CLOSE WINDOW

N2590: gzhan gyi rig sngags bcad pa rgyun gcod spu gri zhes bya ba
Wyliee-texts based on the ACIP/ALL Input

ངེས་སོ། །བྱོལ་སོང་པ་ལ་པ་ཡང་མཚན་ཅན་བསྒྲུབས་ཏེ། བསྒྲུབ་བྱའི་སེམས་ལུས་ངག་སྐྲག་པར་འདོད་ན། གང་སྒྲུབ་པའི་མིག་གཡས་པ་དང། རྨིག་པའི་རྩེ་མོ་དང་སྦུ་དང་རས་དམར་པོའི་ཁུ་བ་དང། འདྲ?་སྣ ་བཅུ་གསུམ་གྱི་བྱེ?་དང་བསྲེས་ལ་གང་འདོད་པའི་གཟུགས་བྱས་ལ་སྤྱི་པོར་སེང་ལྡེང་གི་ཕུར་དུ་སོར་བཞི་པ་བཏབ་ལ་སའི་དོང་གྲུ་གསུམ་པའི་ནང་དུ་བཅུག་ལ། ཁ་སྤྲི་ཤིང་གིས་བཅད་ལ་པ་ནས་རྒྱུ་ཞགས་གྱིས་བཏབ་སྟེ། བདག་ཉིད་ཀྱིས ་བཟུང་ལ་སྔགས་འདི་ལ་ཞག་དགུ་བཟླས་སོ། །ོཾ་བཛྲ་བི་ད་ར་ཏི་ར་ཏི་སྭཱ་ལཾ་སྐེ་མཾ་སྐེ་མཾ་སྭཱཧཱ། ཞེས་བཟླས་ནས་རྒྱུ་མ་མགུལ་བའི་ཚེ་གཟའ་སྲང་ནས་འཐོན་པ་དང་བཏུན་ནས་བསྒྲུབ་བྱའི་ཁྱིམ་དུ་བསྐྱལ་ན་སྔ་མ་ལྟར་འགྲུབ་པར་ངེས་སོ།། ་འགལ་བ་སྐྲག་པར་བྱེད་པའི་ལས་སྣ་ཚོགས་པའི་ཆོ་ག་མགལ་པ་མེའི་འཁོར་ལོ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། ་གཞན་གྱི་རིགས་སྔགས་ཀྱི་ལས་རྒྱུན་གཅོད་པར་འདོད་པས། རྡོ་རྗེའི་དཀྱིལ་འཁོར་ལག་མཐིལ་གཡོན་པར་སྒོམས་ཏེ། རང་གི་ལུས་ཀྱི་ཡན་ལག་དང་ཉིད་ལག་བ་སྦུའི་བུ་ག་ཚུན་ཆོད་རྡོ་རྗེར་བྱིན་གྱིས་བརླབས་ལ། རྡོ་རྗེ་ལས་མེ་བྱུང་པས ་བསྐལ་པའི་མེའི?་ཚ་ཚ་འཕྲོ་བར་དམིགས་ལ་བསྒྲུབ་བྱའི་མིང་རུས་དུར་ཁྲོད་ཀྱི་རས་ལ་བྲིས་ལ་དེ་དུག་ཆང་གི་ནང་དུ་བཅུག་ཅིང། ཨོཾ་ས་ར་ས་ར་མ་ར་ཡ་བཛྲ་བི་དྷ་ར་ཡ་སྭཱཧཱ། ཞེས་བརྗོད་ཅིང་གྲིས་བཏུབས་ནས་དུར་ཁྲོད་དུ་རླུང་ལ་འཕྱར་ཞིང ་སྐུར་ལ་ཆེ་གེ་མོའི་རིག་སྔགས་ཀྱི་ལས་གཅད་དོ། །ཞེས་སྲད་བུ་ནག་པོ་གྲིས་བཅད་ཅིང་མེ་ལ་བསྲེག་གོ་།དེ་ལྟར་བྱས་ན་གདོན་མི་ཟ་བར་གཞན་གྱི་རིགས་སྔགས་ཀྱི་གནོད་པ་རྒྱུན་ཆོད་པར་ངེས་སོ། །གཞན་གྱི་རིག་སྔགས་བཅད་པ་རྒྱུན ་གཅོད་སྦུ་གྲི་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གཞན་གྱི་རིག་སྔགས་ཀྱིས་བྱས་པ་མནན་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག ་དང་ལྡན་པས། དུར་ཁྲོད་ཀྱི་གཡམ་པ་སྔོན་པོ་ལ་དུག་དང་ཁྲག་གིས་སྣ་ཚོགས་རྡོ་རྗེ་གྲིས་ལ་ལྟེ་བ་ལ་ཆེ་གེ་མོལ་རིག་སྔགས་ནན་ཞེས་པ་བྲི། རྭ་རྣམས་ལ་ལཾ་ནན་ཞེས་པ་བྲི། མུ་ཁྱུད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས ་ཐམས་ཅད་སྟཾ་?་ནན་ཞེས་པ་བྲི། དེ་ནས་ཞག་གཉིས་སམ་གསུམ་དུ་ཨ་མོ་ཀ་བཛྲ་ནན་ཨོཾ་ལཾ་ཨཾ་ལཾ་ཧཱུཾ་ལཾ་ཞེས་བཟླས་པས་ལམ་རྒྱ་གྲམ་དུ་མནན་པས་བསྐལ་པ་གཉིས་གུ་དེའི་རིག་སྔགས་ཀྱི་ནུས་པ་འབྱུང་མི་སྲིད་དོ། །གཞན་གྱི་རིག་སྔགས ་མནན་པ་གསེར་གྱི་རི་བོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས?་པ་ལ་ཕྱག་འཚལ་ལ། །ལས་ཐམས་ཅད་འཇོམས་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང ་ལྡན་པས། རང་ལྷའི་ང་རྒྱལ་དང་ལྡན་པའི་སྙིང་གའི་ས་བོན་ལས་འོད་བྱུང་སྟེ། རྣམ་པར་སྨིན་པའི་ལུས་བསྲགས་ཧཱུཾ་ལས་སླར་གསོས་།ཡེ་ཤེས་ཀྱི་ལུས་སུ་བླངས་ལ་ཡང་སྙིང་གའི་ས་བོན་ལས་འོད་འཕྲོས་པས། རང་གཞན་གྱི་དོན་རྫོགས ་པར་བས་ནས་བདག་ཉིད་ཀྱི་སྦྱི་པོའི་གཙུག་དུ་ནུབ་པས་སྐྱེ་བ་སྔ་ཕྱིའི་ལས་དང་བག་ཆགས་ས་བོན་གྱི་ཆ་ཙམ་ཡང་མེད་པར་དག་སྟེ་།དཔེར་ན་ཤེལ་གྱི་གོང་བུ་དང་འདྲ་བར་འགྱུར་རོ། །རྒྱུད་འདི་ཡི་དམ་དུ་བྱས་ཏེ་ཉིན་ཞག་རེ་ཉི་ཤུ་རྩ་གཅིག ་ཀླག་ཅིང་མཆོད་པ་ལྔ་ལ་རྟག་ཏུ་བྱས་ཤིང་ལས་ཀྱི་སྒྲིབ་པ་རྣམས་རྣམ་པར་དག་སྟེ། མ་ལུས་པར་འཇོམས་པ་ནི་དཔེར་ན་རྩཝའི་ཕུང་པོ་ལ་མེ་ཕྲ་མོས་བསྲེག་པ་བཞིན་ནོ། །ལས་ཐམས་ཅད་འཇོམས་པའི་ཡེ་ཤེས་འདུས་པའི་ཐོ་བ་ཞེས་བྱ་བ ་