| Wylie | e-texts based on the ACIP/ALL Input |
ཞི་བར་ཤེས་བྱ་སྟེ། །ནང་གི་སྦྱིན་སྲེག་དམ་པ་ཡིན། །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོག་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་ག་ཞེས ་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་མཎྜ་ལ་ཤྲཱི་བི་དྷི་ན་མ(རྒྱུད་འགྲེལ་དག་པར་མཛད་པ་སྟེ། །རྣམ་པར་འཇོམས་པ་ཁྲོ་བོ་རྣམས་ཀྱི་རྗེ་བཙན་ཉིད། །དཔལ་ལྡན་ཡིད་ཁྲོས་ལོག་ལྟ་གཅོད་པའི་དཔལ། །རྡོ་རྗེ་བསྣམས་པ་ལས་འཇོམས་འཇིག་བྱེད་པའི། །ལེའུ་ཡི་གྲངས་ལས་ངེས་པའི་སྙིང་པོ་སྟེ། །བརྒྱ་རྩ་བརྒྱད་ཀྱི ་རྩ་བར་འདི་གསུངས་ཐོག་མའོ། །དེ་ཉིད་དཀྱིལ་འཁོར་ཆོ་ག་ལས་ཀྱི་རིམ་པ་ཉིད། །འདི་ཉིད་དུ་ནི་རྣམ་པར་བཤད་པར་བྱའོ། །ས་ཡི་ཆོ་ག་གོ་རིམས་ལྟར། །གཞན་གྱི་ལས་ཀྱི་རིམས་པར་དབྱེ། །ས་སྟེགས་འདོམ་གང་གྲུ་བཞི་ལ། །ཕྱོགས་མཚམས ་མ་ནོར་ལེགས་པར་མཉམ། །འཁྲུལ་པ་མེད་པའི་བློ་ཡིས་བྱ། །དཔངས་སུ་ཆག་གང་བརྩིགས་པར་བྱ། །སྲད་བུ་མཉམ་ལྡན་གསུམ་བསྒྲིལ་ལས། །བྱིན་གྱིས་བརླབ་ཏེ་གཡས་ནས་གདབ། །ཆ་ཆེན་ཆ་བྲན་མཁས་པས་དབྱེ། །ཚོན་སྣ་ལྔ་ཡི་ཕྱེ ་མ་ལ། །བྱིན་གྱིས་བརླབ་ལ་ལེགས་པར་དགོད། །དང་པོ་པདྨ་འདབ་བརྒྱད་ལ། །གཉིས་པའི་ཆ་ལ་འཁོར་ལོ་བརྒྱད། །མུ་ཁྱུད་རྡོ་རྗེ་རྭ་བ་དང། །གྲུ་ཆད་སྣམ་བུ་གཉིས་པ་དང། །སྒོ་དང་སྒོ་ཁྱུད་ལྡན་པ་བྲི། །དེ་ཉིད་ཁ་དོག་ངེས་པར་ནི། །པདྨ་དཀར་པོ་འཁོར ་ལོར་དམར། །མུ་ཁྱུད་གཞི་མ་དཀར་པོ་ལ། །རྡོ་རྗེ་རྣམས་ནི་ལྕགས་དང་མཚུངས། །གྲུ་ཆད་གཉིས་ནི་ལྗང་གུ་ལ། །སྣམ་བུ་དང་པོ་སེར་པོ་སྟེ། །དེ་བཞིན་གཉིས་པ་དཀར་པོ་ཆེ། །སྒོ་བཞི་སོ་སོའི་རིགས་དང་སྦྱར། །ལྷ་རྣམས་སོ་སོའི་ཕྱག་མཚན་ནི། །སོ་སོའི ་གནས་སུ་དགོད་པར་བྱ། །དེ་ནས་སློབ་མ་དབང་བསྐུར་བའི། །དགོས་པ་དག་ནི་ཚང་བ་ལ། །དཀྱིལ་འཁོར་སྒྲུབ་པའི་རྫས་ཉིད་ནི། །སེང་ལྡེང་ཕུར་པ་སོར་བརྒྱད་པ། །བཞི་པ་ཕྱོགས་ཀྱི་བཟླས་པ་བྱ། །དཀྱིལ་འཁོར་གྱིས་ནི་ངོས་བཞིར་གདབ། །ཚོན་སྣ་ལྔ་ཡི ་སྐུད་པས་སྒྲེལ། །གསེར་དངུལ་ཟངས་ལྕགས་བུམ་པ་ཉིད། །ཚད་དང་ལྡན་པ་དག་པ་ལ། །གཙང་མའི་གས?་ཀྱིས་དཀྲིས་ཤིང་དགང། །འབྲས་བུ་འདབ་མར་ལྡན་པ་ཡི། །ཁ་བརྒྱན་ལྡན་པ་ལྔ་ཉིད་ལ། །སོ་སོའི་མཚན་མ་བཏབ་ལ་བཞག་།ལས་ཀྱི་བུམ་པ་ ་སྣ་ཚོགས་པའི། །རྡོ་རྗེ་རྒྱ་གྲམ་དེ་བཞིན་ནོ། །སྒྲུབ་པ་བདག་ཉིད་མདུན་དུ་ཡང། །མཆོད་པའི་ཡོ་བྱད་ཅི་འབྱོར་བཤམ། །ཉ་དང་བུ་རམ་སྲན་ཆུང་འབྲས། །ཁྲེ་དང་ཚེ་ལ་སོགས་པ་ཡི། །གཏོར་མ་གསུམ་ནི་གཡས་ནས་བཞག་།དེ ་ནས་ཕྱི་ནང་ཁྲུས་བྱས་ཏེ། །གཙང་མའི་གོས་ནི་རབ་གོན་ལ། །དྲི་ཞིམ་རྫས་ནི་མུར་བཞིན་དུ། །སེམས་བསྐྱད་པས་ན་གཞན་དོན་མཆོག་།བདུན་པོ་ཡོངས་སུ་དག་པར་བྱའོ། །དེ་ནས་བསྲུང་བའི་འཁོར་ལོ་ཉིད། །ཇི་ལྟར་དམིགས་པ་མཁས་པས ་བསྒོམ། །དྲི་ཆབ་བྱིན་གྱིས་བརླབས་ལ་བཞག་།ཧཱུཾ་ཧཱུཾ་ཞེས་པས་རྔམ་པ་དང། །ོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཞེས་པས། །གཡས་བརྐྱང་བའི་གར་གྱིས་ནི། །གཡོན་བརྐྱང་སྟབས་ཀྱིས་གཡོན་ནས་བསྐོར། །བགེགས་རྣམས་བསྐྲད་པའི་སྦྱོར་བ་བྱ། །ཕྱོགས་བཅུའི་ཁྲོ་བོ་ཏི ་པ་ཡིས། །ང་རྒྱལ་ལྡན་པས་བསྲུང་དང་བཅིང། མཚམས་ལ་སོགས་པ་མཁས་པས་གཅད། །དེ་ནས་ལྷ་རྣམས་བསྐྱེད་པ་ནི། །དཀྱིལ་འཁོར་དབུས་ཀྱི་ལྟེ་བའི་སྟེ། །ཧཱུཾ་ཡིག་སྔོན་པོའི་འཕྲོ་འདུ་ལས། །མཆོད་དང་དོན་གཉིས་རྫོགས་པར་བྱས། །འདུས་པས་གཙོ་བོའི་ཕྱག་མཚན ་ནི། སྣ་ཚོགས་རྡོ་རྗེའི་ངོས་གཅིག་མེད། །དབུས་སུ་རྣམ་པར་བསམ་པར་བྱ། །དེ་རྗེས་སྔགས་འདི་རྣམ་པར་བརྗོད། །ན་མོ་རཏན་ཏྲ་ཡཱ་ཡ། ན་མ(རྒྱུད་འགྲེལ་ཉིད་དམ་ཚིག་ཕྱག་རྒྱ་ནི། །ལག་གཉིས་རྡོ་རྗེ་བཅིངས་པ་ལས། །གུང་མོ་གཉིས་ནི་བཞིབས་ནས་བསྒྲེང། །གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་སྟེ། །བསངས་སྔགས་འདི་ཡི་ལེགས་པར་ནི། །བྱང་ཤར་མཚམས་སུ་གཤིན་རྗེའོ། །ོཾ་ཨ་མན་ཏ་ཀ་ཡ་སྭཱཧཱ། །ཡང་སྙིང་ལག ་གཉིས་སོར་མོས་དགོད། །སྙིང་གར་རྩེ་མོ་སྤྲད་པ་ཡང། །ོཾ་ཨ་ནན་ཏེ་སྭཱཧཱ། །ཞེས་པས་ཤར་དུ་མཛའ་ཡས་བསྐྱེད། །གཡོན་པ་ཁུ་ཚུར་དཀུར་བསྟེན་པ། །གཡས་པ་ནུ་མའི་ཐད་དཀར་བཟུང། །ོཾ་ཨ་མྲི་ཏེ་ཨ་མྲི་ཏེ། །བ་རེ་ཧཱུཾ་ཞེས་པས་ཤར་ལྷོར་བདུད་རྩི་འཁྱིལ་བ ་བསྐྱེད། །ལག་གཉིས་ཁུ་ཚུར་བཅངས་པ་ལས། །གཡོན་པའི་མཐེ་བོང་སྦྲེལ?་བྱས་ལ། །ོཾ་སུཾ་བྷ་ནི་ཀི་ར་བན་དྷ་རི་སྭཱཧཱ། ཞེས་པས་ལྷེ་རུ་གནོད་མཛེས་བསྐྱེད། །ལག་གཉིས་ཁུ་ཚུར་བཅངས་པ་ལས། །མཛུབ་མོ་གཉིས་ཀྱིས་སྲིན་ལག་མནན། །གུང་མོ་སོར་མོ་མཐེའུ ་ཆུང་བསྒྲེང། །ོཾ་བྷི་ན་ཏེ་བཛྲ་ཀྲོ་དྷ་ན་ཀྲོ་དྷ་སྭཱཧཱ། །ཞེས་པས་ལྷོ་ནུབ་སྔོན་མཐོན་བསྐྱེད། །སྔ་མའི་ཕྱག་རྒྱ་ལྟ་བུ་ལ། ཨོཾ་ཧ་ཡ་གྲཱི་བ་སྭཱཧཱ། ཞེས་པས་ནུབ་དུ་རྟ་མགྲིན་བསྐྱེད། །གཡོན་པའི་ཁུ་ཚུར་བཅངས་པ་ལས། །གཡས་པའི་ཁུ་ཚུར་གཉིས་སྒྲེངས?་ལ། །ོཾ་ཨ ་པ་རི་ཛ་ཏ་ས་ཏི་སྭཱཧཱ། །ཞེས་པས་ནུབ་བྱང་གཞན་གྱིས་མི་ཐུབ་སྐྱེད། །ལག་གཉིས་ཁུ་ཚུར་བཅངས་པ་ལས། །མཐེ་བོང་མཐེའུ་ཅུང་གུང་མོ་ནི། །གཤིབས་ཏེ་སོ་སོར་བསྒྲེངས་བྱས་ལ། །ོཾ་བཛྲ་པཱ་ཎི་བྷ་ན་པ་ཏི་སྭཱཧཱ། ཞེས་བྱས་བྱང་དུ་གཏུམ་པོའི། །དེ་ནས་སོ་སོའི ་ཕྱག་རྒྱ་བསྐྱེད། །གཡོན་པའི་ཁུ་ཚུར་བཅངས་པ་དང། །གཡས་པ་བཅངས་ཏེ་སྤྱི་བོར་བཞག་།ལག་གཉིས་ཁུ་ཚུར་སྙིང་གར་རྩེག་།གཡས་པའི་མཐེའུ་ཆུང་གཡོན་པས་གཅང། །ལག་གཉིས་བརྡེགས་པའི་ཚུལ་དུ་བྱ། །དེ་ལྟར་རིམ་པ་ངེས་པ་ཡིས། །གྲུ་ཆང་ལ ་ནི་གོ་རིམས་བ་བཞིན། །སྔགས་འདི་རྒྱལ་ཆེན་བཞི་རིམ་པར་གསལ་བར་བསྐྱེད་པར་བྱའོ། །ོ་ཌཧྲི?