CLOSE WINDOW

N2681: gtum po khro bo dkar po chen po'i sgrub thabs
Wyliee-texts based on the ACIP/ALL Input

བཟླས་བྱ་སྟེ། །ལྷ་ཡི་རྣམ་པར་སྦྱོར་བས་སོ། །དེ་ནས་འདོད་པའི་དངོས་གྲུབ་ནི། །འཐོབ་པ་ཉིད་དུ་ཐེ་ཚོམ་མེད། །དེ་ལ་འདི་ནི་གསང་སྔགས་རྒྱལ། །ོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། བདག་གིས་བྲིས་པས་གང་ཐོབ་པ། །དགེ་བ་བྱང་ཆུབ་སྒྲུབ་བྱེད་པ། ། ་དེ་ཡིས་འཇིག་རྟེན་མ་ལུས་འདི། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་ཤོག་།ཁྲོ་བོ་གཏུམ་པོའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་སུ་ན་ཡ་ཤྲཱི་དང། ལོ་ཙ་བ་གློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར་པའོ།། །། ་སློབ་དཔོན་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའོ།། །།རྒྱ་གར་སྐད་དུ། ཤུ་ཀླ་ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་དཀར་པོ་ཆེན་པོའི་སྒྲུབ་ཐབས། །གཏུམ་པོ་ཁྲོ་བོ་ཆེན་པོ་ལ་ཕྱག་འཚལ་ལོ། །སྔགས་པས་རེ ་ཞིག་ཐོག་མར་སྟོང་པ་ཉིད་བསྒོམས་ཏེ། དེའི་དང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན། །ཕྱག་གཡས་པ་རལ་གྲི་སྤྱི་བོར་འབྱར?་བ། གཡོན་པ་སྡིགས ་མཛུབ་དང་བཅས་པའི་ཟུགས?་པ་སྙིང་གར་འཛིན་པ། ཞབས་གཡས་པ་ཙོག?་པུར་གཞུག་ཤིང། གཡོན་པའི་སྤུས་མོ་ཉི་མའི་དཀྱིལ་འཁོར་ལ་རབ་ཏུ་བཙུགས་པ། ལྷའི་ན་བཟའ་གོས་སུ་གྱོན་པ། སྙིང་གར་སྣ་ཚོགས་པདྨ་དང་ཉི་མའི་དབུས་སུ་ཡི་གེ་ཧཱུཾ་ལ་ཡི་གེ་དབུས ་བསྐོར་བ་དང་བཅས་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །དེའི་མདུན་དུ་དེ་དང་ཁ་སྦྱོར་ཞིང་ཡང་དེ་ཁོ་ན་དང་འདྲ་བའི་བཅོམ་ལྡན་འདས་གཉིས་པ་བསྒོམ་པར་བྱའོ། །དེའི་རྗེས་སུ་རང་གི་སྙིང་གའི་སྔགས་ལས་འཕྲོས་པའི་སྔགས་ཀྱི་ཕྲེང་བ་རང་གི་ཁོ?