CLOSE WINDOW

N2611: rig sngags kyi las thams cad byed du 'jug pa'i las kyi bye brag bzhi bcu rtsa gnyis bkod pa yid bzhin nor bu 'od 'bar ba zhes bya ba
Wyliee-texts based on the ACIP/ALL Input

བྲིས་ལ་གསལ་ཤིང་ལ་བསྐྱོན་ནོ། །འབྱུང་པོ་འབུགས?་པའི་སྒྲུབ་པ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རིགས ་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པའི་སྒྲུབ་པ་ལས་ཀྱི་བྱེ་བྲག་སྣ་ཚོགས་པ་སྒྲུབ་པར་འདོད་བའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ལྔའི་དཀྱིལ་འཁོར་བཞེངས་ལ། བུམ ་པ་ལྔ་ལ་རྒྱུད་སྟོང་ཕྲག་རེ་བཟླས་ལ། དེ་ནས་ལས་ལ་སྦྱར་བ་ནི། རིག་སྔགས་གཅད་པར་འདོད་ན་མཚོན་རྣོན་པོ་ལ་སྙིང་པོ་རྒྱས་པ། །ལན་གཉིས་བརྗོད་པས་རྩཱ?་ཀུ་ཤ་བཅད་ངོ། །ཡང་ན་ས་བཅད་དོ་དེས་རིགས་སྔགས ་གཅད་པར་ངེས་སོ། །ལན་གསུམ་པས་རིག་སྔགས་ཉམས་པ་སྐོངས་སོ། །མར་དོའི་ཉི་ཤུ་གསུམ་ལ་སྔགས་བརྗོད་ལ་དཀྱིལ་འཁོར་གྱི་མདུན་དུ་མཆོད་པ་བྱས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་པར་ངེས་སོ། །ཐལ་བ་འམ་ཆུ་ལ་ལན་བཞི་བཟླས ་ཏེ། དུར་ཁྲོད་ཀྱི་སོལ་བ་ལ་གཟུགས་བྱས་ཏེ་མཚོན་གྱིས་བཏུབ་ཅིངས་ལ་བརྡབས་ན་གདོན་ལས་གྲོལ་བར་ངེས་སོ། །།ཡང་ན་དུར་ཁྲོད་ཀྱི་སོལ་བས་ལག་མཐིལ་གཡོན་དུ་རྡོ་རྗེ་བྲིས་ཏེ། ས་ལ་གཟུགས་བྲིས་ལ་རྡོ་རྗེ་དང་ལྡན་པའི་ལག་པས ་མནན་ན་བཞན་གྱི་རིག་སྔགས་ནོན་ཏོ། །སྐུད་པ་ལ་མདུད་པ་པོར་བ་ལ་ལན་ཉེར་གཅིག་བརྗོད་པས་རིག་སྔགས་འཆིང་ངོ། །དཀྱིལ་འཁོར་གྱི་ཙན་དན་དམར་པོས་རྡོ་རྗེ་རྩེ་ལྔ་པ་བྲིས་ལ་གུ་གུལ་གྱིས་བདུགས་ལ་མེ་ཏོག་གཏོར་ཅིང་གཞན ་གྱིས་ཟླ་བར་ལན་ཉེར་གཅིག་བཟླས་ན་ཀ་བབས་པར་ངེས་སོ། །ཆུ་འམ་སོ་པག་གི་དུམ་བཱུམ་ཐལ་མོ་བརྡབས་པ་ལན་བདུན་བཟླས་ན་ནད་པ་ལ་འཕྲ་མེན་མའི་ཉེ་འབྱེད་ལས་གྲོལ་ལོ། །རྨ་བྱའི་མདོངས་དང་ཆུ་གྲི་དང་མེ་ལོང་ལ་བརྒྱ་བཟླས་ན ་སྦྲུལ་གྱིས་ཟིན་པ་ལས་གྲོལ་ལོ། །རྒྱ་སྦོས་དང། རྒྱ་མཚོ་སྡུ་བ་དང། ལྡོང་རོས་དང། རྨ་བྱའི་མཁྲིས་པ་ལ་སྟོང་བཟླས་ཏེ། ཆུ་དང་སྦྱར་ཏེ་ལྟོར་བཏང་ན་དུག་གིས་ཟིན་པ་ལས་གྲོལ་ལོ། །ཆུ་སྐོལ་བ་ལ་ལན་ལྔ ་བཟླས་ཏེ། བཏང་ན་སྲིན་བུ་དང་སྦྲང་བུའི་ནང་སོས། མར་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ནས་བུད་མེད་སྦྲུམ་མའི་བུ་སྐྱེ་ཁ་མ་ལ་བྱིན་ན་བདེ་བར་བཙས་པར་འགྱུར་རོ། །མདུད་པ་སྣ་ཚོགས་པ་ལ་སྔགས་ལན་ཉེར་གཅིག་བརྗོད་ནས་གདུག ་པས་ཟིན་པ་ལས་གྲོལ་ལོ། །སྦྱིན་སྲེག་གི་ཐལ་བ་གཙང་མ་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ནས་རྐུན་བྱུང་བའི་ཕྱོགས་སུ་གཏོར་ན་རྐུ་མི་ཤེས་བར་འགྱུར་རོ། །གོས་ཀྱི་མཛའ་མར་མདུད་པ་ལན་བདུན་པོར་ནས་སྔགས་ལན་བདུན་བརྗོད ་པས་བདག་པ་སྲུང་བར་ཤེས་སོ། །སྤྱི་གཙུག་གི་སྐྲ་ལ་མདུད་པ་བོར་ནས་ལན་བདུན་བརྗོད་པས་གཞན་བསྲུང་ངོ། །ཆུ་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ནས་ཕྱོགས་བཞིར་གཏོར་བས་ཆུ་སྲིན་གྱི་འཇིགས་པ་ལས་གྲོལ་ལོ། །ཡུངས་ཀར་ལ ་ལན་བདུན་བཟླས་ནས་གཏོར་ན་སྟག་གི་འཇིག་པ་ལས་ཐར་རོ། །ཕུར་བུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཞིང་དཀྱིལ་དུ་བཏབ་ན་ཞིང་བསྲུང་བར་བྱེད་དོ། །ཤིང་སར་བཅུ་གཉིས་མེར་བཏང་ལ་འབྲས་དང་འོ་ཐུག་དང། ཞོ་དང་སྦྲང་རྩི་དང ་མར་དང་སྦྱར་ལ་བླུགས་གཟར་དུ་བླུགས་ལ་ཞག་གསུམ་དུ་བསྲེག་ལུགས་སྟོང་རྩ་བརྒྱད་བྱས་ན་བདག་དང་གཞན་ཞི་བར་འགྱུར་རོ། །ཞག་བདུན་བྱས་ན་གྲོང་ཁྱེར་ཙམ་ཞི་བར་འགྱུར་རོ། །མངར་གསུམ་གྱི་སྦྱིན་སྲེག་ཞག་བདུན་དུ་བྱས ་ན་ཆར་ཕེབས་སོ། །བུར་བའི་ཉག་མ་ལ་སྒྲང་རྩི་ཞོ་དང་མར་གྱི་སྙུགས་པའི་སྦྱིན་སྲེག་ཉི་མ་གཅིག་ལ་སྟོང་རྩ་བརྒྱད་བྱས་ན་དེ་ལྟར་ཞག་བཅུའི་བར་ལ་བྱས་ན་དུས་མ་ཡིན་པར་འཆི་བ་རྣམས་ཞིའོ། །རྩཝ་དུར་བའི་སྦྱིན་སྲེག་ལན་འབུམ་བྱས ་ན་ཚེ་སྟོང་ཕྲག་ལྔ་ཐུབ་བོ། །སློངས་མོའི་ཟས་ཟ་ཞིང་སྔགས་འབུམ་ཕྲག་གཅིག་བཟླས་ཏེ། ཟླ་བ་གཟས་ཟིན་པའི་ཚེ་བ་ནག་མོའི་འོ་མ་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ནས་བྱུགས་ན་བཅུད་ལེན་དུ་འགྱུར་རོ། །ལོ་ལེགས་པ་དང་བུ་ཚ་འཕེལ ་པར་འདོད་ན་ཞོའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་པས་འགྲུབ་པར་འགྱུར་རོ། །ཕ་རོལ་གྱི་དཔུང་གི་གནོད་པ་ཉམས་པར་བྱེད་ན། ལྕགས་ཕྱེ་ཏིལ་མར་དང་སྦྱར་བའི་སྦྱིན་སྲེག་ལན་གསུམ་བྱས་ཏེ། རྒྱལ་མཚན་དང་དུད་ལ་བརྒྱ་རྩ ་བརྒྱད་བརྗོད་པས་འཕྱར་ཅིང་བུས་པས་རྒྱལ་མཚན་མཐོང་ཞིང་དུང་གི་སྦྲ་ཐོས་པས་ཕ་རོལ་གྱི་དམག་དཔུང་གིས་མི་ཚུགས་སོ། །གཞན་དུ་ལོངས་མ་སྤྱད་པའི་བུམ་པ་འབྲུ་དང་སྨན་དང་རིན་པོ་ཆེས་བཀང་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས ་ཁྲུས་བྱས་ན་བགེགས་ཀྱིས་ཟིན་པ་ལས་ཐར་རོ། །བྱིས་པ་བཀྲུས་ན་གདོན་གནོད་བཅོག་གིས་ཟིན་པ་ལས་ཐར་བར་འགྱུར་རོ། །སྨ་བྱའི་མཇུག་མ་ལ་ལན་སྟོང་རྩ་བརྒྱད་བརྗོད་ན་དུག་གོ་ཅོག་ཞི་བའོ། །སྐུད་པ་ལ་མདུད་པ་བདུན་བོར་ནས ་ལན་བརྒྱ་རྩ་བརྒྱད་བརྗོད་ནས་མགུལ་དུ་བཏགས་ན་རིམས་ནད་བསྲུང་ངོ། །ལམ་དུ་ཞུགས་པའི་ཚེ་རྡོ་རྗེ་ཅན་ལ་དམིགས་ཏེ་ལན་གསུམ་བརྗོད་ནས་སོང་ན་ཆོམ་རྐུན་གྱི་འཇིགས་པ་མི་འབྱུང་ངོ། །གྲུ་རྒལ་བའི་ཚེ་ཚུལ་ལན་བདུན་བརྗོད ་ནས་ཆུའི་ནང་དུ་གཏོར་ནས་ཆུ་རྒལ་ན་བདེ་བར་དོགས་སུ་ཕྱིན་ནོ། །ཡུངས་ཀར་ལ་སྟོང་རྩ་བརྒྱད་བཟླས་ནས་བདག་གི་དམག་འཁོང་པའི་ས་ལ་དང། མགོ་ལ་གཏོར་ན་དམག་རྒྱལ་བར་ངེས་སོ། །མངའ་སྔོན་པོ་ལ་སྟོང་རྩ་བརྒྱད་བརྗོད་ནས་ཕ? ་རོལ་གྱི་དམག་གི་ཁྱིམ་དུ་འཕངས་ན་ཕ་རོལ་གྱི་མཚོན་གྱི་ནུས་པ་ཉམས་པར་འགྱུར་རོ། །ཡིད་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ན་ཆོམ་རྐུན་གྱི་ནུས་པ་མེད་པའོ། །ལྕགས་ཀྱི་ཕུར་པ་ལ་ལན་སྟོང་བཟླས་ནས་དུར་ཁྲོད་དུ་བཙུགས་ན། མི་མ་ ་ཡིན་པ་ཐམས་ཅད་ཀྱི་གནོད་པ་དང་བྲལ་ཞིང་བཅིངས་པར་འགྱུར་རོ། །དེ་ཉིད་ཕྱུང་ན་འཐོར་བར་ངེས་སོ། །མཚམས་གཅད་པར་འདོད་ན་ཡུངས་ཀར་རམ་དུར་ཐལ་ལམ་ཆུས་བྱའོ། །ནད་པ་ལ་གདོན་དབབ་པ ་ནི་གུ་གུལ་ལ་ལན་ཉེར་གཅིག་བཟླས་ཏེ་བདུག་གོ་།ཆར་དབང་བ་དཀའ་ན་མདར་གསུམ་ཁྲག་དང་སྦྱར་བའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་པས་དབབ་པོ། །མངར་གསུམ་ཀ་ར་དང་བཅས་པའི་སྦྱིན་སྲེག་བྱས་ན་ཆར་པ་འཆད་དོ། །སེར་བ ་བཅད་པར་འདོད་ན་ཡུངས་ཀར་དང་ཏིལ་ནག་པོ་ལ་བཟླས་སོ། །སྤྲིན་བསྡུ་བར་འདོད་ན་སྲིན་པ་ལ་གྱི་མདུད་པ་ལ་བཟླས་སོ། །དེ་ལྟར་རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པའི་ལས་ཀྱི་བྱེ་བྲག་བཞི་བཅུ་རྩ་གཉིས་བཀོད་པ་ཡིད་བཞིན་ནོར ་བུ་འོད་འབར་བ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །གཟུངས་སྔགས་ཀྱི་སྦྱོར་བ་མ་གྲུབ་པ་རྣམ་པར་གྲུབ་པར་བྱེད་པའི་ལས་ཀྱི་མཛའ་རྫོགས་པར ་