CLOSE WINDOW

N2574: snga ma dang da ltar dang phyi ma'i sdig pa ma lus pa las thar par byed pa 'phags pa rdo rje rnam par 'joms pa khrus kyi cho ga
Wyliee-texts based on the ACIP/ALL Input

དཔོན་མང་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་བུམ་པ་སྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས ་ཁང་ཡིད་དང་མཐུན་པར་ལ་གཞི་རྣམས་ལེགས་པར་མཉམས་ཏེ། བྱུག་སྤོས་ལ་སོགས་པ་རྣམས་ཀྱི་ཆག་ཆག་བཏབ་ལ་དཀྱིལ་འཁོར་ལ་བརྟེན་པ་དང་མཎྜལ་ལ་བརྟེན་པ་གཉིས་གང་མོས་སུ་བྱའོ། །དཀྱིལ་འཁོར་ལ་བརྟེན་ན་དཀྱིལ་འཁོར་གྱི་ཆོ་ག་དང་དབང ་བསྐུར་བའི་ཆོ་གང་ཞིན་བྱའོ། །མཎྜལ་ལ་བརྟེན་ན་ཁྲུ་གང་གི་མཎྜལ་སྔོན་པོ་ཟླུམ་ཞིང་དབུས་ཡིད་ཙམ་མཐོ་བ་ལ་ཆགས་ལེགས་བར་བྱ་ཞིང་མཉམ་པའི་སྟེང་དུ་བུམ་པ་གསེར་རམ་དངུལ་ལམ་ཟངས་སམ་ལྕགས་ལ་སྒྲུབ་པ་པོ་འབྱོར་པའི་ཁྱད་པར་གྱིས་བྱའོ།། ་དེ་ཡང་པད་མ་དམར་པོའི་མདོག་ལྟར་དམར་ཞིང་བྷུ་རུ་དང། མཚལ་བཟང་པོའི་མདོག་ལྟར་དམར་ཞིང་ནག་པོ་ར?་རི་མེད་ཅིང་ཤིན་ཏུ་འཇམ་པར་བྱའོ། །དེ་ཡང་ཚད་དང་ལྡན་པར་བྱ་སྟེ། ཞབས་ཀྱི་རྡུབ?་ཀྲོལ་དཔངས་སུ་སོར་གཅིག་གི་ཚད་དུ་བྱ། ་སྟེགས་ལ་སོར་གཉིས། ལྷོ་བ་ལྷུང་བཟེད་དང་འདྲ་བར་བྱ། མགྲིན་པ་ནི་དཔངས་སུ་སོར་བཞི་ཕྱིར་གྱེད་པ་ཁ་ཁྱེར་གྱི་འདབ་མ་ལ་སོར་གཉིས། མར་བཅལ་བ་ལ་ནས་གང་དཔངས་དེ་གང་མཉམ། ཁའི་བུ་ག་ནི་སོར་བཞིའི་ཚད་དུ་བྱའོ། །ལྟེ་བའི་ཚད་ནི་རབ་ལ་ཕུལ ་ཉི་ཤུ་རྩ་གཅིག་།འབྲིང་པོ་རྣམས་སུ་བཅུ་གཅིག་དང། བདུན་དང་བྲེ་གང་ཤོད་བར་བྱའོ། །ཐ་མ་ནི་ཕུལ་བཞི་དང་ཕུལ་གང་ཁྱོད་བཞི་ཤོད་བར་བྱའོ། །དེ་ལྟ་བུའི་བུམ་པ་ཆག་པ་དང། ཞོམ་པ་དང་གས་པ་དང། ནག་པོར་རི་དང། ཐག་ཐུག་མེད་པ་མཚན ་ཉིད་དང་ལྡན་པ་ནི་དབང་བསྐུར་འཇུག་པའི་རྐྱེན་དང་བྱིན་བརླབས་སུ་ངེས་པའོ། །དེ་ལྟ་བུའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་ཆུ་རབ་ཏུ་གཙང་མ་སྲོག་ཆགས་མེད་པས་བཀང་སྟེ། དུང་དང་ནོར་བུ་དང། མུ་ཏིག་མིག་མ་ཕུག་པ་དང། བྱུ་རུ་དང་གསེར་དང ་རིན་པོ་ཆེ་ལྔ་དང། གི་རི་ག་ནི་དང། སིང་ཧཱ་དང། བྱ་གྲི་དང། ས་ཧཱ་དང། ས་ཧཱ་དེ་བ་ལ་སོགས་ཏེ་སྨན་ལྔ་དང། ནས་དང་འབྲས་དང། མོན་སྲན་གྲེའུ་དང། གྲོ་དང་ཏིལ་ཏེ་འབྲུ་ལྔ་དང། ཙན་དན་དང། ག་པུར་དང། གུ་གུལ་དང། གླ་རྩི་དང། སྤོས་སྦྱར་མ་སྟེ ་དྲི་ལྔ། ཀ་ར་དང། པུ་རམ་དང། སྦྲང་རྩི་དང། མར་དང། ལན་ཚྭ་ལ་སོགས་ཏེ་སྙིང་པོ་ལྔ་དང། མན་ཤེལ་དང་རྡོ་རྗེ་དང། མེ་ཏོག་དམར་པོ་རབ་ཏུ་དྲི་ཞིམ་པ་རྣམས་ཀྱང་བླུགས་ལ། དེ་ནས་དྲི་དང་ལྡན་པའི་ཆུ་ལ་སྔགས་བཟླས་ལ་བུམ་པ་བསངས་ཏེ། ཙན ་དན་དམར་པོ་ལ་སོགས་པའི་དྲི་ཞིམ་ཞིང་བཀྲ་ཤིས་པའི་རྫས་གང་ཡང་རུང་བས་ལྷ་རྣམས་ཀྱི་མཚན་མ་ལེགས་པར་བྲིས་ལ་རས་དམར་པོ་དྲི་མ་མེད་པ་མགུལ་པ་བཅིང་ངོ། །ཀུ་ཤ་དང་ཤུག་པ་ལ་སོགས་པའི་ཤིང་ལོ་མ་ཅན་མེ་ཏོག་དང་འབྲས་བུར་ལྡན ་པས་ཁ་བརྒྱན་ལ་ཚོན་སྣ་ལྔའི་རས་སྐུད་དྲིལ་ཏེ་མདུད་པ་བྱས་ལ་དེའི་སྟེང་དུ་བ་དམར་མོའི་ལྕི་བས་རྒྱས་བདབ་སྟེ། རྩཝ་དུར་བ་ཉག་མ་བདུན་དང་རྨ་བྱ་བདུན་བཞུག་གོ་།དེ་དག་གི་སྟེང་དུ་རིན་པོ་ཆེའི་སྣོད་ཆུང་ཞིང་མཛེས་པའི་ནང་དུ་ཡུངས་ཀར་དང་ཏིལ་དཀར་པོ་དང ་ཨ་ལ་ཀའི་ཕྱེ་མ་རྣམས་བླུགས་ལ་བཞག་གོ་།དེ་དག་མ་བླུགས་པའི་གོང་དུ་ནི་གུ་གུལ་ལ་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཨོཾ་ཨ་མྲི་ཏེ་ཧཱུཾ་ཕཊ་ཅེས་བརྗོད་ལ་བདུག་པར་བྱའོ། །དེ་ནས་སྒྲུབ་པ་པོ་བདག་ཉིད་ཀྱིས་གོས་གསར་པ་གྱོན་ཏེ། ལག་པ་གཡོན་པའི ་མཐིལ་དུ་ཆུ་གཙང་མ་བླུགས་ལ་དེ་ཉིད་ཨ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དུ་དམིགས་ལ་གཡས་པའི་སོར་མོ་གསུམ་རྡོ་རྗེ་རྩེ་གསུམ་པར་དམིགས་ཏེ། ཨོཾ་ཤོ་ད་ན་ཏེ་ཨོཾ་ཤ་ཏ་ན་ཡེ་སྭཱཧཱ། ཞེས་བརྗོད་པས་གཡས་དང་གཡོན་དང། དབུས་སུ ་གཏོར་ལ་དེ་ནས་གཡས་པའི་སྲིན་ལག་ཆུ་ནང་དུ་བཅུག་ལ། དེ་ཉིད་ལ་ཉི་མའི་དཀྱིལ་འཁོར་དུ་དམིགས་ལ་བདག་ཉིད་ཀྱིས་ཧུབ་གསུམ་བཏུང་ངོ། །དེ་ལྟར་ཉེ་རེག་དང་འཐོར་འཐུང་བྱས་ལ་བདག་ཉིད་ཁྲོ་བོ་ཏི་རིན་ཏི་རིའི་གཟུངས་ཀྱིས་ལངས་ལ་ཧཱུཾ་ཧཱུཾ་ཞེས ་བརྗོད་པས་རྐང་པ་གཡས་པ་རྡོ་རྗེ་གཡོན་པ་ཕུར་པར་དམིགས་པ་དང། མིག་གཡས་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་འཕྲེད་ལ་ཉལ་བ་དམིགས་གཡོན་པ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དམིགས་ལ་རབ་ཏུ་སྡང་བའི་མིག་གིས ་བགེགས་རྣམས་ལ་དབང་ལྡན་ནས་བརྩམས་ཏེ། ཕྱོགས་བཅུར་ཁྱབ་པར་བལྟས་ཏེ། ཧཱུཾ་ཞེས་བརྗོད་པས་རྡོ་རྗེའི་རྩིག་པ་དང། རབ་དང་དྲ་བ་དང། གུར་དང། ས་གཞིའི་དམིགས་པར་བྱས་ལ་ཕུར་བུ་དང་ཐོ་བ་ཐོགས་པས་ཀྱང་མཚམས་གཅད་པར་བྱའོ།། ་ད་ནས་ཕུར་བུའི་ཡུངས་ཀར་བླངས་ཏེ། ཨོཾ་བནདྷ་བནདྷ་ཀྲོ་དྷ་ཀཱི་ལི་ཀཱི་ལི་ཡ་ཧཱུཾ་ཕཊ། ཅེས་བརྗོད་པ་དང་བགེགས་བསྐྲད་ཡང་བདུད་རྩི་ཐབས་སྦྱོང་དུ་དམིགས་ཏེ། ཧཱུཾ་ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉའི་ལས་མཛད་པ། ། ་ཁྲོ་ཆེན་བདུད་རྩི་འཁྱིལ་པ་ཡི། །ཡུངས་ཀར་དག་ལ་མངོན་པར་སྔགས། །ཕྱོགས་རྣམས་ཀུན་དུ་གཏོར་བྱས་ན། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག་།དེ་ནས་བདུད་རྩི་ཐབས་སྦྱོར་གྱི་སྔགས་བརྗོད་ཅིང། ཕྱོགས་མཚམས་ཀྱི ་སྔགས་བརྗོད་ཅིང་གཏོར་ལ་བསྐྲད་དེ། །ནད་པ་ལ་བྱེད་ན་གོང་གི་དཀྱིལ་འཁོར་གྲུ་བཞི་པ་དང་ལྡན་པའི་ས་ཉིད་ལ་དབུས་སུ་ཁྲུ་ངོ་ཁྲུས་བྱེད་པའི་ས་སྣ་ཚོགས་པས་བཀང་ལ་བཞག་གོ་།དེ་ནས་སྔགས་པ་བདག་ཉིད་ཀྱིས་ཁྲུས་བྱ་སྟེ། བུམ་པའི་ནང་དུ་དཀྱིལ ་འཁོར་གྱི་ལྷ་ཚོགས་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ཏེ། དེ་ནས་ལག་པའི་སོར་མོའི་ནང་དུ་བསྣོལ་ཏེ་ཁུ་ཚུར་བཅངས་ལ་མཐེ་བོང་དང་གུང་མོ་དང་མཐེའུ་ཆུང་རྣམས་བཤིབས་ཏེ་བསྒྲེངས་ལ་ནས་རེ་རེ་ལས་མ་རེག་པར་བྱས་ལ། ན་མོ་རཏན་ཏྲ་ཡཱ་ཡ། ན་མ(རྒྱུད་འགྲེལ་པ་ཎ་ཡེ། མཧཱ?་ཡཀྵ་སེ་ན་པ་ཏ་ཡེ་བཛྲ་བོ་དྷ་ར་ན་ཡ་སྭཱཧཱ། ཞེས་པས་རྡོ་རྗེ་རྣམ་འཇོམས་ཀྱི་སྐུ་མདོག་ཕྱག་མཚན་གསལ་བར་དམིགས་ལ། བུམ་པའི་ནང་དུ་པཾ་ཡོངས་སུ་གྱུར་པ་ལས། བདུད་རྩི་ལྔའི་ཆུ་རྒྱུན་དག་ལས་པདྨ་དཀར་པོའི་ཟ་འབྲུ་དང། སྡོང་པོར་བཅས་པ ་དམིགས་ལ་དེ་ཉིད་ཀྱི་ལྟེ་པ་ལ་ཉི་མ་དང་ཟླ་བ་དང་པདྨའི་གདན་ལ་བཞུགས་པར་དམིགས་ལ་དེ་ནས་དཀྱིལ་འཁོར་གྱི་ཆོ་ག་ལས་འབྱུང་བ་བཞིན་དུ་ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་དང། སྔགས་བརྗོད་ཅིང་སྤྱན་དྲང་ངོ། །དེ་ནས་མཆོད་ཡོན་ལན་བདུན་ནམ་ལན ་ཉི་ཤུ་རྩ་གཅིག་གམ་སུམ་ཅུ་རྩ་ལྔ་དབུལ་ལོ། །ཡང་ལྷ་རེ་རེའི་དམ་ཚིག་གི་ཕྱག་རྒྱས་སྤྱན་དྲངས་སྔགས་བརྗོད་ཅིང་དེ་དག་རེ་རེ་ལ་ཡང་མཆོད་པ་ལྔ་ལྔ་དབུལ་ལོ། །དེ་ནས་ཕྱོགས་སྐྱོང་རྣམས་ཀྱི་ཕྱག་རྒྱས་སྤྱན་དྲང་བ་ནི། ལངས་ཏེ་རྐང་པ་གཡས་པ་བརྐྱད ་བའི་ཚུལ་གྱིས་ལག་པ་གཡོན་པ་རྡོ་རྗེའི་ཕྱག་རྒྱ་བསྟན་ཏེ། གཡས་པ་རྡོ་རྗེའི་ཕྱག་རྒྱ་སྟ་ཟུར་དུ་བཞག་པར་བྱ་སྔགས་ནི། ཨོཾ་ཧ་ན་ཧ་ན་བྷི་ཏ་བཛྲ་ཧཱུཾ་ཕཊ། ཡང་གཡས་གཡོན་བརྐྱང་བའི་ཚུལ་གྱིས་ལག་པ་གཡས་པའི་མཛུབ་མོ་ལྕགས་ཀྱུ་ལྟར་བསྐྱེད་དོ། ། ་གཡས་པ་བརྒྱ་བྱིན་གྱིའོ། །ཡང་མེའི་ཕྱོགས་སུ་བལྟས་ཏེ། ལེག་པ་གཡས་པ་བརྐྱང་ལ་རྐང་པ་གཉིས་མཉམ་བར་བྱས་ལ་མཛུབ་མོ་བཀུག་སྟེ། རྩེ་མོ་གུང་མོའི་ཚིགས་གསུམ་པར་གཟུགས་སོ། །སྔགས་ནི། ཨོཾ་བཛྲ་ན་ལ་མཧཱ་བུ་ཏ་ཛཝ་ལ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚན ་ཧཱུཾ་ཕཊ། མཐེ་བོང་མཐིལ་དུ་སྦྱར་ཏེ་བརྟན་པོར་བཞག་ལ་གཡབས་པ་ནི་སྤྱན་དྲང་བའོ། །མཛུབ་མོ་མཐེ་བོང་བཙུགས་ཏེ་ཕྱིར་དྲག་ཏུ་བརྐྱང་བ་ནི་སླར་བཏང་བའོ། །གཤིན་རྗེའི་ཕྱོགས་སུ་བལྟས་ཏེ་བསྒྲེངས་ལ་བསྟིམས་པ་མདུན་དུ་བཞག་ལ་སོར་མོ་ཕན་ཚུན་བསྣོལ་ཏེ་ཁུ ་ཚུར་དམ་དུ་བཅངས་ལ་སྲིན་ལག་བཤིབས་ཏེ་བསྒྲེངས་ལ་སྙིང་གར་བཞག་པར་བྱའོ། །སྔགས་ནི་ཨོཾ་བཛྲ་ཀི་ལ་བནདྷ་བནདྷ་ཧ་ན་ཧ་ན་ཧཱུཾ་ཕཊ། སྲིན་ལག་གཉིས་བཤིབས་གཡས་པས་ནང་དུ་བཟློག་པ་ནི་སྤྱན་དྲང་བའོ། །ནང་དུ་བཟློག་པ་དེ་ལས་ཕྱིར་བྱུང་སྟེ་བཤིབས་པ་དེ ་ནི་སླར་བཏང་བའོ། །བདེན་བྲལ་གྱི་ཕྱོགས་སུ་བལྟས་ཏེ་རྐང་པ་མཉམ་པར་བཞག་ལ། ལག་པ་གཡས་པ་ཁུ་ཚུར་བཅངས་པ་ལས་མཛུབ་མོ་དང་གུང་མོ་གཉིས་རལ་གྲི་འདྲ་བར་བཤིབས་ཏེ་བསྒྲེངས། ལག་པ་གཡོན་པ་ཡང་དེ་ལྟ་བུའི་ཚུལ་གྱིས་ཤུགས་འདྲ་བར་སྟ་ཟུར ་གཡོན་དུ་བཞག་པར་བྱའོ། །སྔགས་ནི་རི་ཏེ་རཀྵ་དྷི?