CLOSE WINDOW

N2625: tsha ba'i rims kyis dgra bsad pa'i ral gri'i 'khor lo zhes bya ba
Wyliee-texts based on the ACIP/ALL Input

གིས་བྲིས་པས་དྲིལ་ལ་ཡུགས་ས་མོའི་སྐྲ་སྐུད་ཕྱིན་ཀ་ལོག་གིས་རྒྱ་གྲམ་སྒྲིལ་ལ་བཞག་གོ་།དེའི་ནང་དུ་སྤྲེའུའི་ཁྲག་དང། མཛེ་ཁྲག་དང། ར་རེག་པོའི་ཁྲག་བཏིག་།ལྕགས་ཕྱེ་དང། དུར་ཁྲོད་ཀྱི་རྡོ་ཕྱེ་དང། ཡུངས་ནག་དང། ་དུག་སྣ་ཚོགས་ལ་ཀླུ་བརྒྱད་ཀྱི་སྙིང་པོ་འབུམ་ཕྲག་བདུན་བཟླས་ཤིང་བྲུག་།སྐབས་སུ་ཀླུ་རྣམས་ལ་བསྟོད་ཅིང་གཏོར་མ་སྦྱིན། །འདོད་པའི་དོན་ལ་གསོལ་བ་བཏབ་བོ། །ཀླུའི་སྙིང་པོའི་གཞུག་ལ་ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་གདགས་སོ། །དེ་ནས་རྒྱུད་རྫོགས་པ་བརྒྱ ་བཀླགས་ལ། མཆོད་པ་དང་བསྟོད་པ་བྱས་ལ་ཀླུའི་ཕོ་བྲང་དུ་མནན་པ་བྱས་ན་བསྒྲུབ་བྱ་དེ་ཟླ་བ་ལྔ་ནས་གདོན་མི་ཟ་བར་བརླག་པར་ངེས་སོ། །དེ་ཡང་རྒྱལ་རིགས་ལ་གཏད་ན་མཐེ་ཐོང?་ཀྱིས་བྱ། རྗེའུ་རིགས་ལ་གླང་དམར་པོའི་རྭ་གཡས་པ་བྲམ་ཟེ་ལ་རབས་དང ་ཀྱི་ཐོད་པ་རྣམ་རིགས་ལ་སྦལ་པའི་ལུས་པོར་བྱ། རྡོལ་པ་ལ་ཕག་ནག་པོའི་ཐོད་པར་བྱ། བླུང་དང་ཆུ་གཏེར་ཅི་མང་དུ་བཏང་དེ། །བསྒྲུབ་བྱ་རྣམས་ཀྱི་བྱང་དུ་བཞུག་པའི་ཆོ་ག་སྲེག་གཅོད་ཀྱི་སྤུ་གྲ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཆེད?་པ་རྫོགས་? ་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བསྒྲུབ་བྱ་རྣམས་ཚ་བའི་རིམས་ཀྱིས་རྨུགས་ཤིང་མྱོས་པར་བྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་མཎྜལ་གྲུ་གསུམ་པར་?་དམར་པོའི་ཁྲག་གིས་བྱུགས་པའི་སྦེད་དུ་བུམ་པ་ཚད་ལྡན་ལ་ཁྲག་སྣ ་ཚོགས་བྱུགས་ལ། དེའི་ནང་དུ་ཚ་བའི་སྨན་སྣ་ཚོགས་དང། དུག་སྣ་ཚོགས་བླུགས་ལ་གཙོ་བོ་ལ་མཆོད་པ་ལ་སོགས་པ་བྱས་ལ་བུམ་པའི་ནང་བསྒྲུབ་བྱེད་བཀུག་ཅིང་ཆེ་བ་སྣ་ཚོགས་ལ་སྔགས་འདི་འབུམ་ཕྲག་བདུན་བཟླས་ལ་བུམ་པར་བླུག་དོ། །ན་མ:ཙཎྜ?་བཛྲ་པཱ་ཎི་ཨ ་མུ་ཀ་མཱ་?་ཅེས་ལས་སྦྱོར་གྱི་དུས་ན་བུམ་པའི་ཁྲག་དང། ཚུལ་སོགས་པ་སྟེ། བསྒྲུབ་བྱའི་ཁང་པ་ལ་གཏོར་ན་ཚ་བའི་རིམས་བབས་ཏེ། །བསྒྲུབ་བྱ་མ་རུངས་པར་འགྱུར་བར་ངེས་སོ། །ཚ་བའི་རིམས་ཀྱིས་དགྲ་བསད་པའི་རལ་གྲིའི་འཁོར་ལོ་ཞེས་བྱ་བ། སློབ ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བསྒྲུབ་བྱ་མྱོས་པའི་ལས་རྨུགས་ཤིང་དྲན་པ་ཉམས་པར་འདོད་ན། ཤི་རི་ཁ་དྷའི་ཁུ་པ་ལ་སྙིང་པོར་བསྡུས་པ་སྟོང་ཕྲག་ལྔ་བཟླས་ནས། ད་ཏུ ་རའི་ལོ་མ་བརྡུངས་པའི་ཁར་བའི་ཁུ?་བ་དང་སྦྱར་ནས་སྙིང་པོའི་གཤམ་ལ་ཆེ་གེ་མོ་མྱོས་པར་གྱིས་ཤིག་ཅེས་བཟའ་བཏུང་གང་ཡང་རུང་བ་ལ་སྦྱར་ནས་བྱིན་ན། མྱོས་པར་འགྱུར་བ་ལ་ཐེ་ཚོམ་བྱ་མི་དགོས་སོ། །གྲོང་ཁྱེར་ཙམ་མྱོས་ཤིང་རྨུགས་པར་འདོད་ན། བསྙེན་པ ་སྔ་མ་ལྟར་བྱས་ལ་བིལ་བའི་ཤིང་ལ་མེ་སྦར་ལ། གྲོང་ཁྱེར་གྱིས་མཛའ་མ་བསྐོར་ཅིང་གྲོང་ཁྱེར་ཆེ་གེ་མོའི་མི་རྣམས་མྱོས་པར་གྱུར་ཅིག་སྭཱཧཱ། ཞེས་བཟླས་པས་ཉིན་ཞག་བདུན་དུ་རྨུགས་ཤིང་དྲན་པ་ཉམས་པ་ལ་ཐེ་ཙམ་བྱད་མེད་དོ། །ཡུལ་ཁམས་ཙམ་རྨུགས་པར ་འདོད་ན་ཤིང་སྣ་བཅུ་བདུན་གྱི་དུ་བས་མཛའ་མ་བསྐོར་ཅིང་ཡུལ་ཆེ་གེ་མོའི་མི་རྣམས་རྨུགས་པར་གྱུར་ཅིག་སྭཱཧཱ། ཞེས་བཟླས་པས་ཉིན་ཞག་བདུན་གྱི་བར་དུ་རྨུགས་པ་ལ་ཐེ་ཚོམ་མེད་དོ། །སེམས་ཅན་ཐམས་ཅད་རྨུགས་པར་བྱེད་པའི་ལས་ཀྱི་མཛའ་གཟི?་དངས་? ་མེ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དཔལ་བསྐྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཔའ་བོ་གཅིག་པའི་དཀྱིལ་འཁོར་བཞེངས་ལ། བུམ་པ་ཁ ་དོག་དཀར་པོར་བྱས་ལ་མཚལ་ལམ་སིནདྷ་རའི་མཚན་མས་བཏབ་ལ། རྡོ་རྗེ་རྣམ་འཇོམས་རང་ཡང་ཁ་དོག་དཀར་པོར་བསྒོམ། གནས་ཁང་གི་ནང་ཐམས་ཅད་ཀྱང་དཀར་པོར་བྱས་ལ། དར་དཀར་པོའི་ཡོལ་བ་བྱ། དེ་ནས་བུམ་པའི་ནང་དུ་བཾ་ལས་ཡེ་ཤེས་ཀྱི་མཚོ། ་དེ་ལས་འོད་?་པས་བཾ་དཀར་པོ་ཡོངས་སུ་གྱུར་པ་ལས་པདྨའི་སྙིང་པོ་དཀར་པོ། འོད་ཟེར་དཀར་པོ་དང། སེར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། དེའི་སྟེང་དུ་ཉི་མ་དང་ཟླ་བ་དེ་ཉིད་བར་དུ་ཨཱ་ལི་དང་ཀཱ་ལི་གཡས་བསྐོར་དང་གཡོན་བསྐོར་གྱི་བར་ནས་སྔགས ་