CLOSE WINDOW

N2571: rgyu skar nyi shu rtsa brgyad kyi dbang bskur ba'i dkyil 'khor gyi cho ga rdo rje go cha ma zhes bya ba
Wyliee-texts based on the ACIP/ALL Input

སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར། མེ་ཏོག་སལ་མ་བཀྲམ ་ལས་ཆོ་ག་ལ་སོགས་པ་སྔོན་དུ་སོང་བས་རྒྱུ་སྐར་རྣམས་ཀྱི་དཀྱིལ་འཁོར་བཞེངས་ཏེ་དབུས་པདྨ་འདབ་བརྒྱད་ལ་དཀར་པོ་ལྟེ་བ་སྔོན་པོ། མུ་ཁྱུད་པདྨའི་ཕྲེང་བས་མཛེས་པར་བསྐོར་བ། ཁྱམས་དམར་པོ་ལ་ཤར་ནས་བརྩམས་ནས་སྣ་ཚོགས་ཡིད་དུ་འོང ་བའི་ཁང་བུ་བདུན་བདུན་གྱིས་བསྐོར་བ་སྒོ་བཞི་མུ་ཁྱུད་སྣ་ཚོགས་སྐར་མའི་འོད་འཁྲུག་པ་བྲིའོ། །དེ་ནས་གཙོ་བོའི་མཚན་མ་དང། པདྨ་རྣམས་ལ་གཟའ་བརྒྱད་ཀྱི་མཚན་མ་དང། ཁང་བུ་རྣམས་སུ་ཤར་ནས་བརྩམས་པ་སྟེ། མདུང་དང་མངའ་བོ་ཆ་དང ་འཁོར་ལོ་དང་བཏུན་ཤིང་དང། ཕུབ?་དང་རལ་གྲི་དང། རྔ་ཡབ་དང། མེ་དང་ཆུ་དང། ས་དང་རླུང་དང། རྒྱལ་མཚན་དང་སྦུད་པ་དང། རྡོ་ལྗོད?་དང་མེ་ལོང་དང། བསེ་ཁ་སྦྱར་དང། དངུལ་གྱི་ཕྲེང་བ་དང། ཞགས་པ་དང། མདའ་དང་ལྕགས་ཀྱུ་དང། སིན་དྷུ་པའི ་སོལ་བ་དང། སེང་གེ་དང་ཝ་དང། བྱི་ལ་དང། གླང་པོ་དང། བྱ་རྒོད་དང། རི་སྐྱེགས་དང། རྨ་བྱ་རྣམས་བྲི་བར་བྱའོ། །དེ་ནས་བུམ་པ་ཉི་ཤུ་རྩ་དགུ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སོ་སོའི་མཚན་མ་དྲི་སྣ་ཚོགས་པས་བཏབ་ལ་ཕྱོགས་སུ་བཞག་གོ་། ་ཕྱོགས་མཚམས་རྣམས་སུ་ཕུར་བུས་འཁོར་བར་བཞག་གོ་།དེ་དག་གི་བར་བར་དཱུང་ཚོན་སྣ་ཚོགས་པའི་སྐུད་པས་སྦྲེལ་ལོ། །བདུག་སྤོས་ལ་སོགས་པའི་མཆོད་པའི་ཡོ་བྱད་ཅི་འབྱོར་བཤམ་མོ། །དེ་ནས་གཟའ་རྒྱུ་སྐར་གྱི་གཏོར་མ་དང། ཕྱོགས་སྐྱོང ་རྣམས་ལ་གཏོར་མ་ཚུལ་བཞིན་དུ་བཤམ་མོ། །དེ་ནས་ཡན་ལག་བདུན་པ་སྔོན་དུ་སོང་བས་སོ་སོའི་བུམ་པར་སྔགས་དང་ཕྱག་རྒྱས་བསྐྱེད་དོ། །ཤར་གྱི་བུམ་པ་དང་པོ་ནས་བརྩམས་ཏེ་དཀར་པོ་ཞལ་གཅིག་ཕྱག་སྟོང?་ལྡན་པ་ཕྱག་རྣམས་ན་མདུལ?་བསྣམས་པ། ཞལ ་ནས་བདུད་རྩིའི་རྒྱུན་འབབ་པ། ཁྱི་དཀར་ལ་ཞོན་པ་བསྐྱེད་དོ། །དེའི་འོག་སྐུ་མདོག་འདྲ་བ་ལ་སྣར་མ་མདོག་སེར་ལྗང་ཕྱག་ན་མདའ་བོ་ཆེ་ཉ་ལ་ཞོན་པ། མགོ་མདོག་དཀར་སྨུག་འཁོར་ལོ་སྲེ་མོ་ལ་ཞོན་པ། ལག་མདོག་དཀར་བ་གཏུན་ཤིང་བསྣམས་པ་གླ?་ཡང? ་ཞོན་པ། ནབས་སོ་མདོས་དཀར་སེར་ཕྱག་ན་ཕུབ་ཁྱུད་ལ་ཞོན་པ། རྒྱལ་རལ་གྲི་།སྐག་རྔ་ཡབ་བསྣམས་པ་རྟ་ལ་ཞོན་པ་བསྐྱེད་དོ། །ལྷོ་ཕྱོགས་སུ་མཆུ་མགོ་སེར་བ། ལག་པ་བརྒྱ་སྟོང་གྲངས་མེད་པ། རིན་པོ་ཆེའི་རྒྱན་རྣམས་ཀྱིས་བརྒྱན་པ་ཕྱག?་རྣམས་ན ་མེ་བསྣམས་པ་བྱ་བ་ཞོན་པ་བསྐྱེད་དོ། །གྲེ་མདོག་སྔོ་སྐྱ་ཕྱག་རྣམས་ན་ཆུ་གླང་ལ་ཞོན་པ། སྐུ་མདོག་དམར་སྐྱ་ཕྱག་རྣམས་ན་ས། སྟག་ལ་ཞོན་པ། མེ་བཞི་མདོག་དཀར་པོ་ཕྱག་ན་རླུང། རིན་པོ་ཆེ་སྣ་བཞིའི་ཁྲིལ་གནས་པ། ནག་མ་མདོག་ནག་པ་ཕྱག་རྣམས ་ན་རྒྱལ་མཚན། གཡག་ལ་ཞོན་པ། ས་རི་མདོག་སེར་པོ། ཕྱག་ན་སྦུད་པ། གསེར་གྱི་བ་དན་ལ་བཞུགས་པ། སག?་མདོག་དུད་ཁ་ཕྱག་རྣམས་ན་རྡོ་ལྗོང་གདེངས་པ། སྦྲུལ་ཞོན་པ་བསྐྱེད་དོ། །ནུབ་དུ་གཟི་བརྗིད་ཆེན་མོ་མདོག་དམར། ཕྱག་རྣམས་ན་མེ་ལོང ་གློག་ལ་ཞོན་པའོ། །སྣརོན་མདོག་སེར་སྐྱ་ཕྱག་རྣམས་ན་བསེ་ཁ་སྦྱར་དྲེད་ལ་ཞོན་པ། ཁྲུམས་སྐུ་མདོག་དམར་སེར་ཕྱག་རྣམས་ན་དངུལ་གྱི་ཕྲེང་བ་རླུང་ལ་ཞོན་པ། ཆུ་སྟོང་མདོག་སྔོན་མོ་ཕྱག་རྣམས་ན་ཞགས་པ་འབྲུག་ལ་ཞོན་པའོ། །ཆུ་སྨད་མདོག་ལྗང་སྔོན? ་ཕྱག་རྣམས་ན་བ་དན་བསྣམས་པ། ཅེ་སྤྱད་ལ་ཞོན་པ། གྲོ་བཞིན་མདོག་སྨུག་པོ་ཕྱག་རྣམས་ན་ལྕགས་ཀྱུ་བསྣམས་པ། སེང་གེ་ལ་ཞོན་པའོ། །བྱི་བཞིན་མདོག་དམར་སྐྱ་ཕྱག་རྣམས་ན། སིན་དྷུ་དའི་སོལ་བ་ཝ་ལ་ཞོན་པ། བྱང་དུ་མོན་གྲུ་མདོག་ལྗང་གུ ་ཕྱག་རྣམས་ན་སེང་གེ་དཀར་མོ་དོམ་ལ་ཞོན་པའོ། །མོན་དྲེ་མདོག་མཐིང་ག་ཕྱག་རྣམས་ན་བེང?