CLOSE WINDOW

N2632: lus kyi dbang po nyams pa dang lus na ba gso ba'i cho ga rdo rje rgyal mtshan zhes bya ba
Wyliee-texts based on the ACIP/ALL Input

ལྕེའི་དབང་པོ་ཉམས་པ་གསོ་པའི་ཆོ་ག་པདྨ་རྒྱས་པ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ལུས་ཀྱི་དབང་པོ་ཉམས་ཤིང་ན་བ་གསོ་པའི་ཆོ་ག་བྱེད་པར་?པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གོས་གསར་པ་དྲི་མ་མེད་པ་བགོས་ཏེ་ཞག་གསུམ་བསྙུང་བར་གནས་ཏེ། ལུས་ཀྱི་དབང་པོ་གང་ལ་ཡང་ཁྲུལ། ལན་གྲངས་བདུན་ནམ་བཅུ་གཅིག་ག་མ། ཉེར་གཅིག་གམ་སུམ་ཅུ་རྩ་གཉིས་སམ། བརྒྱ་རྩ་བརྒྱད་དམ ་སྟོང་ཕྲག་གཅིག་གམ་ཁྲི་ཕྲག་གཅིག་ལ་སོགས་པ་ན་བའི་རིགས་དང་སྦྱར་ལ་བྱའོ། །དེ་ནས་དེའི་འོག་ཏུ་རྡོ་རྗེ་རྣམ་པར་འཇོམས་པའི་ང་རྒྱལ་དུ་བྱས་ཏེ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲིན་ལས་བཞི་གང་མོས་པའི་ཁ་དོག་ཏུ་འཕྲོས་པས་རེག་བྱའི་ལྷ་མོ་ཁ་དོག ་འོད་ཟེར་དང་མཐུན་པ། ཕྱག་ན་རེག་བྱའི་ལྷ་མོ་བྱེ་བྲག་དཔག་ཏུ་མེད་པ་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པར་མཆོད་པའི་སྦྲིན་གྱིས་བཏིབས་ནས་མཉེས་པར་བྱ་སྟེ། ཡེ་ཤེས་ཀྱི་འོད་ཕུང་པོ་ཆེན་པོ་གཅིག་ཏུ་གྱུར ་ནས་སླར་བདག་གི་སྙིང་གའི་ས་བོན་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྡུས། དེ་ནས་ཡང་འཕྲོས་ནས་ལྷ་མོར་གྱུར་པས་སེམས་ཅན་གྱི་དོན་བྱས་ནས་ཡང་སྙིང་གར་འོད་དུ་གྱུར་ནས་ཐིམ་མོ། །དེ་ལྷ་མོ་སྤྲོས་ནས་ལྷ་མོ་དེ་དག་ཡང་བདག་གི ་ལུས་ལ་ཐིམ་པས། ཡང་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྣམ་པར་དག་པ་དྲི་མ་མེད་པའི་ཡེ་ཤེས་ཀྱི་ལུས་སུ་སོང་སྟེ། སངས་རྒྱས་སྐུའི་མཁྱེན་པ་རྫོགས་པར་དམིགས་ཤིང་སྙིང་པོ་རྒྱས་བསྡུས་ལ་ཅི་རིགས་པར་བཟླས་སོ། །དེ་ཡང་ལུས་ཀྱི་སྟོད་ན་ན་ཆུ་ལ་? ་སྦད་ན་ན་དྲི་ཆུ་ལ་བཟླས་སོ། །ཚ་ན་?་ཧཾ་ལ་བཟླས་སོ། །བྲང་ན་ན་བུ་རམ་གྱི་ཁུ་བ་ལ་བཟླས་སོ། །མགོན་ན་རྡོ་རྒྱུས་ལ་བཟླས་སོ། །སྐེ་དང་མཇིང་པ་ནན་ཉའི་མཁྲིས་པ་ལ་བཟླས་སོ། །ལག་པ་ནན་སྟེག་ཚེར་ར་ལ་བཟླས་སོ། །པོ་མཆིན་ན་མ་བདེན་བཅའ་སྒ?