་ཊ་ར་ཊ་ཡེ་སྭཱཧཱ། ཨོཾ་བི་རུ་ཌཏ་ཀ་ཡེ་སྭཱཧཱ། ཨོཾ་བི་རུ་བྷཱཀྵ་ཡེ་སྭཱཧཱ། ཨོ་བི་ཙ་ར་ཡེ་སྭཱཧཱ། ཞེས་པ་རྒྱལ་པོ་བཞི་རུ་བསྐྱེད། །དེའི་ཕྱི་རིམ་སྣམ་བུ་ལ། །བཀྲ་ཤིས་ལྷ ་མོ་བརྒྱད་པོའོ། །དེའི་ཕྱི་རིམ་སྣམ་བུ་ལ། །ཕྱོགས་སྐྱོང་བ་ནི་དེ་བཞིན་ནོ། །སྒོ་བཞིར་སྒོམ་གཞན་དང་མཐུན། །དེ་དག་སྐུ་མདོག་ཕྱག་མཚན་ནི། །གཙོ་བོའི་སྐུ་མདོག་ལྗང་སེར་ལ། །གཡས་པ་རྒྱ་གྲམ་ཕྱོགས་དེ་ནི། །ཐུགས་ཀར་བཟུང་སྟེ་གཡོན་པ་ཡང། །བུམ་པ་སྐུ ་ལ་བརྟེན་པའོ། །ཡང་ན་ཕྱག་གཉིས་བུམ་པ་ནི། །སྣ་ཚོགས་རྡོ་རྗེས་ཁ་བཅང་ལ། །ཕྱག་གཉིས་བཟུང་སྟེ་ཐུགས་ཀར་འཛིན། །མཛའ་ཡས་ཞལ་གསུམ་སྐུ་མདོག་མཐིང། །ཕྱག་དྲུག་ངེས་མེད་མཚོན་ཆ་ལ། །གཡོན་གྱི་འོག་མ་རྩེ་དགུ་ནི། ཐུགས་ཀར་འཛིན་ལ ་ངེས་པའོ། །བདུད་རྩི་འཁྱིལ་པ་སྐུ་མདོག་དམར། །ཞལ་དང་ཕྱག་གཉིས་སྔར་འདྲ་ལ། །འོག་མ་རྡོ་རྗེ་རྒྱ་གྲམ་འཛིན། །གནོད་མཛེས་མདོག་སེར་སྔར་བཞིན་ལ། །འོག་མས་ཐོ་བ་ཐུགས་ཀར་འཛིན། །མི་གཡོ་བ་ནི་ལྗང་གུ་ལ། །རྡོ་རྗེ་དབྱུག ་ཐོ་ཐུགས་ཀར་འཛིན། །རྟ་མགྲིན་དམར་པོ་པདྨ་འཛིན། །གཞན་གྱིས་མི་ཐུབ་སྔོན་པོ་ལ། །རིན་ཆེན་འབར་བ་ཐུགས་ཀར་འཛིན། །གཏུམ་པོ་སྨུག་ནག་རྩེ་དགུ་འཛིན། །གཤིན་རྗེ་སྔོན་ནག་ཞལ་གསུམ་པ། །ཕྱག་དྲུག་ངེས་མེད་མཚོན་ཆ་ལ། །འོག་མ་གཉིས་པོས་བེ ་ཅོན་འཛིན། །དེ་ནས་གྲུ་ཆང་རྒྱལ་པོ་བཞི། །དཀར་སེར་དམར་དང་ལྗང་གུ་ལ། །བེ་ཅོན་པི་བང་ཆུ་སྲིན་དང། །རིན་པོ་ཆེའི་ངོང?་རྩེའོ། །ལྷ་མོ་རྣམས་ཀྱི་སྐུ་མདོག་ནི། །གསལ་བྱེད་མ་ནི་སྔོན་མོ་ལ། །ཞལ་གཅིག་ཕྱག་གཉིས་དཔལ་བེའུ་འཛིན། །དབྱངས་ཅན་མ་ནི ་དཀར་མོ་ལ། །རང་རྟགས་གཡས་པ་འཁོར་ལོའོ། །མདངས་ཅན་སེར་མོ་པདྨའོ། །འོད་ལྡན་མཐིང?