་མོ་སྤྲིན་ལ་ཞོན་པའོ། །ཁྲུམས་སྟོད་མདོག་ལྗང་སེར་ཕྱག་རྣམས་ན་བྱི་ལ་ཁྲ་མོ་བསྣམས་པ་དང་པ་ལ་ཞོན་པའོ། །ཁྲུམས་སྨད་མདོག་ལྗང ་སྔོན་ཕྱག་རྣམས་ན་གླང་སྔོན་པོ་བསྣམས་པར་ལ་ཞོན་པ། ནམ་གྲུ་མདོག་མཐིང་ག་ཕྱག་རྣམས་ན་བྱ་རྒོད་སེར་པོ་བུམ་པ་ལ་ཞོན་པའོ། །ཐ་སྐར་མདོག་ལྗང་དམར་ཕྱག་ན་རི་སྐེགས་ཁྲ་མོ་རྔ་མོ་ལ་ཞོན་པའོ། །བྲ་ཉེ་མདོག་དུད་སེར་རིན་པོ་ཆེའི་རྒྱན་སྣ་ཚོགས ་པས་བརྒྱན་པ། ཕྱག་བརྒྱ་སྟོང་ན་རྨ་བྱ་སྔོན་མོ་བསྣམས་པ། ཞལ་གཅིག་པ་ཞལ་ནས་བདུད་རྩིའི་རྒྱུན་འབབ་པ་རུས་སྦལ་ཞོན་པ་བསྐྱེད་དོ། །དེ་དག་ཀྱང་ས་བོན་ཀུན་ལས་བྱུང་པ་འོད་ཟེར་བརྒྱ་སྟོང་དཔག་ཏུ་མེད་པ་འཕྲོ་བ་བསྐྱེད་དོ། །སྔགས་ནི་ཨོཾ་ས་སྭཱཧཱ། ་ཨོཾ་ལཾ་སྭཱཧཱ། ཨོཾ་རྟ་སྭཱཧཱ། ཨོཾ་ཕ་སྭཱཧཱ། ཨོ་ཀེ་སྭཱཧཱ། ཨོཾ་མཾ་སྭཱཧཱ། ཨོཾ་གྷུ?་སྭཱཧཱ། ཨོཾ་ཁཾ་སྭཱཧཱ། ཨོཾ་ཉེ་སྭཱཧཱ། ཨོཾ་སི་སྭཱཧཱ། ཨོཾ་ཡེ་སྭཱཧཱ། ཨོཾ་འུ་སྭཱཧཱ། ཨོཾ་ཨི་སྭཱཧཱ། ཨོཾ་གི་སྭཱཧཱ། ཨོཾ་ར་སྭཱཧཱ། ཨོཾ་རུ་སྭཱཧཱ། ཨོཾ་བྷ་སྭཱཧཱ། ཨོཾ་ཏེ་སྭཱཧཱ། ཨོཾ་རཾ་སྭཱཧཱ། ཨོཾ་རི་སྭཱཧཱ། ཨོཾ ་དཾ་སྭཱཧཱ། ཨོཾ་ཁྲི་སྭཱཧཱ། ཨོཾ་སྨ་སྭཱཧཱ། ཨོཾ་ལཾ་སྭཱཧཱ། ཨོཾ་ཤཾ་སྭཱཧཱ། ཨོཾ་དྷ་སྭཱཧཱ། ཨོཾ་ན་སྭཱཧཱ། ཨོཾ་ཉ་སྭཱཧཱ། ཞེས་གོ་རིམས་ཀྱིས་སོ་སོའི་ཡེ་ཤེས་སེམས་དཔའ་རྣམས་བསྟིམས་ལ། བུམ་པ་ཞལ་གྱི་བདུད་རྩི་ཆུ་བོའི་རང་བཞིན་དུ་དམིགས་སོ། །དེ་ནས་མཆོད་པ ་དང་བསྟོད་པའི་བྱེ་བྲག་ཅི་རིགས་པར་བྱས་ལ། ཇི་ལྟར་འདོད་པའི་དོན་ལ་གསོལ་བ་བཏབ། དེ་ནས་སློབ་མ་གོས་སར་པ་གྱོན་ལ་ཁྲུས་ནས་སྟོན་ལ་དཀྱིལ་འཁོར་དུ་གཞུག་པ་དང། མེ་ཏོག་ཕོག་པའི་ལས་ཀྱི་ལྷ་ངོ་བསྟན་པ་དང་དབང་བསྐུར་བར་བྱའོ། །དེ ་ནས་གཏོར་མའི་ཆོ་ག་རྒྱས་པར་བྱའོ། །གཏོར་མ་ཆུ་ཀླུང་ཆེན་པོར་བསྐྱལ་ལོ། །དཀྱིལ་འཁོར་བསྡུ་ཞིང་སློབ་མ་བུམ་པའི་ཆུ་ཡིས་ཁྲུས་བྱ་ཞིང་བཀྲ་ཤིས་གསོལ་བ་དང། ཚོགས་ཇི་ལྟར་རིགས་པར་བསག་གོ་།རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བའི ་དཀྱིལ་འཁོར་གྱི་ཆོག་རྡོ་རྗེ་གོ་ཆ་མ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སེམས་ཅན་གང་དག་སྟོབས་དང་ཡོན་ཏན་འཕེལ་བར་འདོད་པས། ་