ་ཕཊ། ཅེས་བྱ་བ་ནི་སྔགས་སོ། །རྡོ་རྗེ་བསྔགས་པ་ནང་དུ་བྱས་ལ ་མཛུབ་མོ་བསྒྲེང་སྟེ་ལྟོ་སྦྱར་ལ་མཐེ་བོང་གཉིས་སོ་སོར་བསྒྲེང་བ་ནི་ཕྱག་རྒྱའོ། །སྔགས་དང་ཕྱག་རྒྱ་འདིས་ཕྱོགས་དང་མཚམས་དང། སྟེང་འོག་ཀྱང་བཅིང་བར་བྱའོ། །དེ་ནས་མཎྜལ་གྱི་དབུས་སུ་བུམ་པ་གོས་སེར་པ་དཀར་པོས་བཅིངས་ལ་དྲི་ཞིམ་པོའི་ཆུས ་བཀང་བ་ཤིང་ལོ་ཡིད་དུ་འོང་བས། བརྒྱན་བྱས་ཏེ། མེ་ཏོག་དང་བདུག་པ་ལ་སོགས་པས་མཆོད་ནས། སྔར་བསྟན་པའི་ཁྱེའུ་དང་བུ་མོ་ཁ་ཤར་དུ་བསྟན་ཏེ་བཞག་ལ། མིག་གཉིས་སུ་ཡི་གེ་ཨོཾ་བཀོད་དོ། །སྙིང་གར་ཡི་གེ་ཧཱུཾ་བཀོད། ཨོཾ་གཉིས་ཀྱི་དབུས་སུ་ཡཾ་དཾ ་འོད་འབར་བ་བསམས་མོ། །དེ་ནམ་མཁའ་ཨི་ཕྱོགས་སུ་ཡང་ཙུ་ལས་བསྐྱེད་པའི་ལྷ་མོ་སྐུལ་བྱེད་མ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ། ཕྱག་དང་པོ་གཉིས་ན་ལྷུང་བཟེད་བསྣམས་ཤིང་གཞན་གཉིས་ཀྱིས་པདྨ་དང་རལ་གྲི་བསྣམས་པའི་ཕྱག་བཞི་པ། སྐུ་མདོག ་ཟླ་བ་ལྟར་དཀར་ཞིང་འཚེར་བ་བསམས་ལ། དེ?་ཉིད་ལ་ཨརྒྷ་དབུལ་ཏེ། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། བདག་ཉིད་ཀྱི་སྔགས་ཀྱིས་སམ་རྩ་བའི་སྔགས་ཀྱིས་བསྟོད་ལ། སྔགས་འདི་ཁྱེའུ་དང་བུ་མོའི་སྙིང་གར་གཞུག་པར་བྱའོ། །ོཾ་ཙ་ལི་ཙུ་ལེ་བེ ་ཤ་ཨ་ཏྲ་ཀུ་མ་དྲ་ཀུ་མ་དྲ་ཀུ་མ་རི་ཀ་ཡོ་ཤ་རི་རེ་བྲ་བི་ཤྱ་དྷར་ཤ་ཡ། སརྦ་ཡ་ཐཱ་བྷུ་ཧཾ་ཡ་ཐཱ་ད་ཏྱཾ། བུད་དྷ་དྷརྨ་སཾ་གྷ་སང་བྱེན་པ་ཏི་མ་བི་ལཾ་བ་མ་མ་ཨ་ཤ་པྲ་བུར་ཡ་སྭཱཧཱ། དེ་ནས་མེ་ལོང་དམ། རལ་གྲི་འམ། དྲི་མ་མེད་པའི་ཐོ་བ་འམ། མར་མེ་འམ། ་ཆུའི་སྣོད་དག་ལ་སྔགས་ཡོངས་སུ་བཟླས་ཏེ། ཁྱེའུ་དང་བུ་མོ་ལ་བསྟན་ལ་བདེ་བ་ཇི་ལྟ་བ་བཞིན་སྟོན་པར་འགྱུར་རོ། །དེ་ནས་གཤེགས་སུ་གསོལ་ཏེ་ལྡང་བར་བྱའོ། །བར་ད་ཀ་སྭཱཧཱ། དྲུག་།ཕྱག་འཚལ་དང་ལྡན་ཚོགས་བདག་དགྱེས། །གཟུགས་བརྙན་མཎྜལ་གྲུ ་བཞིར་བཞག་།ཟླ་བ་དྲུག་ཏུ་མཆོད་པ་བྱ། །ཞེས་བྱ་བ་ལ་སྔགས་ནི། ཨོཾ་པ་ར་དག་སྭཱཧཱ། ཞེས་བྱ་བའོ། །སྦྱོར་བ་ནི་འདི་ཡིན་ཏེ། གནས་དབེན་པར་བའི་གཅི་བའི་མཎྜལ་གྲུ་བཞི་བྱས་ལ། དེའི་དབུས་སུ་ཚོགས་བདག་གི་གཟུགས ་སམ། བྲིས་སྐུ་བཞག་ནས་བདག་ཉིད་ཀྱིས་ལོག་འདྲེན་གྱི་གཟུགས་ཀྱིས་ཡང་དག་པར་མཆོད་དེ་གཅེར་བུར་གྱུར་པས་ཟླ་བ་དྲུག་གི་བར་དུ་ཉིན་དུས་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་བཟླས་ན། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། ་བྷྲ་མ་ཀེ་ཤི་བྷཱ་མ་མ་ཏེ། བྷྲ་མ་བི་བྷྲ་མུས་ཛཡེ་མོ་ཧཡེ་སྭཱཧཱ། དང་པོར་བྷྲ་མ་གཉིས་དང་ལྡན། དེ་ནས་རིམ་བརྗོད་ཨུར་ནེར་བཅས། ཞེས་བྱ་བ་ནི་སྔགས་ཏེ། དང་པོར་བྷྲ་མ་གཉིས་དང་ལྡན། ཞེས་བྱ་བ་ནི་བྷྲ་མ་བྷྲ་མ་ཞེས་ལན་གཉིས་བརྗོད་པའོ། །རིམ་བརྗོད ་ཅེས་བྱ་བ་ནི་ལྷག་མ་ཕྲེང་བའི་རིམ་པ་བཞིན་དུ་བརྗོད་པའོ། །ུར་ནེར་བཅས་ཞེས་བྱ་བ་ནི་མཐར་ཨུར་ནེ་བརྗོད་པ་སྟེ། ཨོཾ་བྷྲ་མ་བྷྲ་མ་ཀེ་ཤི་བྷྲ་མ་ཏེ་བྷྲ་མ་བི་བྷྲ་མ་མུས་ཛཡེ་མོ་ཧེ་ཡ་ཨུརྣེ་སྭཱཧཱ། ཞེས་བྱ་བ་སྟེ། མ་བསྒྲུབས་པར་ཡང་ལས་ཐམས་ཅད་བྱེད་པའོ།། ་འདིར་སྦྱོར་བ་ནི་འདི་ཡིན་ཏེ། ཡུངས་ཀར་ཁྱོར་གང་ཙམ་ས་ལ་མ་རེག་པའི་བར་སྣང་ལ་བཞག་ལ། སྔགས་འབུམ་ཕྲག་གཅིག་བཟླས་སོ། །དེ་ནས་དེ་ལ་ཅུང་ཟད་ཅིག་བླངས་ལ། གཅེར་བུ་སྐྲ་ལྷུག་པས་ཁྱིམ་གྱི་ཐིམ་པའི་ཕྱི་ནས་ཡུངས་ཀར་གཏོར་ན། ཡུངས ་ཀར་ལ་འགོམས་པ་ཙམ་གྱིས་ཇི་སྲིད་ཉི་མ་ཤར་གྱི་བར་དུ་དུས་མ་ཡིན་པའི་གཉེད་འཐུག་པོས་ནོན་པར་འགྱུར་རོ། །གཉིས་བསྐྱེད་པའི་སྦྱོར་བའོ། །ཀནི་ནི་ཀནྣི་གྷཎྚ་ཀར་ཎ་ནཾ་མེ་ཤ་ཡ་སྭཱཧཱ། སྔགས་བཟླས་པའི་ཆུ་འཐུགས་ན། རྨི་ལམ་བདེན་པ་སྟོན་པར་འགྱུར ་ཞེས་བྱ་བ་ལས། སྦྱོར་བ་ནི་འདི་ཡིན་ཏེ། རང་གི་ལྷའི་སྦྱོར་བ་འམ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ནས། རྡོ་རྗེའི་མཚོན་ཆས་དྲིའི་ཚོགས་དགུག་པར་བྱའོ། །དེ་ཡང་དྲི་མདོག་དཀར་པོ་ཕྱག་བཞི་པ། ཕྱག་ན་མདུད་རྩེ་གསུམ་དང། དགྲ་སྟ་དང་། ་ཞགས་པ་དང། ཐོད་པ་བསྣམས་པ། རྣ་བ་གཉིས་དྲིལ་བུའི་སྒྲ་དང་ལྡན་པ་བལྟས་ལ་ལག་པ་གཡོན་པ་མདུང་རྩེ་གསུམ་པར་བྱས་པཱི་དམ་ཚིག་གི་ཕྱག་རྒྱ་དེ་ལ་སྔགས་སྟོང་ཕྲག་བཅུར་བཟླས་ཏེ་མཆོད་པ་བྱའོ། །དེ་ནས་ཆུ་ལ་མངོན་པར་བཟླས་ཏེ་འཐུངས་ན ་གདོན་མི་ཟ་བར་རྨི་ལམ་དུ་བདེན་པ་མཐོང་བར་འགྱུར་རོ། །རྒྱ་མཚོར་འབབ་པའི་ཆུ་བོ་ལ། །ཛཱ་ཏི་མེ་ཏོག་འབུམ་བསྐུར་བྱ། །ོཾ་བཱ་ཀྱེ་དཾ་ན་མ(རྒྱུད་འགྲེལ་བཟུང་ལ་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོར་སྐེ་མན་ཆད་ཆུའི་ནང་དུ་ཞུགས་ལ། མེ་ཏོག་རེ་རེ་ཞིང་སྔགས་ཟློས་ཤིང་ཆུ་ལ་བསྒྱུར་རོ། །དེ་ཇི་སྟེ་མེ་ཏོག་ཆུ་དང་བཅས་པ་གྱེན་དུ་རྒྱུན་ལ་བཟློག་སྟེ་འབབ་པ་ན། མེ་ཏོག་ཆུ་དང་བཅས་པར་བླངས་ཏེ་སོ་མ་རེག་པར་འཐུངས ་ན། ཐོས་པ་འཛིན་པའི་དངོས་གྲུབ་འཐོབ་པར་འགྱུར་རོ། །ོཾ་ཀུ་རུ་ཀུ་རུ་ལླེ་སྭཱཧཱ། ཁམས་གསུམ་འགུགས་པར་བྱེད་པར་བསྟན། སྒྲོལ་མ་ཡི་ནི་སྙིང་པོ་འདི། མགུར་ནོར་བཙོངས?་པའི་ཆོ་གར་གསུངས། ཞེས་བྱ་བ་ལ་བཅོམ་ལྡན་འདས་ཧ་ལ་ཧ་ལའི་ཏིང་ངེ་འཛིན ་ལ་གནས་ལ། སྒྲོལ་མའི་སྔགས་འདི་བསྙེན་པ་བྱའོ། །དེ་ནས་ཚེས་དང་སྐར་མ་དང་ཉི་མ་བཟང་པོ་ལ་མཆོད་པ་བྱས་ནས། གྲོག་ལ་ཨུཏཔ་ལའི་འདབ་མ་ལྟ་བུའི་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ལ། རྩིབས་བཅུ་དྲུག་ལ་ཨ་བྲིའོ། །ལྟེ་བ་ལ་ནི་བསྒྲུབ་བྱའི་མིང་ཀུ་རུ ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞེས་བསྐོར་བ་བྲིའོ། །དེའི་ཕྱི་རོལ་ཏུ་ཨོཾ་ལས་བྱུང་བའི་རི་མོ་གསུམ་གྱིས་བསྐོར་རོ། །དེ་ནས་འཁོར་ལོ་གཉིས་པ་དེ་དང་འདྲ་བ་ལས་བསྒྲུབ་བྱའི་མིང་མ་གཏོགས་པ་བྲིས་ལ། དེས་འཁོར་ལོ་སྔ་མའི་སྟེང་དུ་བཀབ་སྟེ། བཅོམ་ལྡན་འདས ་མ་སྤྱན་དྲངས་ཏེ་ཡང་དག་པར་མཆོད་ནས་འཁོར་ལོ་དེར་བསྟིམས་ལ། ཡི་གེ་ལས་བྱུང་བའི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་སྟེ། ཤིང་རྩད་ནས་བཅད་པ་ལྟར་བཅོམ་ལྡན་འདས་མའི་ཞབས་དྲུང་ན་འགྱེལ་ནས་འདུག་པར་བསམས་ལ། ཉི་མ་བདུན་དུ་དུས་གསུམ་དུ ་སྔགས་བརྒྱ་སྟོང་དུ་བཟླས་ན་བརྒྱ་བྱིན་ཉིད་ཀྱང་དབང་དུ་འགྱུར་རོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧྲི(རྒྱུད་འགྲེལ་རྩིའི་ནང་དུ་བཞག་གོ་།དགའ་བདེན་མྱོང་བུ་མོའི་ཡི་གེ་དང་པོ་ནི། གསུམ་དྲུག་འབུམ་གཅིག་བཟླས་ན་དེར་ནི་རྙེད་པར་འགྱུར། །ཉི་མ་དཀར་པོའི་མེ་ཏོག་སྦྱིན་སྲེག་བྱ་བ་འཾ། ཡང་ན་པྲི་ཡཾ་ཀུ་ཡི་མེ་ཏག་སྦྱིན་སྲེག་བྱེ་?་བྱ་བ་ལ་སྔར་དགའ་བ་དང་བདེ་བ་མ་མྱོང ་བའི་བུ་མོ་གང་ཡིན་པ་དེའི་ཡི་གེ་ནི་དགའ་བདེ་མ་མྱོང་བའི་ཡི་གེ་སྟེ། ཡི་གེའི་ཚོགས་དེ་ལས་དང་པོར་ཨ་དང། གསུམ་པར་དི་དང། དྲུག་པར་པོ་ཏི་རྣམས་བཟུང་བར་བྱའོ། །དེ་ཡང་བསྙེན་པའི་དུས་སུ་ཆང་དང། །ཤ་ལ་སོགས་པ་བཅད་དོ། །དཀར་གསུམ ་ལ་སོགས་པའི་ཟས་ཟ་ཞིང། །གོས་དང་བཅས་པར་ཆུའི་ནང་དུ་ཞུགས་ཏེ། །མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་བརྗོད་བྱའོ། །སྔགས་ནི། ཨོཾ་ཨ་དི་ཏི་ཨ་མུ་ཀ་ཀན་དི་མེ་དྲེ་ཧི་དྷེ་དྷ་བ་ཡ་སྭཱཧཱ། ཞེས་བྱ་བའོ། །བསྙེན་པ་ཐོན་ནས་ཨརྐ་དཀར་པོའི་མེ་ཏོག་གམ། ་ཕྲི་ཡཾ་ཀུའི་མེ་ཏོག་ལ་སྔགས་རེ་རེ་ཞིང་སྦྱིན་སྲེག་འབུམ་ཕྲག་གཅིག་བྱའོ། །དེ་ཡང་གྲོག་ལ་བུ་མོའི་མིང་དང་རང་གི་མིང་དུ་ཁ་སྦྱར་བ་བྲིས་ལ། རང་གི་རྒྱུ་ཞབས་སུ་བཞག་སྟེ། དེ་ལྟར་སྦྱིན་སྲེག་བྱས་ན། བུ་མོ་དེ་བདག་གིར་འགྱུར་ཏེ། སུ་ལ་ཡང་སྟེར་བར་མི ་འགྱུར་རོ། །བི་ཙི་མེ་ཧི་སྭཱཧཱ། ཨོཾ་དང་བཅས་ལ་གྲགས་བདུན་ཡིན། །གནོད་སྦྱིན་ཡུགས་ས་མོ་ཡི་སྔགས། །རོ་ལ་གཡོགས་པའི་རས་ལ་ནི། །དེ་ཡིས་སེན་རྩིས་རྒྱན་མེད་བྲི། །དེ་ཡི་གཟུགས་ལ་མེ་ཏོག་ནི། །སེར་པོས་མཆོད་ན་དེ་འགྲུབ་འགྱུར། །འཇིག ་རྟེན་གསུམ་གྱི་ཡུགས་ས་མོ། །ཐམས་ཅད་བཀའ་ཉན་དུ་ནི་འགྱུར། །མོ་ནི་སྲན་གྲེའུ་ཁ་ཟས་ཀྱིས། །ཡུགས་ས་མོ་ཡི་སྔགས་བཟླས་འགྲུབ། །སྔགས་ནི། ཨོཾ་བ་ཙེ་མོ་ཧི་སྭཱཧཱ། ཞེས་བྱ་བ་སྟེ། སྔོན་དུ་བསྙེན་པ་འབུམ་ཕྲག་བདུན་བཟླས་སོ། །དེ་ནས་བྲམ་ཟེ་མོ ་གཡོགས་པའི་རས་མའི་དུམ་བུ་ཁྲུ་གང་གྲུ་བཞི་པ་ལ་རོ་དེ་ཉིད་ཀྱི་སེན་རྩིས་བྲམ་ཟེ་མོ་དེ་ཉིད་ཀྱི་གཟུགས་མེད་པར་བྲིས་ལ་གནས་དབེན་པར་བྲིས་སྐུ་བཀྲམ་སྟེ། བདག་ཉིད་གཅིག་པུས་ཤིང་ས་ལ་སེར་པོའི་མེ་ཏོག་གིས་མཆོད་ནས་ཟླ་བ་དྲུག་གི་བར་དུ་མཚན ་མོ་མུན་པ་ལ་བརྒྱད་བརྒྱ་བརྒྱད་བཟླས་ན་ཟླ་བ་དྲུག་གི་མཐར་འོང་བར་འགྱུར་རོ། །འོངས་ནས་མི་སྨྲ་བར་འདོད་པ་སྤྱན་ན་བརྒྱ་སྟོང་རི་བའི་མུ་ཏིག་གི་ཕྲེང་བ་དཀྲེལ་ནས་འཇོག་པར་འགྱུར་རོ། །དེ་ལྟར་ཟླ་བ་དྲུག་གི་བར་དུ་ཉིན་རེ་ཞིང་བཞག་ནས་འགྲོ་པར་འགྱུར་རོ།། ་ཟླ་བ་དྲུག་ཡོངས་སུ་རྫོགས་ནས་ཅི་བླངས་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །ོཾ་གྷོ་གྷོ་རི་རུ་ཏྲ་དི་ཙི་དེ་ཡོ་གཱི་ཤྭ་རི་མུ་ཁ་ཧཱུཾ་ཕཊ་སྭཱཧཱ། གྷོ་གྷོ་རི་དང་ནི་མུ་ཁ་ཡང། །རི་དབང་བུ་མོའི་སྙིང་པོ་ཡིན། །བརླ་གཡོན་ལ་ནི་མིང་བྲིས་ཏེ། །ལག་པ་གཡོན་པས་བཀའ་ ་ནས་སུ། །བཟླས་ན་བུ་མོ་མོད་ལ་འགུགས། །སྐྱེས་པ་ལ་ནི་གཡས་པ་སྦྱར། །ཞེས་བྱ་བ་ལ་ནི། ཨོཾ་རུ་ཏྲི་དི་བི་དེ་ཡོ་གཱི་ཤྭ་རི་མུ་ཁ་ཧཱུཾ་ཕཊ་སྭཱཧཱ་ཞེས་བྱའོ། །འདིར་གསེར་བཙག་དང་གོ་རོ་ཙ་ན་དང། ལྡོང་རོས་གང་ཡང་རུང་བ་ལ་བསྒྲུབས་ཏེ། དེ་ཡང་ཟླ་བ་གཟས ་ཟིན་པའི་དུས་སུ་ལྷ་མོ་གྷོ་གྷོ་རི་ལ་མཆོད་པ་བྱས་ལ། ཨ་ཤྭད་ཐའི་ལོ་མ་བདུན་གྱི་སྟེང་དུ་གསེར་བཙག་ལ་སོགས་པ་བཞག་སྟེ། ཡང་ལོ་མ་བདུན་གྱི་སྟེང་ནས་བཀབ་ནས། དེའི་སྟེང་དུ་ལག་པ་གཡོན་པས་མནན་ནས་ཇི་སྲིད་ཟླ་བ་གཟས་གཟུང་བ་མ་གྲོལ་གྱི་བར ་དུ་བཟླས་སོ། ངེས་བརླ་གཡོན་པའི་དབུས་སུ་བུ་མོའི་མིང་བྲིས་ལ། ལག་པ་གཡོན་པས་བཀབ་སྟེ་བཟླས་ན། འཆིང་བས་བཅིངས་པ་མ་གཏོགས་པ་རྣམས་འོང་བར་འགྱུར་རོ། །སྐྱེས་པ་འགུགས་པ་ལ་ནི་བརླ་གཡས་པའི་དབུས་སུ་དེ་ཉིད་ཀྱིས་དེའི་མིང་བྲིས་ལ ་ལག་པ་གཡས་པས་བཀང་སྟེ། ཇི་སྲིད་འོང་གི་བར་དུ་བཟླས་སོ། །རྐང་པས་དགུག་པའོ། །དང་པོར་ཕྱག་འཚལ་ལྡན་པའི་སྔགས། བི་ད་རི་ཀུ་རུ་ཧཱུཾ་ཕཊ། ཡིད་ཆེས་པའི་ཕྲིན་ཡིག་ལས། །གདོན་ནི་ཚར་གཅོད་བྱེད་པ་སྟེ། །ཡོངས་བཟླས་ཕྱག་རྒྱས ་བཏབ་སྟེ་སྤྲིང་ཞེས་བྱ་བ་ལ། སྔགས་ནི། ཨོཾ་བིད་རི་ཀུ་རུ་ཧཱུཾ་ཕཊ་ཅེས་བྱའོ། །འདིར་འཕགས་པ་མི་གཡོ་བ་ཡི་འམ། ཁྲོ་བོ་གང་ཡང་རུང་པའི་ཏིང་ངེ་འཛིན་ལ་གནས་ནས། སྔགས་ཕྲིན་ཡིག་དང་བཅས་པ་བྱང་བུ་ལ་བྲིས ་ཏེ། དྲིལ་ནས་ཕྱག་རྒྱས་བཏབ་སྟེ་གདོན་གྱིས་ཟིན་པ་ལ་བསྐུར་ཏེ་དེའི་ལེག་པར་བཏགས་ན་དུ་བཞིན་དུ་འབྲོས་པར་འགྱུར་རོ། །ོཾ་བ་ཏྲ་བི་ད་ར་བི་ད་རི་སྭཱཧཱ། ཞེས་བྱ་བའི་ཡི་གེ་བཅུ་པའི་རིག་པ་སྟེ། མི་དབང་གི་བཙུན་མོ་ཡང། བཟླས་པ ་ཙམ་གྱིས་དབང་དུ་བྱེད། །ོཾ་མ་ལི་ནི་ཀིནྣི་ཀིནྣི། །དང་པོར་ཨརྐ་སྭཱཧཱ་ལྡན། །དེ་ནས་དབྱངས་ཅན་སྐྱེས་བུ་ནི། །དབྱངས་ཅན་ངག་ནི་འཐོབ་པར་འགྱུར། ཞེས་བྱ་བ་ལ་སྔགས་ནི། ཨོཾ་ཨརྐ་མ་ལི་ནི་ཀི་ནི་ཀི་ནི་སྭཱཧཱ། ཞེས་བྱ་བ་སྟེ། དབྱངས་ཅན ་མའི་མདུན་དུ་འབུམ་ཕྲག་གཅིག་བཟླས་པས་བསྙེན་པ་བྱའོ། །དེ་ནས་ཟླ་བ་གཅིག་གི་བར་དུ་དབྱངས་ཅན་མའི་སྨན་མར་ཁྱོར་བ་རེ་ལ་སྔགས་ལན་བདུན་བཟླས་ཏེ་འཐུངས་ན་ངག་གི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་བཞིན་དུ་ཟླ་བ་གཅིག་ཏུ་ཆུ་ལ ་བཟླས་ཏེ་བཏུང་པའམ། །མར་འབའ་ཞིག་ལ་བཟླས་ཏེ། ཟླ་བ་དྲུག་འཐུངས་ན་ངག་གི་དངོས་གྲུབ་འཐོབ་བོ། །མུན་དེ་ཤྲི་བ་ན་པི་ཤ་ཅི་ཞེས་བྱ་བ་ལ། འབར་དང་བཅས་སྔགས་སྒྲོགས་པ་སྟེ། །རྣ་བ་གཡོན་པར་སྒྲོགས་བྱེད་པ། །འབྲེང་བ་འདི་ནི ་བཟློག་པར་བྱ། །ོཾ་ཤྲི་བ་ན་པི་ཤཱ་ཙི་ནི་མུན་དེ་སྭཱཧཱ། སྔགས་འདི་རུ་རྟ་ལ་ལན་བདུན་བཟླས་ཏེ། རྐང་པ་གདོང་ལ་བྱུགས་ཏེ་ཉལ་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྒྲོགས་པར་གདོན་མི་ཟའོ། །ཟླ་ཕྱེད་འབབ་པ་ཟ་བྱེད་ཅིང། །རིའི་བུ་མོའི་ཆོ་ག་ཡིན ་མར་ལ་བསྒྲས་པའི་བིལ་བ་བསྲེག་།རྒྱལ་སྲིད་སྟེར་འགྱུར་གདོན་མི་ཟའོ། །སྔགས་ནི། ཨོཾ་གི་རི་ཀུ་མ་རི་ག་མ་ཧེ་ར་ཛཡ་སཏྭ་ཡ་སྭཱཧཱ། ཞེས་བྱ་བ་ཡིན་ནོ། །དུརྒྒེ་བི་དུརྒྒེ་ཞེས་བྱ་བ་འོ་མ་ཅན་ཡམ་ཤིང་བསེག་ཅིང། སྐྱེས་བུའི་མཚན་མ་ལན་བརྒྱད ་བསྲེག་།སྔོན་དུ་བསྙེན་པ་མེད་པར་ཡང། །གྲོང་ཁྱེར་སྟེར་འགྱུར་གདོན་མི་ཟ། །སྔགས་ནི། ཨོཾ་དུརྒྒེ་བི་དུརྒྒེ་ནི་སྭཱཧཱ། སྔགས་ནྱ་བྲོ་དྷ་དང། ཨ་ཤྭད་ཐ་ལ་སོགས་པའི་ཡཾ་ཤིང་ལ་བེའུ་དང་ཁ་དོག་འདྲ་བའི་འོ་མས་གྲོང་ཁྱེར་གྱི་མིང་ནས་བཟུང་སྟེ་སྦྱིན་སྲེག ་བྱས་ན་གྲོང་ཁྱེར་རྙེད་པར་འགྱུར་རོ། །མེ་གྷོ་ཡུལ?