| Wylie | e-texts based on the ACIP/ALL Input |
སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གང་ཟག་གཟའ་དན་པའི་དུས་ལས་ཟློག་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་དཀྱིལ་འཁོར་སྔ་མ་བཞིན་དུ་བྲིས་ལ། དཀྱིལ་འཁོར་གྱི་དབུས ་སུ་བུམ་པ་མཚན་ཉིད་དང་ལྡན་པ། ཁ་དོག་སྔོན་པོ་གཙོ་བོའི་མཚན་ཉིད་དང་ལྡན་པ་བཞག་ལ། དེ་ལ་གཙོ་བོའི་བསྙེན་པ་བརྒྱ་ཕུལ་ལ་བཞག་གོ་།དཀྱིལ་འཁོར་གྱི་ཕྱོགས་མཚམས་སུ་ཕུར་པ་བརྒྱད་ལ་དར་དམར་པོའི་ཅོད་པན་བཏགས་ལ་ཁྲོ་བོ ་བརྒྱད་དུ་བསྐྱེད་ལ་བཞག་གོ་།མར་མེ་ལ་སོགས་པས་གཙོ་བོ་དང་གཟའ་བརྒྱད་མཆོད་དོ། །གཟའི་གཏོར་མ་གཙང་མ་བརྒྱད་ཕྱོགས་གཏོར་དང་བགེགས་གཏོར་ཡང་བཤམ་མོ། །དཀྱིལ་འཁོར་གྱི་ལྷའི་གནས་རྣམས་སུ་བག་ཟན་ལ་གཟའི་གཟུགས ་བྱས་ལ་ཚོན་གྱིས་བསྒྱུར་ལ་བཞག་།དེ་དག་རེ་རེའི་མདུན་དུ་སྦྲང་རྩི་དང། འོ་མ་ལ་སོགས་སྤྱན་གཟིགས་ཀྱིས་ཀྱང་འཁོར་བར་བཞག་གོ་།ཁྱམས་རྣམས་སུ་རྒྱུ་སྐར་གྱི་གཟུགས་བྱས་ལ་བཞག་གོ་།དེ་ནས་གཙོ་བོ་ལ་མཆོད་པ་དང་བསྟོད་པ་བྱས་ལ། ་གཟའ་རྣམས་ཀྱི་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ཏེ། ཚིགས་བཅད་ཀྱིས་ཀྱང་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ་ཧཱུཾ་ཧཱུཾ་རྣམ་དག་རི་རབ་ལེགས་པའི་དཀྱིལ་འཁོར་ནས། །གཟའ་བརྒྱད་རྒྱུ་སྐར་འཁོར་དང་བཅས་པ་སྤྱན་འདྲེན་ན། །སྔོན་གྱི་དམ་ཚིག་དབང་གིས ་གཤེགས་སུ་གསོལ། །ེ་ཧི་ཧི་ཛ(རྒྱུད་འགྲེལ་བརྒྱད་བཟླས་སོ། །སྐུ་མདོག་དང་ཕྱག་མཚན་རྣམས་གསལ་བར་བསྒོམས་ལ། མཆོད་པ་དབུལ་བ་ནི། ཧཱུཾ་ཕྱོགས་བཅུ་ཀུན་ནས་རྣམ་དག་རྫས་ཀྱི་མཆོག་།མཛེས་པར་བལྟམས་པའི་ཡོན་ཆབ་འདི། །གཟའ་རྣམས་འཁོར་དང་བཅས་ལ་དབུལ།། ་དམ་ཚིག་དབང་གིས་བཞེས་སུ་གསོལ། །ཕྱོགས་བཅུ་མཛེས་པར་བལྟམས་པའི་མེ་ཏོག་འདི། །སྣང་གསལ་འདི། གཟའ་རྣམས། གདུག་།སྦོས། གཤོས་གཙང། སིལ་སྙན། གཟའ་རྣམས་དམ་ཚིག་དབང་གིས་བཞེས་སུ་གསོལ། །དེ་ནས་གཟའ་རྣམས ་ལ་བསྟོད་ཅིང་གཏོར་མ་དབུལ་བ་ནི། །ཧཱུཾ་ཤར་ཕྱོགས་གཟའ་ཆེན་པ་བ་སངས། །སྐུ་མདོག་དམར་པོ་མཛེས་པ་ལ། །ན་བཟའ་དང་དཀར་སྟོད་གཡོགས་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག་མཚན་ཕྱག་ན་སྤུ་གྲི་བསྣམས། །དེ་ལ་བསྟོད་ཅིང་ ་གཏོར་མ་འབུལ། །ཧཱུཾ་ལྷོ་ཕྱོགས་གཟའ་ཆེན་ཕུར་བུ་ནི། །སྐུ་མདོག་དཀར་པོ་མཛེས་པ་ལ། །གློག་གི་ཕྲེང་བའི་འཁོར་ཡུག་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །སེར་པོ་དར་གྱི་སྟོང་གཡོགས་ཅན། །ཕྱག་མཚན་ཕྱག ་ན་གླེགས་བཾ་བསྣམས། །ཟླ་བའི་སྟེང་ན་བཞུགས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །ནུབ་ཕྱོགས་གཟའ་ཆེན་ཟླ་བ་ནི། །སྐུ་མདོག་དཀར་པོ་མཛེས་པ་ལ། །ན་བཟའ་དར་དམར་སྟོད་གཡོགས་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག ་མཚན་ཕྱག་ན་པདྨ་བསྣམས། །ངང?་པ་དག་ལ་ཞོན་པ་ལ། །དེ་ལ་བསྟོད་དེ་གཏོར་མ་འབུལ། །བྱང་ཕྱོགས་གཟའ་ཆེན་ལག་པ་ནི། །སྐུ་མདོག་སེར་པོ་མཛེས་པ་ལ། །ན་བཟའ་ཟངས་ཀྱི་ཐོར་ཅོག་གསོལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན་ཕྱག་མཚན་ཕྱག ་?་གྲི?་བསྣམS་སྤྲུལ་གྱི་སྟེང་ནང་?་པ་ལ་དེ་ལ་བསྟོད?་དེ་གཏོར་མ་འབུལ། །ལྷ་ཆེན་གཟའ་ཆེན་སྒྲ་གཅན་འཛིན། །སྐུ་མདོག་དུང་ཁ་མཛེས་པ་ལ། །ན་བཟའ་སྤྲུལ་གྱི་བསྐྱེད་བཅིངས་ནས། །མགོ་ལུས་ཐམས་ཅད་མིག་གིས་ཁེངས། །ཕྱག་མཚན་ཕྱག་ན་མདའ་གཞུ་འགྱེངས།། ་?་སྨད་སྤྲུལ་དུ་འཁྱིལ་པ་ལ། །དེ་ལ་བསྟོད་དེ་གཏོར་མ་འབུལ། །ནུབ་བྱང་གཟའ་ཆེན་ཉི་མ་ནི། །སྐུ་མདོག་དམར་པོ་མཛེས་པ་ལ། །ན་བཟའ་ཐོག་ལྕགས་གུ་ཟུ་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག་མཚན་ཕྱག་ན་པདྨ་བསྣམས། །རྟའི་སྟེང་ན ་ཞོན?་པ་ལ། །དེ་ལ་བསྟོང་དེ་གཏོར་མ་འབུལ། །བྱང་ཤར་གཟའ་ཆེན་སྤེན་པ་ནི། །སྐུ་མདོག་ནག་པོ་འཇིགས་པ་ལ། །ན་བཟའ་དར་དམར་ཐུལ་བ་གསོལ། །རིན་ཆེན་མཛེས་པའི་རྒྱན་གྱིས་བརྒྱན། །ཕྱག་མཚན་ཕྱག་ན་རལ་གྲི་བསྣམས། །འབྲུག་གི་སྟེང་ན ་བཞུགས་པ་ལ། །དེ་ལ་བསྟོང་དེ་གཏོར་མ་འབུལ། །གཟའ་ཆེན་འཇིགས་པའི་གཟུགས་ཅན་ཏེ། །སོ་སོའི་རྒྱུ་སྐར་འཁོར་བཅས་ལ། །མེ་ཏོག་གཏོར་མ་གུས་པས་འབུལ། །འདི་དག་སོ་སོར་བསྣམས་ནས་ནི། །ལས་འདིའི་འབྲས་བུ་གྲུབ་པར་མཛོད། །ཅེས ་གཏོར་མ་དབུལ། །ཕྱོགས་སྐྱོང་དང་བགེགས་རྣམས་ལ་ཡང་བསྟོད་ཅིང་གཏོར་མ་དབུལ་ལོ། །གཟའ་ངན་པ་བཟློག་པའི་ཆོ་ག་རྒྱ་མཚོ་སྤྲིན་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར ་