| Wylie | e-texts based on the ACIP/ALL Input |
ཡིན་དེས། །བར་ཆད་སེལ་ཤིང་ཚོགས་རྫོགས་ནས། །འགྲོ་རྣམས་འབང?་པ་ཆུང་དུ་ཡིས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག་།འཕགས་པ་མི་གཡོ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་གསེར་གླིང་པས་མཛད་པ་རྫོགས་སོ།། ་སློབ་དཔོན་དྲི་པཾ་ཀ་ར་ཤྲཱི་ཛྙ་ནས་རང་འགྱུར་དུ་མཛད་ནས། །དགེ་སློང་དབང་ཕྱུག་རྒྱལ་མཚན་ལ་གནང་བའོ།། །།རྒྱ་གར་སྐད་དུ། །ཨཱ་རྱ་ཨ་ཙ་ལ་ཀྲོ་དྷ་རཱ་ཛ་སྟོཏྟར། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ ་བསྟོད་པ། ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ལ་ཕྱག་འཚལ་ལོ། །མི་གསོ་ཞེས་བྱའི་ཁྲོ་བོ་ནི། །རལ་གྲི་ཞགས་པ་ལེགས་པར་ཐོགས། །སྤྱི་བོའི་ཟུར་ཕུད་གཡོན་དུ་འཁྱིལ། །རང་གི་དཀྱིལ་འཁོར་འོད་ལ་བཞུགས། །ཀླུ་ཆེན་ལ་སོགས་ཐམས་ཅད་དེ་ཀྱི། །རྒྱན་རྣམS ་ཀུན་གྱིས་རབ་ཏུ་བརྒྱན། །བྱིས་པའི་གཟུགས་ཅན་འགྱིང་བག་ཅན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ནང་ན་ཐུགས་རྗེའི་རང་བཞིན་ཅན། །གདུག་པ་འདུལ་ཕྱིར་ཕྱི་རོལ་ཁྲོ་ཚུལ་སྟོན། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་ཞལ། །བཅོམ་ལྡན་མི ་གཡོ་མགོན་ལ་ཕྱག་འཚལ་ལོ། །ཐུགས་རྗེས་དབྱིངས་ནས་བཞེངས་པའི་སྐུ་མདོག་ནི། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །སྣ་ཚོགས་པདྨ་ཉི་མའི་གདན་ལ་བཞུགས། །ཞལ་གཅིག་ཕྱག་གཉིས་མཐིང་ནག་རྡམ་པའི་སྐུ། །ཞབས་གཉིས་བརྐྱང ་བསྐུམ་བགེགས་ཆེན་དུ་མ་གཟིར། །སྟག་དང་སྤྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །ལྷ་དང་ལྷ་མིན་སྐྲག་མཛད་ཕྱག་གཡས་ན། །ཤེས་རབ་རལ་གྲི་འབར་བ་འདེབས་པའི་ཚུལ། །འབྱུང་པོ་སྐྲག་མཛད་ཕྱག་གཡོན་བསྡིགས་མཛུབ་སྟེ། །ཐུགས་རྗེས་ལུས ་ཅན་མི་གཏོར་རྡོ་རྗེ་ཞགས། །སྐྱེ་ཤི་རྩད་གཅོད་རྣོ་དཀར་མཆེ་བ་གཙིགས། །སྤྱན་གཉིས་དམར་ཟླུམ་ཐུགས་རྗེས་ཕྱཧོགས་བཅུར་གཟིགས། །ཐུགས་རྗེས་ཁྲོས་པས་དབུ་སྐྲ་གྱེན་དུ་འཁྱིལ། །མི་བསྐྱོད་ལ་སོགས་རིགས་ལྔས་དབུ་ལ་བརྒྱན། །མ་རུངས་འདུལ ་ཞིང་འགྲོ་དོན་རྫོགས་མཛད་པའི། །སྤྲུལ་པའི་ཁྲོ་རྒྱལ་སྣ་ཚོགས་སྐུ་ལས་འཕྲོ། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཞི་མཛད་ཅིང། །བདེ་བ་དག་ལ་རིམ་གྱིས་འགོད་མཛད་པ། །འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །ཁྱོད་ཉིད་དུས་གསུམ་སངས་རྒྱས་ཐམས ་ཅད་ལགས་།དུས་གསུམ་སངས་རྒྱས་ཐམས་ཅད་ཁྱོད་ལགས་པས། །ཁྲོ་རྒྱལ་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །འཇིགས་བྱེད་དྲག་པོའི་གསུང་ལ་ཕྱག་འཚལ་བསྟོད། །གཉིས་མེད་རྩེ་གཅིག་ཐུགས་ལ་ཕྱག་འཚལ་བསྟོད། །བདག་ཀྱང་ཁྱོད་ལྟར་འགྲོ ་དོན་བགྱི་སླད་དུ། །རྩེ་གཅིག་སེམས་ཀྱིས་ཁྱོད་བསྒོམ་གསང་སྔགས་བཟླས། །དུས་རྣམས་རྟག་ཏུ་ཁྲོ་རྒྱལ་ཁྱོད་བསྟེན་ན། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་མཛད་དེ། །ཡེ་ཤེས་སྐུ་མཆོག་མངོན་སུམ་སྩལ་ནས་ཀྱང། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ ་བདག་ལ་གསོལ། །སྒྲུབ་ལ་བར་ཆད་བྱེད་པའི་བདུད་དགྲ་རྣམས། །ཕ་རོལ་འཇོམས་པའི་སྟོབས་ཀྱིས་མེད་པར་མཛོད། །དུས་འདི་ནས་གཟུང་བྱང་ཆུབ་སྙིང་པོའི་བར། །ལྷ་མཆོག་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །དུས་རྣམས་རྟག་ཏུ་ཁྱོད་ཀྱིས་བསྲུང་དུ་གསོལ། ། ་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ལ་བསྟོད་པ། པཎྜི་ཏ་དི་པཾ་ཀ་ར་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྚི་ཏ་དེ་ཉིད་དང། ལོ་ཙ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕག་པའོ།། ། ་རྒྱ་གར་སྐད་དུ། ཨཱརྱ་ཨཱ་ཙ་ལ་ཀྲོ་དྷ་རཱ་ཛ་སྟོ་ཏྟརཱ?། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ། བཅོམ་ལྡན་འདས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཁྲོ་རྒྱལ་བརྟན་པའི་སྐུ། །བརྐྱང་བསྐུམ་ཐབས་ལས་བྱུང་བའི་ཁྲོ་རྒྱལ་དང།། ་བཅས་ཏེ་ནམ་མཁའ་ཨི་དཀྱིལ་དཀྱིལ་ན་ཞུགས། ཚངས་པ་ལ་སོགས་འབུམ་ནི་སྐྲག་བྱེད་པ། ཉོན་མོངས་ཉེ་བའི་ཉོན་མོངས་རྣམས་དང་ནི། །ཀླུ་དང་གནོད་སྦྱིན་ཤ་ཟ་ཡི་དགས་སོགས། །འབྱུང་པོའི་ཚོགས་རྣམས་མ་ལུས་སྐྲག་མཛད་པ། །ཁྲོ་རྒྱལ་ཁྱོད་ལ་བདག་ནི་སྐྱབས་སུ ་