CLOSE WINDOW

N2608: gzhon nu'i gdon bzhi las thar par byed pa'i man ngag
Wyliee-texts based on the ACIP/ALL Input

ཆུང་བས་དལ་གྱིས་བཅོའོ། །དེ་ནས་ཁྲུས་བྱས་དལ་གྱིས་བཏབ་པས་སྔ་མ་བཞིན་དུ་བྱས་ན། ལྷ་མ་ཡིན་གྱིས་གདོན་ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །། ་དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །གཞོན་ནུའི་གདོན་བཞི་ལས་ཐར་པར་འདོད་པས། སྔོན་དུས་དང་མཚན་ཉིད་ཤེས་པར་བྱས་ཏེ། འདི་ལ་ནམ་གྲུའི་གདོན་དང་ནམ་མཁའ་ལྡིང་གི་གདོན་དང། སྐེམ་བྱེད་དང་གཞོན་ནུ་དང་བཞི་སྟེ། གོ ་རིམས་ཀྱིས་བྲམ་ཟེ་དང། རྒྱལ་རིགས་དང། རྗེའུ་རིགས་དང་རྨངས་རིགས་ལ་གནོད་པར་བྱེད་དོ། །ཚེས་གཉིས་དང་བཅུ་གཅིག་དང་ཡར་ངོའི་ཚེས་ལྔ་དང། བཅུ་པ་ལ་འཇུག་གོ་།ཞུགས་པའི་མཚན་ཉིད་ནི། མིག་གྱེན་ལ་བལྟ་ཞིང ་མགོ་པོ་འཁོར་རིམས་དང་ལུད་པ་སེར་པོ་དབུགས་མི་བདེ་བ་ནི་ནམ་གྲུས་ཟིན་པའོ། །འདི་ནི་ལྷག་པར་རྒན་པ་དང་བྱིས་པ་གསོད་པར་བྱེད་པའོ། །མིག་ཐུར་ལ་ཕབ་སོ་བཅའ་རྔམ་པ་བརྩག་རིམས་ཀྱིས་བཏབ་པ་ནི་ནམ་མཁའ་སྡིང་ངོ། ། ་ལུས་འདར་ཞིང་ཁ་དབྱལ་རྔམ་ཞིང་སེམས་རྒོད། མགོ་འཕུར་ཞིང་དུ། རིམས་དང་འགྲོ་བར་བྱེད། བྱིས་པ་ལ་བཏབ་ནས་ཁ་ནས་དྲིང་བ་འབྱུང་བ་དང། ལུས་ལ་རྨ་དང་འབྲུམ་བུ་འབྱུང་བ་དང། ཚ་ཞིང་གདོད་མེ་དང་འདྲ་འཁྲུ་ཞིང ་སྐྱག་པ་དང། ནུ་མ་ལ་སོ་འདེབས་པ་དང་ལན་དྲངས་མང་དུ་བར་ཞིང་འདར། མིག་དམར་ལ་མཆུ་མུར་བ་ནི་རྐེམ་བྱེད་ཀྱིས་ཟིན་པའོ། །ལས་བྱས་པའི་ཚེ་རྐང་ལག་ཚིགས?