| Wylie | e-texts based on the ACIP/ALL Input |
མེ་ཏོག་དང། བུམ་པ་ལ་སོགས་པ་སྔོན་དུ་བྱ་བའི་རིམ་པས་ཇི་ལྟར་རིག་པ་རྫོགས་པར་བྱས་ལ་བདག་ཉིད་ཀྱིས་ཁྲུས་གསུམ་རྫོགས་པར་བྱས་ལ་གོས་གསུམ་བརྗེ་ཞིང་ལྷག་པར་མོས་པའི་བསམ་གཏན་ལེགས་པར་ཡིད ་འཇུག་པར་བྱས་ལ། ཧཱུཾ་ལས་བྱུང་བའི་ཁྲོ་བོ་དབྱུག་པ་སྔོན་པོ་ཅན་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ་རིན་པོ་ཆེའི་དབྱུག་པ་དང། འཁོར་ལོ་དང་བུམ་པ་དང། སྡིགས་མཛུབ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གདུགས་སུ་བལྟ ་བར་བྱའོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བརྟན་པར་བདག་ཉིད་ཀྱི་སྙིང་གར་བསྡུས་ཏེ་ལས་དང་བག་ཆགས་ཐམས་ཅད་རྣམ་པར་སྤྱད་བར་བྱའོ། །དེ་ནས་ཡུངས་ཀར་ལ་སྔགས་འདི་ལན་བརྒྱ་རྩ་བརྒྱད་བསྔགས ་ཏེ། བུམ་པའི་ནང་དུ་ལེགས་པར་བླུགས་ལ་ཟླ་བ་གཅིག་ལ་ལན་བདུན་བདུན་དུ་བྱས་ན་བསྟན་པའི་སྙིང་པོ་ངེས་པར་འགྲུབ་པ་ནི་སྔགས་འདིས་བྱའོ། །ོཾ་མ་ཐ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཟླ་བ་བདུན་གྱི་བར་དུ་སྒྲུབས་ན་ཡིད་གཞུངས་ཤིང་དབང ་དང་ལྡན་པར་འགྱུར་རོ། །རྒྱུད་ཀྱི་བསྟན་པ་ཞེས་བྱ་བའི་ཚིག་ལེགས་པར་སྒྲུབ་པ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ལས་ཐམས་ཅད་ཇི་ལྟར ་སྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་མཎྜལ་དང་མེ་ཏོག་དང་བུམ་པ་དང་མཆོད་པའི་བྱེ་བྲག་རྣམས་བཤམས་ཏེ། བདག་ཉིད་ཀྱིས་བདུན་རྣམས་དག་ལ་སོགས་པ་བྱ་སྟེ། སྔོན་དུ་བྱ་བའི་རིམ ་པ་རྣམས་མ་ལུས་པར་བྱ་སྟེ། དེ་ནས་ཁྲུས་དང་ཉེ་རེག་ལ་སོགས་པ་རྣམས་བྱ་སྟེ། ཧཱུཾ་ལས་བྱུང་བའི་ཁྲོ་བོ་འདོད་པའི་རྒྱལ་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་རྡོ་རྗེ་དང་རལ་གྲི་དང་གཏུན་ཤིང་དང། ཞགས་པ་བསྣམས་པ་རབ་ཏུ་འཇིགས ་པ་ཆེན་པོའི་ང་རྒྱལ་དུ་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་ལེགས་པར་སྤྲུལ་ལ་འདོད་པའི་དོན་ལ་ལེགས་པར་གསོལ་བ་བྱས་ལ་ཉི་མ་དང་ཟླ་བ་གཟས་ཟིན་པའི་དུས་སུ། སིན་དྷཱུ་རའི་ཁུ་བ་ལ་སྔགས་འདི་སྟོང་གསུམ་བཟླས་ཏེ་བུམ་པའི་ཆུ་དང་ལུས་ལ་བྱུགས ་ན་ཇི་ལྟར་སྒྲུབ་པར་འདོད་པའི་དོན་ཐམས་ཅད་བརྟན་ཞིང་ཐོགས་པ་མེད་པར་འགྱུར་རོ། སྔགས་ནི། ཨོཾ་ཨུ་ཏ་ཧ་སི་ནཱ་ལ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །རྒྱུད་ཐམས་ཅད་ཐོགས་པ་མེད་པའི་ཚིག་ལེགས་པར་སྒྲུབ་པ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ ་རྫོགས་སོ།། །།དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ལ་ཡང་རྣམ་པར་རྒྱལ་བའི་འདོད་པའི་དོན་སྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་མཎྜལ་དང་མེ་རྟོག་དང ་མཆོད་པའི་ཡོ་བྱད་རྫོགས་པར་བྱས་ཏེ། ཁྲུས་ལ་སོགས་པ་བྱ་བའི་རིམ་པ་རྣམས་བྱས་ལ། ཧཱུཾ་ལས་བྱུང་བའི་ཁྲོ་བོ་པདྨ་འཁྱིལ་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་བེ་ཅོན་དང་སྡིག་མཛུབ་ཅན་གྱི་ཕྱག་རྒྱ་ཅན་དུ་རྣམ་པར་བལྟ་སྟེ། ་སྔགས་འདི་ཡིད་ཀྱིས་བརྒྱ་རྩ་བརྒྱད་བརྗོད་ན་འཇིག་རྟེན་པའི་མནའ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །ོཾ་སུ་བཛྲ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པས་ངེས་པར་འགྲུབ་བོ། །མནའ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་རྫོགས་སོ།། །། ་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྲེད་པའི་འདོད་པ་བསླང་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་བུམ་པ་ལ་སོགས་པ་རྫས་ཀྱི་རིམ་པ་སོགས་ལ། ཧཱུཾ་ལས་བྱུང་བའི་འདོད་པའི་རྒྱལ་པོ་སྐུ་མདོག ་སེར་པོ་ཞལ་གཅིག་ཕྱག་གཉིས་པ་རིན་པོ་ཆེ་དང་ལྕགས་ཀྱུ་འཛིན་པའི་ང་རྒྱལ་དུ་ལངས་ཏེ། སྔགས་འདི་ལན་བརྒྱ་རྩ་བརྒྱད་ཡིད་ཀྱིས་བརྗོད་ནས་ལྕགས་ཀྱུ་འཛིན་པའི་ལྟ་སྟངས་ཀྱིས་བལྟས་ན་ཚོང་ལས་རྒྱལ་བའི་དོན་དེས་པར་འགྲུབ་སྟེ་སྔགས ་