| Wylie | e-texts based on the ACIP/ALL Input |
བརྟུལ། དམག?་སོང་ཞེས་བརྗོད་བྲབ་པོ། །དེ་ནས་འདྲུ་མར་དང་རྩོ་མར་ལ་སོགས་པ་?་ཚང་ལ་སྙིང་པོ་རྒྱལ་བསྡུས་གང་ཡང་རུང་བ་བརྒྱ་རྩ་བརྒྱད་བཟླས་ཏེ། ནང་པའི་ལུས་མགོ་མཇུག་ཏུ་བསྐུ་བསྙེ་བྱའོ། །དེ་ལྟར་ལན་ཅིག་ལས་མ་གྲོལ ་ན་ཉིས་དང་གསུམ་དང་བདུན་བྱས་ན་གཟའ་ཟིན་པ་ལས་མི་གྲོལ་མི་སྲིད་དོ། །དེ་ནས་ཆུ་རུང་སུ་བཅས་པ་དེ་རྒྱ་མཚོ་ཆེན་པོའི་གླིང?་ངམ། རི་བརྒྱད་འདུས་པའི་རྩེ་མོ་ལ་པི་ཝང་ལ་སོགས་པའི་སྒྲ་སྣ་ཚོགས་དང་ལྡན་པས་བསྐྱལ་ལོ། །གཏོར་མ་བརྒྱད་པོ་ལ ་ཡང་ཕྱོགས་མཚམས་མ་ནོར་བར་བཏང། དེ་ལྟར་ཕྱོགས་མ་ནོར་བར་བཏང། དེ་ལྟར་ཆོ་ག་རྫོགས་པར་བྱས་ནས་གཟས་ཟིན་པ་ལ་ཡང་གོང་གི་གཟའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ན། དུས་ཐམས་ཅད་དུ་གཟའ་རྣམས་ཀྱི་དམག་དཔོན་དུ་འགྱུར?་རོ། ། ་གལ་ཏེ་གཟའ་གང་གིས་ཟིན་པའི་དུས་མ་ཕྱེ་ན་གཟའ་བརྒྱད་ཅར་གྱི་གཟུགས་བྱས་ལ་བསྙེན་པ་འབུལ་ཕྲག་རེ་བསྐྱལ་ལ་སྔ་མ་ལྟར་བྱའོ། །གཟའི་གདོན་ལས་གྲོལ་བར་བྱེད་པའི་ཆོ་ག་རིན་པོ་ཆེ་གྲོལ་བྱེད་ཅེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཐོམས?་པ་ལ་ཕྱག་འཚལ་ལོ། །གཟའ་རྣམས་ཀྱི་ལས་གྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཀྱིལ་འཁོར་སྔ་མ་ལྟར་བྲིས་ལ་སེང་ལྡེང་གི་ཕུང་བུ་བརྒྱད་ལ་གཟའ་བརྒྱད་ཀྱི ་སྙིང་པོ་སོ་སོར་བྲིས་ལ། རྩེ་མོ་ལ་དུག་ཁྲག་གིས་བྱུགས་ལ་སོ་སོའི་གནས་སུ་གཟུགས་སོ། །གཏོར་མ་བརྒྱད་ཤ་སྣ་ཚོགས་དང་ཁྲག་སྣ་ཚོགས་ཀྱི་བཤམ་མོ། །དབུས་སུ་གཙོ་བོའི་བུམ་པ་ལ་ཡབ་ཡུམ་གྱི་མཚན་མ་བཏབ་པ་སྙིང་པོ་བསྡུས་བ་ལན་བརྒྱ ་རྩ་བརྒྱད་བཟླས་ལ་སྐུ་མདོག་ཕྱག་མཚན་གསལ་བར་བསྐྱེད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་གཟུགས་འདྲ་བ་བྱུང་སྟེ། གཟའ་སོ་སོའི་སྙིང་ག་ནས་བཟུང་སྟེ་རྣལ་འབྱོར་པའི་ལས་ཀྱི་མཛའ་གྲུབ་པར་གྱིས་ཤིག་པར་མངའ་གསོལ། དེ་ནས་གཟའ ་མཆུ་འགྲོལ་བ་ལ་སོགས་པ་གང་བྱེད་པ་ལ་བསྙེན་པ་བརྒྱ་བཟླས། མཆོད་བསྟོད་བྱ། དེ་ནས་སྔགས་པ་བཞི་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་རྒྱུད་རྫོགས་པ་སུམ་བརྒྱ་བླག་སྟེ། བརྒྱ་ཚིགས་ཀྱི་མཆོད་བསྟོད་བྱ་ཞིང། གཙོ་བོ་ཡབ་ཡུམ་ལ་བདག་ཉིད་ཀྱིས་ཇི་ལྟར ་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་གཟའ་བརྒྱད་ཀྱི་ལས་ཇི་ལྟར་བྱེད་པའི་དོན་ཁས་བླངས་ལ་གཏོར་མ་བཏང་ཞིང་རང་གིས་ཇི་ལྟར་འདོད་པའི་གཞུང་གི་ལས་ལ་སྦྱར་ན་འགྲུབ་པར་གདོན་མི་ཟའོ། །གཟའ་བརྒྱད་ཀྱི་ལས་ན་གྲུབ་པ་རྣམS་གྲུབ་པར་བྱེད་པའི་ཆོ་ག ་འདོད?་པ་རབ་ཏུ་ཅི?་བ་ཞེས་བྱ་བ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། །།དབང?་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྒྱུ་སྐར་ངན་པ་ཟློག་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད?་དང ་མཐུན་བར་དཀྱིལ་འཁོར་སྔ་མ་ལྟར་བཞེངས་ལ། རྒྱུ་སྐར་རྣམས་ཐངས?་དབབ་པའི་ཆོག་ནི། གཏོར་མ་དང་མཆོད་པའི་བྱེ་བྲག་ལྷ་འགྲངས་དང་མཉམ་པར་བཤམ་པར་བྱའོ། །དཀྱིལ་འཁོར་གྱི་གྲུ་བཞི་དང་དམར་པོའི་གདུགས་དབུབ། དེའི་ནང་དུ་གཟའ་བརྒྱད་ཀྱི ་?་གཉིས་གཉིས་བཞང། །བག་ཟན་ལ་རྒྱུ་སྐར་རྣམས་ཀྱིས་གཟུགས་ཏེ། །སོ་སོའི་སྐུ་མདོག་དང་མཐུན་པའི་ཚན་གྱིས་སྒྱུར། རྒྱུ་སྐར་རེ་རེ་ལ་ངར་བླུང་འཐེབ་གང་པ་བཅུ་གསུམ་བཅུ་གསུམ་གྱིས་བསྐོར། དེ་ནས་ཀྱང་ཚོན་སྣ་ཚོགས་པས་བསྒྱུར?་རོ། །གཏོར ་མ་རེ་རེའི་ནང་དུ་ལྟ་བ་ཤོས?་དེ་བྱའོ། །དེ་ལྟར་བྱས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་སྔགས་དང་ཕྱག་རྒྱས་གོང་ལྟར་སྤྱན་དྲངས་ལ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བསྟིམས་ལ། གཙོ་བོ་ལ་མཆོད་བསྟོད་ཅི་རིགས་པར་བྱས་ལ་དེ་ནས་གཟའ་རྣམས་ལ ་བསྟོད། མཆོད་པ་ལྔ་དབུལ་དེ་ནས་རྒྱུ་སྐར་རྣམས་རི་རབ་ཀྱི་ངོས་ལ་སྤྱན་དྲངས་ཏེ། ཧཱུཾ་རི་རབ་ཆེན་པོའི་ངོས་དག?་ནས། །དུས་ཚོད་ཀུན་ལ་དབང་སྒྱུར་བའི། །རྒྱུ་སྐར་ཚོགས་དང་དམག་དཔུང་བཅས། །བཙུན་མོ་གཡོག་འཁོར་བཅས་པ་རྣམས། །སྤྱན་འདྲེན་མཆོག? ་