| Wylie | e-texts based on the ACIP/ALL Input |
བ་དང་བཏུང་བ་དང་མྱང་བ་དང། བལྡག་པ་ལ་སོགས་པ་ཁ་ཟས་ཀྱི་བྱེ་བྲག་ཇི་ལྟར་འབྱོར་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་མཛའ་མར་བཞག་ལ། མཆོད་གཡོག་པ་གཉིས་སམ་གསུམ་གྱིས་མཆོད་བརྒྱུན་མ་ཆད་པར་བྱའོ།། ་སློབ་དཔོན་བདག་བསྟོད་གཡོགས་པ་ལ་སོགས་པའི་རྒྱན་དང། དབུ་རྒྱན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་དང་དྲིལ་བུ་བཟུང་ལ་ཀུ་ཤའི་སྟེང་དུ་ཁྲུས་བྱ། རྒྱན་སྣ་ཚོགས་པས་བརྒྱན་ལ་འཁོར་དང་བཅས་ཏེ་བཞག་གོ་།དེའི་ཕྱི་ལོགས་ན ་གཡས་བརྐྱང་བའི་སྟོབས་ཀྱིས་གཡས་སྐོར་དུ་ཧཱུཾ་ཞེས་བགེགས་བསྐྲད་དེ་ནས་ལོག་སྟེ། བྱང་ཤར་ནས་གཡོན་བརྐྱང་བའི་སྟོབས་ཀྱིས་གཡོན་སྐོར་དུ་ཨོཾ་བཛྲ་ཡཀྵ་ཧཱུཾ་ཧཱུཾ་ཞེས་བརྗོད་པས། བདག་དང་ཡོན་བདག་གི་ནོར་འགྲིབ་པར་བྱེད་པའི་བགེགས་དེ ་དཔག་ཚད་བརྗོད་ཀྱིས་མི་ལང་བར་བྱེད་ཞིང་དེངས་པར་བྱའོ། །དེ་ནས་མཆོད་པ་དང་གཏོར་མའི་ཆོ་ག་ཞག་གསུམ་དུ་རྒྱུན་མ་ཆད་པར་བྱ། བདག་ཉིད་ཀྱི་སྙིང་པོ་རྒྱས་བསྡུས་གང་མོས་ལ་ཅི་ནུས་སུ་བཟླས། ཡོན་བདག་གི་སེམས་བསྐྱེད་པ་དང། སྡིག་པ ་བཤགས་པ་དང། རྗེས་སུ་ཡི་རང་བ་དང། འདོད་པའི་དོན་ལ་སོགས་པ་ལ་གསོལ་བ་ཅི་ནུས་སུ་བྱེད་དུ་གཞུག་།དེ་ནས་ནུབ་གསུམ་གྱི་ཐ་མ་ཁ་ཟས་ལོངས་སྤྱོད་པ་དང། ཡོན་བདག་གཟའ་བྲན་འཁོར་དང་བཅས་པ་ལ་དཀྱིལ་འཁོར་གྱི་སྒོ་རྣམས ་གསལ་ལ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་རོ། །རྣམ་ཐོས་སྲས་ལ་གཏོར་མ་ཆེན་པོ་གཅིག་བྱིན་ལ་ནོར་གྱི་བདག་པོར་མངའ་གསོལ། ཡོན་བདག་འཁོར་དང་བཅས་པས་ཀྱང། བྱང་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བུ་འཁོར་དང ་བཅས་པས་དོ་ནུབ་ནས་བཟུང་བ་ཕན་ཆོད་ནོར་གྱི་བདག་པོ་མཛོད་ལ་བདག་ཅག་གི་ནོར་དང་ཟས་མི་འགྲིབ་པར་འཕེལ་བར་མཛད་དུ་གསོལ་ཞེས་དུས་ལ་བརྗོད་དོ། །དེ་ནས་གཏོར་མ་བཏང་སིལ་སྙན་སྣ་ཚོགས་པའི་སྒྲ་དང་ལྡན་པས་བཏང་ངོ། །དེ་ནས ་དཀྱིལ་འཁོར་བསྡུ། བཀྲ་ཤིས་གསོལ། བསོད་ནམས་ཀྱི་ཚོགས་ཇི་ལྟར་འབྱོར་པ་བསག་ཅིང་བླ་མ་ལ་ཡོན་དབུལ་ལོ། །ནོར་འགྲིབ་པ་དགང་བའི་ཆོ་ག་དཔག་བསམ་ཤིང་རྒྱས་པ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །། ་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཚོགས་ཀྱི་བདག་པོའི་ལས་འདོད་པའི་དོན་ཐམས་ཅད་རབ་ཏུ་སྦྱིན་པ་ལོངས་སྤྱོད་སྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་མཎྜལ་ཟླུམ་པོ་ཤིན་ཏུ་མཉམ་པ ་མེ་ལོང་གི་ངེས་ལྟ་བུར་བྱས་ཏེ། ཁ་དོག་སྔོན་པོ་ཁྲུ་དོའི་ཚད་ཙམ་བྱས་ལ་དེའི་པར་བུ་སྔོན་པོ་གཙོ་བོའི་ཡི་གེས་འཁོར་བ་ནང་དུ་ཚོགས་ཀྱི་བདག་པོའི་སྙིང་པོ་གསེར་ལས་བྲིས་པ་དང། རས་སྔོན་པོ་ལ་ཚོགས་ཀྱི་བདག་པོའི་གཟུགས་བྲིས་ལ་རབ་ཏུ་གནས་པ ་བྱས་ལ་དར་སྣ་ཚོགས་པས་དྲིལ་ལ་དེའི་ནང་དུ་གཞག་གོ་།སྤྲེའུའི་སྙིང་གི་ནང་དུ་གསེར་ས་བྱུང་མ་དང། རིན་པོ་ཆེ་རྙེད་ཚད་དང། ཤ་སྣ་རྙེད་ཚད་དེ་མཎྜལ་གྱི་སྟེང་དུ་བཞུགས་ལ་གླང་པོ་ཆེའི་སྤུ་དང། སྤྲེའུའི་སྤུ་བསྒྲིལ་བའི་གཟུངས་ཐག་གདགས། དེའི་སྟེང ་དུ་ཚོགས་ཀྱི་བདག་པོའི་སྐུ་མདོག་དང། ཕྱག་མཚན་གསལ་བར་བསྒོམ། བདག་ཉིད་རྣམ་འཇོམས་ཀྱི་ང་རྒྱལ་དུ་བྱས་ལ་གཟུངས་ཐག་བཟུང་ལ། ན་མོ་རཏ་ན་ཏྲ་ཡཱ་ཡ། ཨོཾ་ག་སྭཱཧཱ། །ཞེས་སྟོང་སྟོང་གཞན་ཀྱིས་བར་མཆོད་པར་བཟླས་ཤིང་ཚོགས ་བདག་གིས་བདག་ཉིད་ལ་ལོངས་སྤྱོད་ཇི་ལྟར་འདོད་པ་བྱིན་པར་བསམ་མོ། །ཡར་ངོའི་བརྒྱད་པ་འམ། ཡང་ན་མར་ངོའི་བརྒྱད་པ་ལ་ཚོགས་ཀྱི་བདག་པོའི་གཏོར་མ་ཤིན་ཏུ་བཟང་པོ་ཤ་སྣ་ཚོགས་དང། མར་དང། ཁུར་བ་དང། རོ་མཆོག་སྣ་ཚོགས་དང་ལྡན་པས ་མཆོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ། གཞན་གྱིས་མཐོང་དུ་མི་རུང་ངོ། །ཚོགས་བདག་གི་བསྒྲུབ་པ་དབུལ་བའི་གཏེར་སྦྱིན་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་ནོར་དང་ཟས་འདོད་པ་རྣམས་ཀྱི་དམ་པ་རྫོགས་སོ།། །། ་