་ཀ་སྭཱཧཱ་ཨོཾ་དང་བཅས། །འོད་ཕྲེང་ཅན་གྱི་སྙིང་པོ་ཡིན། །པ་ལ་ཤ་ཤིང་གིས་བསྲེགས་ན། །གསེར་སྲང་འབུམ་ནི་སྟེར་པར་འགྱུར། །སྔགས་ནི། ཨོཾ་མེ་གྷོ་ཨུ་ཀ་ཡ་སྭཱཧཱ། ཚོགས་ཀྱི་བདག་པོའོ། །ོཾ་ག་ཤོ་ཨུལ་ཀ ་ཡ་སྭཱཧཱ། ཞེས་བྱ་བ་ཡང་འོད་ཕྲེང་ཅན་གྱི་སྟེ། འབྲས་བུ་ནི་སྔ་མ་བཞིན་ནོ། །ཀར་ན་མོ་ཏི་བཟླས་པར་བྱ། །ཧཱུཾ་ཕཊ་ལྡན་པ་འབུམ་ཕྲག་བཞིས། །སྐྱེ་ཚེ་བསྲེགས་པས་ས་གསུམ་ཡང། །ཉི་མ་གཅིག་གིས་འགུགས་པར་འགྱུར། །རཀ་ཏེ་རག་ཏི་ནི་བཟླས་པར་བྱ།། ་པདྨའི་སྡོང་བུར་དུ་བ་བཏབ། །མིའི་ཐོད་པར་མི་བཞག་སྟེ། །བསྐྱེད་པའི་དུ་པས་སྐལ་བཟང་འགྱུར། །སྔགས་ནི། ཨོཾ་རག་རེ་རཀ་ཏི་ནི་སྭཱཧཱ། ཞེས་བྱ་བ་ཡིན་ཏེ། ཡོ་བྱད་ཐམས་ཅད་དམར་པོར་བསྒྲུབ་པོ། །ཙན་དན་མུ་ཁི་ཀི་ལི་བཟླས། །དང་པོ་ཐམས་ཅད ་འབར་ལྡན་བྱ།།ུ་ར་བཅས་པས་ངེས་པར་ནི། །ས་གསུམ་དཀྱིལ་འཁོར་བཀའ་ཉན་འགྱུར། །སྔགས་ནི། ཨོཾ་ཙནྡྲ་མུ་ཁི་ཀ་ལི་ཨུར་ན་སྭཱཧཱ། ཞེས་བྱ་བ་སྟེ། རྟག་ཏུ་བཟླས་ན་དབང་དུ་འགྱུར་རོ། །ཀན་ཏ་བྱ་ཡ་སྭཱཧཱ། ཞེས་བྱ་བས། མིག་སྨན་བསྲེགས་ཏེ ་མིག་སྨན་བྱ། །གླང་ཆེན་རྡུལ་དང་ཤིང་ཚ་དང། །ུཏཔལ་སྔོ་བསྲེགས་སྐལ་བཟངས་འགྱུར་ཞེས་བྱ་བ་ལ། སྔགས་ནི། ཨོཾ་ཀཱ་བྱ་ཡ་སྭཱཧཱ། ཞེས་བྱ་བའོ། །འདིར་སྦྱོར་བ་ནི་འདི་ཡིན་ཏེ། ལུས་ཙན་དན་དམར་པོས་བསྐུས་ལ་གོས་དམར་པོ་གྱོན་ཏེ། མེ ་ཏོག་དང་ཕྲེང་བས་བརྒྱན་ལ། ཡུན་རིང་དུ་བཟླས་པའི་སྔགས་གང་ཡང་རུང་བས་བསྲུང་བ་བྱས་ནས། ཟླ་བ་མར་གྱི་དེའི་ཚེས་གཉིས་པོ་གང་ཡང་རུང་པ་ལ་མ་མོའི་གནས་དང་ལམ་གྱི་བཞི་མདོ་འམ་དུར་ཁྲོད་དུ་བསྲུང་བ་ལ་སོགS་པ་བྱ་སྟེ། མིག་ ་སྨན་སྔོན་པོ་བཏགས་པའི་ཕྱེ་མ་དང། གླང་པོ་ཆེའི་རྡུལ་དུ་བཅས་པ་ཟངས་ཀྱི་སྣོད་དུ་བཞག་སྟེ། ཁ་ལེགས་པར་བཅད་ནས་སྐལ་བཟངས་མའི་རོའི་མངལ་དུ་བཅུག་སྟེ་བསྲེག་པར་བྱའོ། །བསྲེགས་ནས་བླངས་ཏེ་ཀ་མ་ལ་དེ་བ ་མཎྜལ་བྱས་ཏེ་མཆོད་ལ། ཤིང་ཚ་དང་ཨུཏཔ་ལ་སྔོན་པོར་བཅས་པ་གསེར་དངུལ་གྱི་སྣོད་དུ་སྦྱར་ཏེ། མཎྜལ་གྱི་དབུས་སུ་བཞག་ནས། སྔགས་བརྒྱད་བརྒྱ་འམ་སྟོང་དུ་བཟླས་སོ། །དེས་མིག་སྨན་བྱས་ན་བུད་མེད་ཀྱི་འདོད་པའི་དབང་ཕྱུག་ཏུ་འགྱུར་རོ། ། ་སྐྱེས་པ་དབང་དུ་བྱ་བ་ནི་སྐྱེས་པའི་སྙིང་གར་བསྲེག་གོ། ན་ཡ་ན་མ་ནོ་ཧ་རས་བསྒྲུབ། །དྲི་ཞིམ་རྩ་བ་རས་དཀྲིས་སྔར། །དམར་སེར་བ་དམར་དུ་བ་ཡིས། །རྟག་ཏུ་མཚུངས་མེད་ཆགས་པར་འགྱུར་རོ། ཞེས་བྱ་བ་ལ་སྔགས་ནི། ཨོཾ་ཀ་མ་སྭཱ་ཧེ་སྭཱཧཱ། ། ་ལྷག་མ་ནི་གོ་སླའོ?