་བཞིན་མིག་འཁོར་ཞིང་བལྟ་བར་བྱེད། མིག་ཡ་གཅིག་བཙུམ ་སྨིན་མ་གཡས་འདགས་པ་ནི་གཞོན་ནུ་བསྐྱང་བའི་མཚན་མའོ། །དེ་ལ་ཐར་པའི་ཐབས་ནི་སྔོན་དུ་གཏོར་མ་སྦྱིན་ནོ། །སྣུམ་ཁུར་དང་འབྲས་ཡོས་དང་འབྲས་ཆན་དང་ཤ་དང། ཆང་དང་ཏིལ་དང་ཕུ་ཤེལ་ཙེ་དང་འབྲས་ཀྱིའོ་ཐུག་དང། འགྲོན ་བུ་དང། གསེར་དང་ནང་བའི་གོས་དང་བཅས་བའི་བ་ལི་བ་ལང་གི་ན་འམ་ཤིང་སྐམ་པོའི་དྲུང་ངམ། མ་མོའི་ཁྱིམ་དུ་བ་ལི་དང་སྲོད་ལ་མེ་དང་བཅས་པ་སྦྱིན་ནོ། །དེ་ནས་ནད་པ་ལ་ཁྲུས་བྱས་ལ་ཀ་ཀོ་ལ་དང?་ར་མཉེ་དང། སེང་ཕྲོམ་དང་སྐྱེད ་བ་ཡུང་ང། ཀ་པི་ཏའི་ཁུ་བ། པ་ལ་ཤའི་ལོ་མ། སྦྲང་རྩི་དང་སེང་ལྡེང་སྙིང་པོ་ཚ་བ་གསུམ་དང་བཙོད་དང། ཤིང་དངར་རྣམས་ཆ་བསྙམས་ལ་རའི?་ཆུ་དང་ལྷན་ཅིག་ཏུ་བཏགས་ལ་དེ་ནས་མར་ཕུལ་བཞི་ཆུ་ཕུལ་བཅུ་དྲུག་དུ་བཅོས་ལ་མེ་ཆུང་བ་ལ ་བཙོས་ཁྲུས་བྱས་ལ་དེ་ལ་སྔགས་བཏབ་ལ། སྔ་མ་བཞིན་དུ་བྱས་ལ་གཞོན་ནུའི་གདོན་རྣམས་ལས་ཐར་བར་འགྱུར་རོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་ཅན་ལ ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་གདོན་ལས་ཐར་པར་འདོད་ན། སྔོན་དུས་དང་མཚན་ཉིད་ཤེས་པར་བྱ་སྟེ། བྲམ་ཟེ་རྒྱལ་རིགས་ཀྱི་མི་གཟུགས་བཟང་བ་དང་མཛེས་པ་ལ་མར་ངོའི་ཚེས་བཅུ་གསུམ་དང་ཡར་གྱི་ལྔ་ལ་སྐྱེད་མོས་ཚལ ་དང་འཇིག་རྟེན་པའི་ལྷ་རྟེན་ནམ་གྲོང་གི་མདུན་ས་རྣམས་སུ་འཛིན་པར་བྱེད་དོ། །ཞུགས་པའི་མཚན་མ་ནི་ཁྲོ་བ་མེད་པ། དུ་བ་འང་མེད། ཟས་ཟ་བ་ལ་རེམ། གཙང་སྦྲ་ལ་དགའ་ཞིང་མིག་ཚོགས་འཁྲུལ་པའོ། །དེ་དག་གསོད་ནི་ཟས ་སྣ་ཚོགས་པ་དང། ཤིང་ཏོག་དང། ཀྲི་ས་ར་དང་འབྲས་ཀྱིའོ་ཐུག་དང། ཤ་དང་ཏིལ་གྱི་ཟན་དང། གདུགས་སེར་པོ་དང། མཆོད་ཕྱིར་དང། སྐུད་པ་སེར་པོ་དང་འགྲོན་བུ་དང། གསེར་ལ་སོགས་ཏེ་རིན་པོ་ཆེ་སྣ་ཚོགས་པ་དང་བཅས ་པའི་གཏོར་མ་བྱང་ཕྱོགས་སུ་སྦྱིན་པར་བྱའོ། །དེ་ནས་ཁྲུས་བྱ་སྟེ་གྲོ་དང་ནས་དང་མོན་སྲན་དང། རྒྱ་སྲན་དང་འབྲས་བུ་གསུམ་དང། ཚ་བ་གསུམ་དང་ཡུངས་ཀར་དང། ཤུ་དག་དང་ཤིང་ཀུན་དང་རྩ་བ་ལྔ་དང་ཏིལ་གཉིས་དང་སྒོག་སྐྱ་རྣམས་ཆ ་