་པ་ཏ་ཡེ་སྭཱཧཱ། གཡོན་པའི་མཛུབ་མོ་བཀུག་སྟེ་གཡས་པས་སྤྱན་དྲང་བའོ། །ཕྱིར་བསྐྱོད་དེ་སླར་བཀྲོལ་བར་གཤེགས་སུ་གསོལ་བའོ། །ཆུ་ལྷའི་ཕྱོགས་སུ་བལྟས་ཏེ་རྐང་པ་མཉམ་པར་བཞག་ལ། གཡས་པ་ཁུ་ཚུར ་བཅངས་ནས་མཐེ་བོང་དང་མཛུབ་མོ་ཞགས་མིག་ལྟར་བྱ། གཡོན་ཀྱང་དེ་ལྟར་བྱ་སྟེ་སྙིང་གར་བཞག་གོ་།སྔགས་ནི་ཨོཾ་ན་ག་བཛྲ་ཨ་ན་ཡ། སརྦ་དྷ་ན་བྱ་བཛྲ་ཧི་ར་ཎྱ་སརྦ་ན་ར་སྨ་ནི་མུག་ཏ་ལ་ཀ་ར་དྷི་ནི་སརྦ་ག་ར་ཎ་ནི་ཙ། ཛ་དྷ་ར་ས་མ་ཡ། མ་ནུ ་སྨ་ར། ཨ་གནདྷ?་ཨ་བནདྷ། བནདྷ་བནདྷ། ཧ་ར་ཧ་ར་ནན་མཧཱ་ཙེ་ཏ་ཧཱུཾ་ཕཊ། གཡོན་པའི་མཛུབ་མོའི་ལྕགས་ཀྱུ་གཡབས་པ་ནི་སྤྱན་དྲང་བའོ། །ཕྱིར་བསྐྱོད་དེ་སླར་བཀྲོལ་བ་ནི་སླར་བཏང་བའོ། །རླུང་ལྷའི་ཕྱོགས་སུ་བལྟས་ཏེ་རྐང་པ་བཤིབས་ཏེ་བསྒྲེངས་ལ་གཡོན་པའི་ཁུ་ཚུར ་བཅངས་ལ། གུར་མོ་བསྒྲེངས་པའི་ཚིགས་དང་པོར་མཛུབ་མོ་བཀུག་པ་ཐིང་ཐོ་གཙུགས་ལ་གཡས་པ་དེ་ལྟར་བྱ་སྟེ་སྟ་ཟུར་གཡས་སུ་བཞག་གོ་།སྔགས་ནི། ཨོཾ་བཛྲ་ཨ་ན་ལི་མཧཱ་བཻ་ག་ཨ་ན་ཡ་སརྦ་དུཥྚན་ཧཱུཾ་ཕཊ། མཛུབ་མོ་དེ་ཉིད་སྤྱན ་དྲངས་པ་དང་སླར་བཏང་པར་བྱའོ། །ཀུ་བེ་རའི་ཕྱོགས་སུ་བལྟས་ཏེ་རྡོ་རྗེ་བཅིངས་པ་ནང་དུ་བཟློག་ནས་མཐེའུ་ཆུང་བཤིབས་ཏེ་བརྐྱང་བའི་སྐབས་སུ་སོ་སོའི་སྲིན་ལག་སྦྱར་བར་བྱའོ། །སྔགས་ནི། ཨོཾ་ཀུ་བེ་ར་ཡཀྵེ་ཌི་པ་ཧ་ཡེ་སྭཱཧཱ། གུང་མོ་གཉིས་རྡོ་རྗེ་ལྟར་བཀུག ་སྟེ་གཡབས་པ་ནི་སྤྱན་དྲང་བའོ། །དེ་ཉིད་ཀྱིས་བསྐྱོད་པ་ནི་སླར་བཏང་བའོ། །དབང་ལྡན་ཕྱོགས་སུ་བལྟས་ཏེ། བསྒྲེང་ལ་སྙིམ་པ་དཀན་ལ་སྲིན་ལག་མཐེ་ཆུང་བཀུག་སྟེ་བསྣོལ་ལ་གུང་མོ་གཉིས་བཤིངས་ཏེ་བསྒྲེངས་པའི་རྒྱབ་ལོགས་སུ་མཛུབ་མོ་གཉིས་རྡོ་རྗེ་ལྟར ་བྱ། མཐེ་བོང་གཉིས་བར་དུ་བཤིབས་ཏེ་བཞག་གོ་།སྔགས་ནི། ཨོཾ་དྷི་ཧཱུཾ་བིནདྷ་བཛྲ་ཤུ་ལ་སྭཱཧཱ། མཛུབ་མོ་གཉིས་སེན་མོ་མི་སྤྲད་པར་ནང་དུ་གཡབས་པ་ནི་སྤྱན་དྲང་བའོ། །ཕྱིར་བསྐྱོད་དེ་བཀྲོལ་བ་ནི་སླར་གཤེགས་པའོ། །འོག་ཏུ་བལྟས་ཏེ་ལག་པ་གཉིས་པདྨ ་ལྟར་བྱ་སྟེ། སྤྱན་དྲང་བ་དང། སླར་བཏང་བ་ཡང་ནང་དུ་གཡབས་པ་དང་ཕྱིར་བཀྲོལ་བའོ། །སྔགས་ནི། ན་མ་ས་མནྟ་བུད་དྷ་ནན། ཨོཾ་པྲི་ཏི་བྱ་སྭཱཧཱ། སྟེང་གི་སྙིང་པོ་ལག་པ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་བཤིབས་ཏེ་སྤྱི་བོར་གཞག་པར་བྱའོ། །སྤྱན་དྲང ་པ་དང་སླར་བཏང་བ་ནང་དུ་དང་ཕྱིར་བཀྲོལ་པའོ། །སྔགས་ནི། ན་མ་ས་མནད་བྷུ་ཏ་ནན། ཧེ་ཤྭ་རྒྱ་པྲ་ཏ་ཛཧཡོ་ཏིར་མ་ཡ་སྭཱཧཱ། དེ་ནས་མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་པ་དབུལ་ལོ། །གཏོར་མ་ནི་འབྲས་ཆན་ཞོ་དང་སྦྱར་བ་དང། དྲི་བསྲུང་དང་ལྡན་པའི ་ཤིང་ཏོག་ཁུར་བ་ལ་སོགས་པས་མཆོད་དོ། །ཆང་དང་ཤ་དང་ཁྲག་གིས་ནི་མ་ཡིན་ནོ། །དེ་དག་གི་འཁོར་གྱི་གདོན་རྣམས་ལ་ནི་ཤ་ཆད་དང་འབྱུང་པོའི་ཁ་ཟས་སུ་སྦྱིན་ནོ། །དེ་ནས་ཚོན་སྣ་ལྔ་ཡི་སྐུད་པ་གསར་བ་ཤིན་ཏུ་མཉམ་པ་ལ་དྲི་དང་ལྡན་པའི་གུ་གུལ་ལ ་སོགས་པ་གཏོར་མ་བྱ་སྟེ། བུམ་པའི་མགུལ་པ་ལ་བཏགས་ལ་རྡོ་རྗེ་ལ་བསྟོད་ལ་བཞག་གོ་།དེ་ནས་ཤུགས་པ་ལ་སོགས་པའི་དྲི་དང་ལྡན་པའི་ཤིང་ལ་སྦྱིན་སྲེག་ཀྱང་བྱ། །དེ་ནས་བདག་ཉིད་ཀྱིས་ཁྲུས་བྱ་སྟེ། གོས་གསར་པ་གྱོན་པ་ལ་དཔྲལ་པ་ལ་དྲིའི་ཐིག་ལེ་བྱས་ལ ་སྔགས་པ་གཡོག་བཞི་དང་ལྡན་པས་གཟུངས་ཐག་བཞི་ཕྱོགས་བཞིར་འཐེན་ལ་རྒྱུད་རྫོགས་པ་བརྒྱ་བརྒྱ་ཀླགས་ཏེ་ལྔ་བཅུའི་བར་དུ་མཆོད་པ་ལྔ་དབུལ། བརྒྱ་རྫོགས་པ་ལ་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་བཟླས་པ་བྱ་སྟེ། བུམ་པའི་ལྷ་ལ་ཡེ་ཤེས་སེམས ་དཔའ་བསྟིམ་སྟེ། ལྷ་སོ་སོའི་ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་ནས་ཙམ་པ་ཁ་མེད་པའི་ལྟེ་བ་སྔགས་བརྒྱས་གང་མོས་ཀྱི་འཁོར་བར་དམིགས་ལ་བདག་ཉིད་སྙིང་པོ་བསྡུས་པ་ལ་བཟླས་པ་བྱས་པས། དེ་ཉིད་ལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའ་ཨི་ཐུགས ་ཀའི་ས་བོན་ལས་འོད་འཕྲོས་པས་ལྷ་འོད་དུ་ཞུ། དེ་ཉིད་ལ་སྔགས་ཀྱི་སྒྲ་བྱུང་བས་ཡེ་ཤེས་ཀྱི་བདུད་རྩི་བབས་པ་གཉིས་སུ་མེད་པར་བསྟིམ། བདག་གི་ལྕེའི་སྟེང་དུ་ཡང་ཡེ་ཤེས་ཀྱི་རྡོ་རྗེ་ནས་ཙམ་གྱི་སྦུག་མ་ནས། སྔགས་ཀྱི་རང་སྒྲ་གྱུར་བས་བདག་དང ་སེམས་ཅན་གྱི་དོན་བྱས་ཕྱི་རོལ་གྱི་སྣང་བ་རྣམས་ཀྱང་སྔགས་ཀྱི་རང་སྒྲ་བྱུང་བས་གདུག་པའི་ཚོགས་རྣམས་ཚར་བཅད་པར་བྱས་པའོ། །དེ་ལྟར་དམིགས་པ་གསུམ་དང་མི་འབྲལ་བར་བྱས་པས་བདག་དང་སྒྲའི་དངོས་པོ་ཐམས་ཅད་སྒྲའི་བསམ་གཏན་དང་མི ་འབྲལ་བ་ནི་དོན་གྱི་མན་ངག་གོ་།ཡུངས་ཀར་ལ་སྔགས་བཟླས་ཏེ་བུམ་པར་བླུགས་པས། ལྷ་རྣམས་ཀྱི་སྟེང་གི་རྡོ་རྗེ་ལ་ཡེ་ཤེས་ཀྱི་བདུད་རྩི་བབས་ལ་དམིགས་པ་དང། ཡང་ན་མེ་ཏོག་རབ་ཏུ་དྲི་ཞིམ་པ་ལ་སྔགས་བཟླས་བ་བུམ་པར་བླུགས་ལ་ལྷ་རྣམས་ཀྱི ་སྤྱན་ལམ་དུ་མཆོད་པའི་སྤྲིན་རབ་ཏུ་མཛེས་ཤིང་རྒྱ་ཆེ་བར་དམིགས་པས། དངོས་གྲུབ་ཐམས་ཅད་བདག་ལ་སྟེར་བར་དམིགས་སོ། །དེ་ལྟར་སྙིང་པོ་བསྡུས་པ་ལ་བརྒྱ་འམ་སྟོང་ངམ་ཁྲིའམ་འབུམ་མཾ་རང་ཇི་ལྟར་དམིགས་པར་བཟླས་ལ། སློབ་མ་ཁྲུས་བྱས ་ཏེ་གོས་གསར་པ་དྲི་མ་མེད་པ་གྱོན་ཏེ་གསུམ་ལ་སྐྱབས་སུ་འགྲོ་བ་དང། སེམས་བསྐྱེད་པ་ལ་སོགས་པ་བྱ་སྟེ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད ་པ་འབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །མྱ་ངན་མི་འདའ་གསོལ་བ་འཚལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དོན་དམ་ཀུན་རྫོབ་རང་བཞིན་གྱིས། །སྡོམ་པ་མ་ལུས་བདག་གིས་གཟུང། །མ་བསྒྲལ་བ་རྣམས་བསྒྲལ་བགྱིས་ནས། །མ་རྒལ ་བ་རྣམས་བརྒལ་བྱས་ཏེ། །དབུགས་མ་ཕྱིན་པ་དབུགས་དབྱུང་སྟེ། །སེམས་ཅན་མྱ་ངན་འདས་ལ་དགོད། །འགྲོ་བའི་དགེ་ལ་རྗེ་ཡི་རང། །ཀུན་ཀྱང་སེམས་ཅན་དོན་དུ་བསྔོ། །ཞེས་བརྗོད་ལ་རྡོ་རྗེ་ལག་ཏུ་བྱིན་ལ་དབུགས་དུ་བྱུང་སྟེ། དབུ་རྒྱན་གོན་ལ་གཟེངས ་བསྟོད་ལ་དཀྱིལ་འཁོར་གྱི་ཤར་སྒོ་ནས་སྤང་ལེང?་ཀྱི་སྟེང་ནས་ལམ་སྟོན་ལ་དབུས་སུ་ཁྲུས་བྱས་ཏེ། ཡེ་ཤེས་ཀྱི་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་མང་པོར་སྤྲུལ་ལན་མཁའ་ནས་བདུད་རྩིའི་ཆུ་རྒྱུན་ཕབ་པས་ཕྱི་ལུས་ཀྱི་སྡུག་བསྔལ་དང། ནང་སེམས་ཀྱི་སྡུག ་བསྔལ་དང། མི་མཐུན་པའི་རྨི་ལམ་སུམ་ཅུ་རྩ་གཉིས་ལ་སོགས་པ་རྨིས་པ་དང། མྱ་ངན་དང་སེམས་ལས་སུ་མི་རུང་བའི་མི་བདེ་བ་རྣམ་པར་དག་པར་དམིགས་པར་བྱས་ལ། ཚིགས་སུ་བཅད་པ་འདི་དག་ཀྱང་བརྗོད་པར་བྱའོ། །ེ་མའོ། །ཁྲུས་མཚོག? ་འདི་ནི་དཔལ་དང་ལྡན། །རྡོ་རྗེའི་ཁྲུས་ནི་བླ་ན་མེད། །རྡོ་རྗེ་ཡེ་ཤེས་ཁྲུས་འདི་ཡིས། །བཀྲ་ཤིས་བུམ་པ་ལ་བརྟེན་ནས། །སྡུག་བསྔལ་ཐམས་ཅད་མེད་བར་བྱེད། །བདེ་བ་ཕུན་སུམ་ཚོགས་པར་གནས། །མ་གྲུབ་པ་རྣམས་གྲུབ་པར་བྱེད། །འདོད་པ་ཐམས ་ཅད་རབ་ཏུ་སྦྱིན། །དཔལ་ལྡན་ཡེ་ཤེས་མཆོག་གི་ཁྲུས། །རྒྱལ་མཆོག་དམ་པ་སྦྱིན་པར་བྱའོ། །ཞེས་པས་ཀྱང་ཁྲུས་བྱའོ། །དེ་ནས་བཀྲ་ཤིས་ཀྱི་རྫས་བརྒྱད་ཀྱིས་སློབ་མ་བཀྲ་ཤིས་པར་བྱ་བའི་ཕྱིར་ཡུངས་ཀར་དང་ཞོ་དང། རྩཝ་དུར་བ་དང། ལི་ཁྲི་དང། དུང ་དང། བིལ་བའི་འབྲས་བུ་དང། མེ་ལོང་དང། འགི་ཝང་རྣམས་རིམ་པས་སྦྱིན་ནོ། །བྲབ་པ་དང། བྱབ་པ་དང། དྲིལ་བ་དང། སྦྱོར་བ་དང། རྡེག་པ་ལ་སོགས་པ་ཡང་བྱའོ། །དེ་ལྟར་ཁྲུས་རྟག་ཏུ་བྱས་ན་རྒྱལ་པོ་རྣམས་བསོད་ནམས་རྒྱས་པ་དང། གདོན་ཞིང ་དང། ཕ་རོལ་གྱི་སྡེ་རྣམས་དབང་དུ་གྱུར་པ་དང། རྒོལ་བ་རྣམས་ཚར་གཅོད་པར་འགྱུར་ལ་དེ་བཞིན་དུ་བློན་པོ་དང། བུ་འདོད་པ་དང་བྱང་སྟེམས་ཀྱིས་འཇིགས་པ་དང། ཕ་རོལ་གྱི་གམག་གིས་འཇིགས་པ་དང། གཟའ་དང། རྒྱུ་སྐར་དང། ནད་དང་མུ་གེས་འཇིགས ་པ་དང། དེ་འཛིན་འཇིགས་པ་ཆེན་པོ་བརྒྱད་དང། ནོར་འགྲིབ་པ་དང་ལོངས་སྤྱོད་འདོད་པ་དང། འཁོར་དང་ཚེ་རིང་བར་འདོད་པ་དང། དབང་ཐང་རྒྱས་བར་འདོད་པ་དང། སྐྲག་དང་གཟི་མདངས་འདོད་པ་དང། སྟོབས་དང་ནུས་པ་དང་གྲགས་པ་དང། དཔལ་དང་དབང ་ཕྱུག་དང། གཟུགས་འདོད་པ་དང། ནོར་འདོད་པ་དང། འབྲུ་འདོད་པ་དང། ཟས་འདོད་བ་དང། གོས་དང་རྒྱན་དང། བཞོན་པ་དང། ལྷ་ཉེ་བར་འདོད་པ་དང། གདོན་བརླག་བར་འདོད་པ་དང། སྡིག་པ་མ་ལུས་པ་དག་པར་འདོད་པ་རྣམས་ཀྱིས་རྟག་ཏུ་ཁྲུས་བྱས་ན་འདོད ་པའི་དོན་ནི་ཇི་ལྟ་བ་བཞིན་དུ་འགྲུབ་པར་ངེས་སོ། །དེའི་ཕྱིར་ན་མི་མཐུན་པའི་ཕྱོགས་མཛའ་དག་ལས་ཐར་བར་བྱེད་པས་ན་སྔོན་བྱུང་དུ་རྒྱལ་པོ་ལ་སྨོན་པ་དང། ཡང་ན་རྒྱལ་པོ་བསོད་ནམས་ཆེ་བའི་ཕྱིར་སྨོས་ཏེ། རྒྱལ་པོ་རྟག་ཏུ་ཁྲས་གྱིས་ཤིག་ཅེས་འགྲོ་བ ་མིའི་དཔོན?་ཡིན་པས་སྨོས་སོ། །སྔ་མ་དད་ད་ལྟར་དང་ཕྱི་མའི་སྡིག་པ་མ་ལུས་པ་ལས་ཐར་པར་བྱེད་པ་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་ཆོ་ག་།སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། །། ་