། །ཀ་མ་ས་ར་སྭཱཧཱ། སྦྲུལ་གྱི་ཁར་བསྲེགས་མིག་སྨན་ནི། །རུ་རྟ་རྒྱ་སྦོས་ཨ་ཀར་གནས། །གླང་ཆེན་སེན་བཏགས་དབང་དུ་བསྡུས་ཞེས་བྱ་བ་ལ། སྔགས་ནི། ཨོཾ་ཀ་མ་སྭཱ་ཧེ་སྭཱཧཱ། ཞེས་བྱས་པས་ཏེ། སྔོན་དུ་བསྙེན་པ་ཁྲི་ཕྲག ་གཅིག་བཟླས་པར་བྱའོ། །འདིར་ཡང་གླང་པོ་ཆེའི་སེན་མོ་དང་མིག་སྨན་སྔོན་པོ་ཀུན་དརྱའི་སྔགས་གྱི་ཆོ་ག་བཞིན་དུ་བསྲེགས་ནས། དེའི་འོག་ཏུ་?་སྤོས་དང། རུ་རྟ་དང། ཨ་ཀ་རུ་ནག་པོ་དང་བཅས་པ་ཕྱེ་མར་བྱས་ལ། སྔ་མ་བཞིན་བཀབ་སྟེ། ལན་སྟོང་ཕྲག ་?་བཟླས་ལ་མིག་སྨན་བྱས་ན་འགྲོ་བ་མ་ལུས་པ་དབང་དུ་བསྡུད་པར་འགྱུར་རོ། །ོཾ་ཥྚཾ་བན་དྷེ་ཞེས་བྱ་བའི་མིག་སྨན་གྱི་ནི་དུ་བས་ངེས་པར་དབང་དུ་བྱེད། འོད་ཟེར་ཅན་གྱི་མན་ངག་གིས། རྟ་རྨིག་བཀང་སྟེ་བསྐྱོད་པར་བྱ། ཞེས་བྱ་བ་ལ། སྔགས་ནི། ཨོཾ་ཥྚཾ ་བན་དྷ་སྭཱཧཱ། འདི་འོད་ཟེར་ཅན་གྱི་མར་གྱིས་རྟའི་རྨིག་པས་སྣོད་བཀང་ལ། རྟའི་རྨིག་པས་ཞན་གྱི་སྟེང་ནས་བཏབ་པ་ལ་དུ་བ་དེ་བཟུང་ནས་བཅོམ་ལྡན་འདས་གཙུག་གཏོར་འཁོར་ལོས་སྒྱུར་བའི་མདུན་དུ་མཆོད་པ་བྱས་ཏེ། སྔགས་བཟླས་པར་བྱའོ། །མན ་ཏྲ་བ་རི་ཞེས་བྱ་བའི། །ཡི་གེ་ཐོག་མར་ཡང་དག་ལྡན། །ཉིན་མཚན་བཟླས་པའི་ཡང་དག་གནས། །འཇིག་རྟེན་གསུམ་ཡང་བྲན་དུ་འགྱུར། ཞེས་བྱ་བ་ལ། སྔགས་ནི། ཨོཾ་མནྟྲ་བ་རེ་ཨ་མུ་ཀཾ་མེ་སྭཱཧཱ། ད་ན་ནེ་ས་པ་རི་པ་བ་ས་མ་ན་ཡ་སྭཱཧཱ། ཞེས ་བྱ་བ་གང་དབང་དུ་བྱ་བར་འདོད་པ་དེ་མདུན་དུ་བསམས་ནས་བཟླས་ན་བྲན་དུ་འགྱུར་རོ། །མི་མགོར་སྐྱེས་གཉིས་སྐུད་པ་གཉིས། །གཏུམ་དབང་རྐང་པ་སྐྲར་བཅས་སྡུད། །དྷུ་ནན་ཙན་ད་སྒྲར་ནི་བཅས། །ཉིན་མཚན་ཚ་བས་ཐེབས་པར་འགྱུར་ཞེས་བྱ་བ ་ལ། སྔགས་ནི། ཨོཾ་ཧཱུཾ་ནན་ཙ་ན་ད་ཨ་མུ་ཀ་ན་ཛཝ་རེ་ན་མ་ར་ཡ་ཧཱུཾ་ཕཊ། ཅེས་སོ། །མིའི་མགོ་ནི་མིའི་ཐོང་པའོ། །སྐྱེས་གཉིས་སྐུད་པ་ནི་བྲམ་ཟེའི་སྐྲའི་སྐུད་པའོ། །གཏུམ་དབང་ནི་ལྷ་ཆེན་པོ་སྟེ། དེ་ལ་ཕུལ་བའི་མེ་ཏོག་བཟུང་ངོ། །རྐང་པ་ནི་བསྒྲུབ་བྱའི ་རྐང་རྗེས་ཀྱི་རྡུལ་ལོ། །དེ་དག་མིའི་ཐོད་པར་བཞག་ལ། །མིའི་རྗེ་བར་གྱི་རུས་པའི་སྲུབས་ཤིང་བྲམ་ཟེའི་སྐྲའི་སྐུད་པས་བཏགས་ལ། སྔགས་ཟློས་བཞིན་དུ་དེར་སྒྲ་དང་བཅས་པར་བསྲུབས་ན། ཉི་མ་བདུན་གྱིས་སྐྱེས་བུ་ཆེན་པོ་ཡང་རིམས་ཚ་བས་ཐེབས? ་པར་འགྱུར་རོ། །དང་པོ་ཐ་མར་ཡང་དག་ལྡན། །གནོད་སྦྱིན་མ་ཡི་ཡིག་བདུན་བརྗོད། །བྷཀྐེ་བུཀྐེ་ཞེས་བཟླས་བྱ། །འབུམ་ཕྲག་བཞི་ཡི་སྐལ་བཟང་འགྱུར། ཞེས་བྱ་བ་ལ་སྔགས་ནི་ཨོཾ་བྷཀྐེ་བུཀྐེ་སྭཱཧཱ་ཞེས་བྱ་བ་སྟེ། སྔགས་འདི་སྲན་མ་མ་ཤའི་ཁ་ཟས་ཟ? ་ཞིང། འབུམ་ཕྲག་བཞིར་བཟླས་བརྗོད་བྱས་ན། འཇིག་རྟེན་གསུམ་ན་གནས་པའི་ཡུགས་ས་མོ་རྣམས་དབང་དུ་འགྱུར་རོ། །ཆུ་སྐྱོར་དྲུག་བཟླས་གནོད་སྦྱིན་དང། །གནོད་སྦྱིན་མོ་ཡང་མངོན་སུམ་མཐོང། །གྲོང་གི་བྱང་དུ་ནྱ་གྲོ་དྷའི། །ཡམ་ཤིང་མངར ་གསུམ་སྦགས་པ་བསྲེག་ཅེས་བྱ་བ་ལ། །དང་པོར་སྔ་དྲོའི་དུས་སུ་ནང་དུ་བྱུང་བའི་ཉི་མའི་གཟུགས་བརྙན་ཆུ་སྐྱོར་དྲུག་བཟླས་པ་དང་བྱིན་ལ། །གྲོང་ཁྱེར་གྱིས་བྱང་དུ་ནྱ་གྲོ་དྷའི་ཡམ་ཤིང་མངར་གསུམ་ལ་སྦགས་པས་སྦྱིན་བསྲེག་བྱས་ན་གནོད་སྦྱིན ་དང་གནོད་སྦྱིན་མོ་མངོན་སུམ་དུ་མཐོང་བར་འགྱུར་རོ། །སྔགས་ནི། ཨོཾ་བྷཀྐེ་བུཀྐེ་སྭཱཧཱ། ཞེས་སྔར་བསྟན་པ་ཡིན་ནོ། །གྲུབ་ནས་ཇི་ལྟར་འདོད་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །ནགས་ཚལ་ཆུ་འགྲམ་རི་ལྗོངས་སུ། །སྔོ་ཚོང ་འཐུལ་ཞིང་གནས་པར་བྱ། །དཔའ་བོས་རྒྱལ་བར་བྱེད་པ་དང། མཁར་གནས་འཁོར་ལོས་སྒྱུར་བར་འགྱུར་ཞེས་བྱ་བ་ལ། །དཔའ་བོ་ནི། ཨ་ཁཾ་བཱི་རའི་སྔགས་ཏེ། ནགས་ཚལ་ལ་སོགས་པའི་གནས་སུ་སྔོ་ཚོད་འཐུང་ཞིང་དཔའ་བོའི་སྔགས ་ཀྱི་རྒྱལ་པོ་འདི་བཟླས་ན། གཡུལ་ལས་རྒྱལ་བར་བྱེད་པ་དང། ནམ་མཁའ་ལ་རྒྱུ་བའི་རྒྱལ་སྲིད་སྟེར་པར་འགྱུར་རོ། །ོཾ་རུ་ཏྲི་ནི་སྭཱཧཱ། ཞེས་བྱ་བ། ཨུ་མིའི་སྙིང་པོའི་ཡིག་འབྲུ་བཟླ། །པྲི་ཡང་ཀུའི་མེ་ཏོག་བསྲེག་།ཡིད་ཀྱི་རེ་བ་བསྐོར ་པར་འགྱུར། །ག་ཎ་བོ་ཡ་ཚོགས་བདག་སྙིང། །ཕྱག་འཚལ་ག་ཎ་གསལ་བར་བཅས། །ཡི་གེ་འབུམ་ཕྲག་བཟླས་ནས་སུ། །སྔགས་པས་རྟག་ཏུ་གུ་གུལ་བསྲེག་ཅེས་བྱ་བ་ལ། །ཚོགས་ཐམས་ཅད་ཀྱི་ནད་ནས་རྒྱལ་བར་བྱེད་པས་ན་ག་ཎ ་ཛའོ། །དེ་ཅིའི་ཕྱིར་ཞེ་ན། ཚོགས་བདག་སྙིང་པོའོ། །ཇི་ལྟར་རྒྱལ་བར་བྱེད་ཅེ་ན། གུ་གུལ་ཞེས་བྱ་བ་སྨོས་ཏེ། གུ་གུལ་གྱིས་སྦྱིན་སྲེག་བྱས་ནའོ། །སྔགས་ནི། ཨོཾ་ག་ཎ་མ་ག་ཎ་ཛ་ཡ་སྭཱཧཱ་ཞེས་བྱ་བའོ། །དགེ་བའི་འདོད་འཇོའི་རྣམ་པར ་བཤད་པའོ། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ?།རྒྱ་གར་གྱི་མཁན་པོ་ནག་པོའི་ཞལ་སྔ་ནས་དང། བོད་ཀྱི་ལོ་ཙ་བ་མགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་