་ལ་བཟླས ་སོ། །བློ་སྙིང་མ་བདེན་བཅུ་གང་རྒྱ་མཚོ་གསེར་གྱི་བྱེ་མ་ལ་བཟླས་སོ། ཡིག་འཆུས་ན་སེ་འབྲུ་དང་གུར་ཀུམ་ལ་བཟླས་སོ། །སྦོས་ན་རྒྱམ་ཚ་ལ་བྱའོ། །བཤད་གཅི་ཆེ་ཆུང་འདོམ་ན་སྡིག་སྲིན་ལ་བྱའོ། །སྒྱུ་མ་ན་ན་སྐྱེར་པའི་ཁན་དྷ་ལ་བྱའོ། །མཁལ་མ་ན་ན་གསེར་གྱི་ཕུང ་བུ་ལ་བྱའོ། །པུས་མོན་ན་ཙན་དན་བདེ་གུལ་བྱའོ། །རྐང་པ་ན་ན་ལི་ཤི་ལ་བྱའོ། །འཁྲུ་ན་སྦྲང་རྩི་དང་ཨུཏཔལ་ལ་བྱའོ། །སྐྱུག་ན་ན་ལེ་ཤམ་གྱིས་བྱའོ། །གཟེར་བ་ལ་ཆུ་དཀྱིལ་གྱི་རྡོ་བ་གྲང་མོ་ལ་བྱའོ། །རྩིབས་ལོགས་ན་པ་ལ་ལག་མའི་ལ་གཡོན་པ་ལ་བསྔགས་ཤིང ་བློན། །གྲེ?་བ་ན་བརྒུན་འབྲུམ་ལ་བཟླས་སོ། །ཆུ་སོ་ན་ན་དོན་ཁ་དང་ལན་ཚྭ་ལ་བཟླས་ཤིང་དུགས་བྱའོ། །རིམས་ལ་ཆུ་དང་ཙན་དན་དཀར་པོ་ལ་བཟླས་ནས་བྱའོ། །འབྲུམ་བུ་ལ་ག་པུར་དང་སེང་ལྡེང་གི་ཁུ་བ་ལ་བཟླས་སོ། །གླད་གཟེར་ལ་ཨ་ཀ་ལའི་ཁུ་བ་ལ་བཟླས་སོ། ། ་མཛེས་ཟིན་པ་ལ་ནི་གུ་གུལ་དང་བྷ་ས་ལི་དང་འབྲས་ཀྱི་ཐལ་བ་ལ་བཟླས་སོ། །གདོན་དྲག་པོས་ཟིན་པ་རྣམས་ལ་སྨག་ཤད་ཀྱི་ལྕུག་མ་དང། བལ་པོ་སེའུའི་ལྕུག་མ་དང་ཀླུ་ཤིང་གི་ལྕུག་མ་ལ་བྱའོ། །འབྲས་ལ་ཚིལ་ཆེན་གྱི་ཁུ་བ་བསྲེས་ལ་བྱའོ། །མཚོན ་ཀྱིས་བཏབ་པ་རྣམས་ལ་པ་ལ་ཤའི་ལོ་མས་བྱའོ། །སྐྲངས་པ་ལ་ཚ་སྣ་དང་ལུམ་བུའི་ཕྱེ་མས་བྱའོ། །ཤུ་བ་དང་དུར་བྱིད་དང་ཤུ་དག་ལ་བྱའོ། །ཞ་འབྲུམ་དང་རྒུར་པོ་ལ་སེང་འཕྲོམ་དང་ཚ་བའི་ཡུངས་མོ་ལ་བྱའོ། །ལྷོག་པ་དང་ཕོལ་ལ་རབ་གནས་བྱས་པའི་ཚ ་ཚ་རྙིང་པའི་ས་དང། དུག་སྣ་ཚོགས་ལ་བཟླས་སོ། །ཆུ་རྒྱུས་ཀྱི་ནད་ལ་མར་སྣ་ཚོགས་པ་ལ་བཟླས་ཏེ་སྐུ་མཉེ་བྱའོ། །སྙིང་རླུང་དང་འདར་བ་རྣམས་ལ་ཏ་མ་ལའི་འབྲས་བུ་ལ་བཟླས་སོ། །ལྦ་བ་ལ་སེང་ལྡེང་གི་ཕུར་པ་ལ་བཟླས་ལ་བྱའོ། །སྦྲིད་ཅིང་རེངས་པའི་ནད ་ལ་ཚ་བ་གསུམ་ལ་བཟླས་པ་བྱའོ། །ཡན་ལག་གི་ཚོགས་ན་བ་རྣམས་ལ་ཁྲག་སྣ་ཚོགས་ལ་བཟླས་པ་བྱའོ། །དབུགས་མི་བདེ་བ་རྣམས་ལ། ཨཱ་ལི་ཀཱ་ལིའི་འབྲས་བུ་ལ་བཟླས་ལ་བྱའོ། །ཁྲག་ནད་ལ་གླང་པོའི་ཤས་བྱའོ། །སོ་ནད་ལ་བྲམ་དཀར་མོའི་རྩ་བ་ལས ་བཟླས་སོ། །མཆུ་ནད་ལ་ནི་ཨ་རུ་རའི་ཕགས་པ་ལ་བཟླས་སོ། །སྒལ་པ་ན་བ་ལ་འབྲུ་མར་ལ་བཟླས་སོ། །ལུས་ཀྱི་དབང་པོ་ཉམས་པ་དང་ལུས་ན་བ་གསོ་བའི་ཆོ་ག་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །། ་