་ནས ་མདུན་གྱི་བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས་ཤིང་དེའི་ལྟེ་བ་ནས་རང་གི་ལྟེ་བར་ཞུགས་ཤིང་ཡང་རང་གི་སྙིང་ཁར་འཐོན་ནས་དེ་ཁོ་ན་བཞིན་འཁོར་བར་བསྒོམ་པར་བྱའོ། །བཟླས་པའི་ཚེ་རང་གི་སྙིང་ཀའི་ཧཱུཾ་གིས་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཨི་ཡེ་ཤེས་ཀྱི་བདུད་རྩི་དང། ཟླ་བ་དང། སྐར་མ་དང། སྨན་དང། སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ནུས་པ་དང། རིག་པ་ལ་སོགས་པ་ལ་མཁས་པའི་ཡོན་ཏན་དང། གཞན་ཟིལ་གྱིས་མནོན་པའི་རྩོད་པ་དང། སྙན་ངག་ལ་སོགས་པའི་ཡོན་ཏན་མ་ལུས་པ་བཀུག་ནས་རང ་གི་སྙིང་ཁའི་ཧཱུཾ་ལ་རབ་ཏུ་ཐིམ་ཞིང། བདག་ཉིད་རིག་པ་ལྔ་ལ་མཁས་པའི་པཎྜི་ཏ་ཡིན་ནོ་སྙམ་པའི་ང་རྒྱལ་དང་ལྡན་པའི་སྤོབས་པས་སྔགས་བཟླས་པར་བྱའོ། །ཞག་ཉི་ཤུ་རྩ་གཅིག་བཟླས་པས་སྙན་ངག་མཁན་ཆེན་པོར་འགྱུར་རོ། །གཏུམ་པོ་ཁྲོ་བོ་ཆེན་པོའི་ཤེས་རབ་བློ་འཕེལ ་གྱི་སྒྲུབ་ཐབས་རྫོགས་སོ། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྚི་ཏ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པའོ།། །།རྒྱ་གར་སྐད་དུ། ཨཱརྱཱ་ཙལ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་མི་གཡོ་བའི་སྒྲུབ་ཐབས་འཕགས ་པ་མི་གཡོ་བ་ལ་ཕྱག་འཚལ་ལོ། །ཐོགས་མར་སྔགས་པས་གསུམ་ལ་སྐྱབས་སུ་སོར་ཞིང། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བྱས་རྗེས་སུ། །སྐད་ཅིག་ཙམ་གྱིས་སྟོང་པར་རབ་དམིགས་ནས། །རབ་དཀར་པདྨ་ཉི་མའི་དཀྱིལ་འཁོར་བལྟ། །དེ་སྟེངས་མགོན་པོ་མི་གཡོ་སྐུ ་མདོག་དཀར། །གཡས་གཡོན་ཕྱག་གིས་རལ་གྲི་སྡིགས་མཛུབ་མཛད། །ཞབས་གཉིས་པུས་མོ་མཐིལ་གྱིས་རབ་བཞུགས་པ། །རིན་ཆེན་དར་གྱིས་བརྒྱན་པ་བསྒོམ་པར་བྱ། །ལྷག་པའི་ཁྲོ་རྒྱལ་དེ་ཡི་མདུན་དུ་ཡང། །དེ་ཉིད་ཇི་ལྟའི་བཅོམ་ལྡན་འདྲ་བས་བྱ། དེ་དག་ཐུགས ་ཀར་པདྨ་ཉི་མ་ལ། །ཧཱུཾ་ལ་གཞན་གྱིས་བསྐོར་བ་དམར་བ་བལྟ། །དེ་ནས་ཡི་གེ་འབྲུ་བཅུ་བཟླས་བྱ་སྟེ། །སྔགས་ཕྲེང་ཁ་ནས་ཁར་ཞུགས་ཡེ་ཤེས་དགུག་།ལྟེ་བ་ནས་འཐོན་དེར་ཞུགས་བདག་ཉིད་ཀྱི། །སྙིང་གར་བསླན་པ་འཁོར་ལོ་བཞིན་དུ་བསམ། །དེ་ལྟར་ཞག་གྲངས་ཉི་ཤུ ་རྩ་གཅིག་ཏུ། །ཐུན?་གསུམ་ཉིད་དུ་བསྒོམ་པ་གང་ཡིན་དེས། །བཀའ་དང་བསྟན་བཅོས་ཀུན་གྱི་ཚིག་དང་དོན། །བལྟས་པ་ཙམ་གྱིས་ཁོང་དུ་ཆུད་པར་འགྱུར། །གཞན་ཡང་ཀུན་ལ་མི་འཇིགས་སྤོབས་པ་འཕོབ། །སྙན་དངགས?་བསྟན་བཅོས་ཐོགས་མེད་བརྩོམ་ནུས་ཤིང། །དེ་ཡིས་ ་