་ག་རྒྱལ་མཚན་ནོ། །སྐྱེས་ཆེན་དམར་མོ་གདུབ་བུ་འཛིན། །དྲི་མེད་མ་ཡ་དམར་མོ་ལ། །རང་རྟགས་གཡས་པ་བུམ་པ་འཛིན། །ཡང་བཟང་ལྗང་གུ་བུད་དུང ་འཛིན། །ཡིད་གཞུངས་ལྗང་སེར་གཡུང་དྲུང་འཛིན། །ཕྱོགས་སྐྱོང་རྣམས་ཀྱི་སྐུ་མདོག་ནི། །བརྒྱ་བྱིན་དཀར་ལ་རྡོ་རྗེ་གདེངས། །མེ་ལྷ་དམར་པོ་རིན་ཆེན་ཕྲེང་གཤིན་རྗེ་མཐིང་ག་དབྱུག་ཐོ་རྣམས། །བདེན་བྲལ་ལྗང་གུ་རལ་གྲིའོ། །ཆུ་ལྷ་དམར་པོ་ཀླུ ་ཞགས་བསྣམས། །རླུང་ལྷ་དུད་ཁ་བེ་ཅོན་འཛིན། །གནོད་སྦྱིན་སེར་པོ་རིན་ཆེན་འཛིན། །དབང་ལྡན་དཀར་སེར་ཏྲི་ཤུལ། །ཉི་ཟླ་དཀར་པོ་ཨུ་དུམ་འབར། །ས་ཡི་ལྷ་མོ་སེར་མོ་ལ། །ཕྱག་ན་རིན་ཆེན་བུམ་པ་བསྣམས། །སྒོ་མའི་ཕྱག་མཚན་སྐུ་མདོག་ནི།། ་ལྕགས་ཀྱུ་དཀར་ལ་ལྕགས་ཀྱུ་འཛིན། །ཞགས་པ་སྔོ་ལ་དེ་བཞིན་ཞགས། །ལྕགས་སྒྲོགས་དམར་མོ་ལྕགས་སྒྲོགས་འཛིན། །དྲིལ་བུ་ལྗང་སེར་དྲིལ་བུ་ཉིད། །དེ་ལྟར་སྐུ་མདོག་གསལ་སྒོམས་ལ། །ཡེ་ཤེས་དབང་བསྐུར་དགུག་གཞུག་སྟིམ། །དེ ་ལྟར་གཞལ་ཡས་གསལ་དམིགས་ལ། །སྙིང་པོ་རྒྱས་དང་བསྡུས་པ་དང། །ཤིན་ཏུ་བསྡུས་པ་གང་མོས་ལ། །བརྒྱ་རྩ་བརྒྱད་དུ་དབུལ་བར་བྱ། །དེ་རྗེས་མཆོད་པ་ལྔ་ཡང་དབུལ། །བསྙེན་པའི་དུས་སུ་དམིགས་པ་གསུམ། །ལེགས་པར་བརྟགས་ཏེ་མཉེས ་པར་བྱ། །སྒྲུབ་པ་བུམ་པ་ཉིད་ལའོ། །དེ་ནས་བསྟོད་པ་དངུལ་པའི་ཕྱིར། །ཆོས་ཀྱི་དབྱིངས་ནས་ལྷ་རྣམས་ནི། །སྤྱན་དྲངས་བུམ་པའི་ནང་དུ་བསྟིམ། །བསྐུལ་ཚིག་འདི་སྐད་བརྗོད་པར་བྱ། །ན་མོ་སེམས་ནི་རྒྱ་ཆེ་མཆོག་ཏུ་རབ་བསྐྱེད་དེ། །མ་ལུས་འཁོར་དང་བཅས་ཏེ ་གཤེགས་སུ་གསོལ། །ཆོས་དབྱིངས་མངོན་འགྱུར་ཡེ་ཤེས་སྐུ་བརྙེས་ཏེ། །སྐུ་གསུང་ཐུགས་སུ་ལེགས་པར་འབྱུང་བའི་གནས། །གསུང་རབ་བཅུ་གཉིས་འཕགས་ལམ་རྒྱལ་བའི་བཀའ་། །བཅོམ་ལྡན་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །རྣམ་དག་དབྱིངས་ཀྱི་དམ ་ཆོས་གཤེགས་སུ་གསོལ། །ས་བཅུའི་རྒྱལ་ཚབ་ཆོས་ལ་མངའ་བརྙེས་ཤིང། །སྙིང་རྗེ་ཆེན་པོས་བརྩོན་འགྲུས་གོ་གྱོན་པ། །ཤེས་རབ་ཐབས་ཀྱིས་ཁམས་གསུམ་འདྲེན་མཛད་པ། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་གཤེགས་སུ་གསོལ། །མི་མཇིང་འཇིག་རྟེན་འཛམ་གླིང་ ་འདིར། །དཔལ་ཚོགས་བཀྲ་ཤིས་གཞལ་ཡས་ཁང། །བླ་མེད་མཆོད་པ་བརྒྱན་བཤམས་ཏེ། །ཉི་ཟླ་པདྨའི་གདན་བཤམས་ནས། །སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །བཞི་བཅོམ་དྲུག་ལྡན་འཁོར་བ་མྱ་ངན་འདས། །ནམས་ཀྱང་རྡོ་རྗེ་ལྟ་བུའི་སྐུ་མངའ་བའི། །ལུས ་ངག་ཡིད་གསུམ་ཉོན་མོངས་ཐམས་ཅད་འཇོམས། །འགྲོ་འདུལ་ཐུགས་རྗེའི་བྱིན་བརླབས་བསམ་མི་ཁྱབ། །བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས་པ་ཡང། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །སེམས་ཅན་ཉོན་མོངས་གཤིན་རྗེའི་དྲ་བ་ལ། །ཡི ་ཤེས་ཐུགས་ཀྱི་གཤེད་དང་དྲ་བ་འཇོམས། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་འབྱུང་བ་ཡིས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་པོ་ཡང། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །ནམ་མཁའ་ཨི་མཛའ་མ་མཛའ་ཡས་ཐུགས་པ་བཞིན། །འགྲོ་བའི་ལས ་དང་ཉོན་མོངས་མཛའ་ཡས་ལ། །ཐུགས་རྗེའི་བྱིན་བརླབས་སྤྲུལ་པ་མཛའ་ཡས་ཀྱིས། །ཇི་ལྟར་འདུལ་བ་བཞིན་དུ་འཇོམས་མཛད་པ། །ཁྲོ་བོའི་རྒྱལ་པོ་ཡོན་ཏན་མཛའ་ཡས་ཀྱང། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས།། ་སེམས་ཅན་དུག་གསུམ་ནད་ཀྱིས་གདུངས་པ་ལ། །ཐུགས་རྗེའི་བྱིན་བརླབས་བདུད་རྩིའི་ཆར་འབེབས་པ། །ཐབས་ལ་མཁས་པ་མཛད་པ་སྣ་ཚོགས་ཀྱིས། །སེམས་ཅན་མ་ལུས་དབྱིངས་སུ་སྦྱོར་མཛད་པ། །ཁྲོ་བོའི་རྒྱལ་པོ་བདུད་རྩི་ཐབས་སྦྱོར་ཡང། །འདིར ་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །རྣམ་ཐར་གསུམ་གྱི་མངའ་མཛད་ཡི་ཤེས་སྟོབས། །ཉོན་མོངས་དུག་གསུམ་མ་ལུས་གནོད་མཛད་ཕྱིར། །ཕྱག་མཚན་རྡོ་རྗེ་ཐོ་བ་འབར་བ་བསྣམས། །མཛེས་པའི་སྐུ་མདོག་གདུལ་ཐབས་ཅིར་ཡང་སྟོན། །ཁྲོ་བོའི ་རྒྱལ་པོ་གནོད་མཛེས་སྟོབས་པོ་ཆེ། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །དབྱིངས་ལས་མི་གཡོ་འཁོར་བའི་མཛའ་མི་གཡོ། །མཛའ་ལ་མི་གནས་ཐུགས་རྗེས་འགོ་དོན་མཛད། །མྱ་ངན་འདས་དང་འཁོར་བའི་མཛའ་གཅོད་ཅིང། །སེམས་ཅན ་རྣམས་ཀྱི་དཔལ་དང་མགོན་གྱུར་པ། །ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན་པོ་ཡང། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །ཡེ་ཤེས་ཐུགས་ཀྱི་འཁོར་བའི་མཛའ་ཡི་བར། །ཐུགས་རྗེ་མྱུར་བས་རྟ་གདོང་ཕྲིན་ལས་མཛོད། །འགྲོ་དོན་མཛད་པའི་ངོ ་མཚར་མངའ་བ་ཡང། །རྟག་ཏུ་རྟ་མགྲིན་རྒྱལ་པོ་གསུང་དུ་སྦྲུལ། །ཁྲོ་བོའི་རྒྱལ་པོ་དབང་གི་རྟ་གདོང་ཡང། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པའི་སྐུ། །མཛའ་གཉིས་མ་ཡེངས་དབྱིངས་ལ་དབང་སྒྱུར? ་ཞིང། །ཐུགས་རྗེའི་ཕྲིན་ལས་དབྱིངས་སུ་འདུས་མ་མཛད། །སྐུ་ཡི་ཡོན་ཏན་རྫོགས་པས་དབང་ཕྱུག་ཆེ། །ཁྲོ་བོའི་རྒྱལ་པོ་དབང་ཕྱུག་གཏུམ་པོ་ཡང། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །རིན་ཆེན་ལས་གྲུབ་རི་རབ་ངོས་བཞི་ནས། །བསོད་ནམS ་ཚོགས་ལྡན་དཔལ་ལྡན་རྒྱལ་ཆེན་བཞི། །གླིང་བཞི་གནས་པའི་སེམས་ཅན་ཐམས་ཅད་ལ། །ཇི་ལྟར་འཚམ་པ་བཞིན་དུ་དོན་མཛད་པའི། །དཔལ་ལྡན་རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱང། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །དུས་བ་ནི་ཚད་མེད་བཞི ་དང་མཉམ་སྦྱོར་བའི། །མི་འཇིགས་བཞི་ལྡན་ཡེ་ཤེས་ཚོགས་རྫོགས་ཏེ། །མཆོད་པ་མང་པོའི་སྦྲིན་དང་བཅས་ནས་ནི། །མཆོད་པའི་ལྷ་མོ་མང་པོ་གཤེགས་སུ་གསོལ། །རྡོ་རྗེ་དང་ནི་རིན་ཆེན་པདྨ་དང། །སྣ་ཚོགས་ལས་གྲུབ་རྡོ་རྗེ་རྒྱ་གྲམ་འབར། །ཕྱག་རྒྱ་ཆེན་པོས ་བདུད་བཞི་ཟིལ་གྱིས་མནོན། །ཕྱོགས་བཞིའི་ཕྱག་རྒྱ་ཆེན་པོ་གཤེགས་སུ་གསོལ། །ཞི་བ་དཀར་པོ་འོད་ཀྱི་དཀྱིལ་འཁོར་ནས། །པདྨ་དཀར་པོ་ཕྱག་ན་དཔལ་བེའུ་བསྣམས། །འཇོམས་བྱེད་དཀར་པོ་ཕྱག་ན་འཁོར་ལོ་བསྣམས། །གཉིས་མེད་དོན་ལ་ཐུགས་སྦྱོར་གཤེགས་སུ ་གསོལ། །ལྷོ་ཕྱོགས་རྒྱས་པ་སེར་མོའི་དཀྱིལ་འཁོར་ནས། །རྒྱས་པ་སྔོན་མོ་ཕྱག་ན་པདྨ་བསྣམས། །འོད་ལྡན་མཐིང་ག་ཕྱག་ན་རྒྱལ་མཚན་བསྣམས། །གཉིས་མེད་འགྲེའོ། །ནུབ་ཕྱོགས་པདྨ་དབང་གི་དཀྱིལ་འཁོར་ནས། །དཀར་ཤམ་དམར་མོ་ཕྱག་ན་གདུབ་བུ་བསྣམས། །མདངས ་ཅན་དམར་མོ་ཕྱག་ན་བུམ་པ་བསྣམས། གཉིས་མེད། བྱང་ཕྱོགས་ཕྲིན་ལས་དྲག་པོའི་དཀྱིལ་འཁོར་ནས། །ཡིད་གཞུངས་ལྗང་གུ་ཕྱག་ན་བུད་དུང་བསྣམས། །ཡིད་བཟངས་ལྗང་སེར་ཕྱག་ན་གཡུང་དྲུང་བསྣམས། །གཉིས་མེད་X། ཕྱོགས་སྐྱོང་བཅུ་དང་འཇིག་རྟེན་དབང་ལྡན་དང ་ཐུགས་རྗེ་ཐབས་མཁས་ཐུགས་དམ་དགྱེས་པར་ཆེ། །བརྒྱ་བྱིན་དབང་པོ་འཁོར་དང་བཅས་པ་ཡང། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །སྦྱིན་སྲེག་བདག་པོ་དཀའ་ཐུབ་རལ་པ་ཅན། །དྲང་སྲོང་བརྟུལ་ཞུགས་སྤྱོད་པ་ཀུན་གྱི་རྗེ། །མེའི་རྒྱལ་པོ་འཁོར་དང་བཅས་པ ་ཡང། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འགོ་བའི་དོན་X། བདུད་གཅོད་བདུད་ལས་མངའ་མཛད་བདུད་ཀྱི་རྗེ། །བདུད་གཅོད་འཆི་བདག་མང་པོར་ཀུན་གྱི་གཙོ། །གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ཡང། །བསྟན་X། འགྲོ་བའི་X། ཐོད་རྒལ་འཇིགས་པ་ཆེན་པོའི་སྐྱབས ་མཛད་པ། །ནད་གཏོང་མདངས་འཕྲོག་སྲིན་པོ་ཀུན་གྱི་རྗེ། །སྲིན་པོའི་རྒྱལ་པོ་འཁོར་དང་བཅས་པ་ཡང། །བསྟན་པ་X། འགྲོ་བའི་X། ཆར་སྦྲིན་ལོ་ཏོག་ཆུ་ལ་དབང་བྱེད་པ། །ལྷ་ཆེན་ཆུ་ལྷ་སྙེམ་པ་ཀུན་གྱི་རྗེ། །ཆུ་ལྷའི་རྒྱལ་པོ། བསྟན་པ་X། འགྲོ་བའི་X ་སྲོག་འཆང་དབུགས་ཀྱི་བདག་པོ་དབུགས་ཀྱི་གཟུངས། །སྲོག་འཆང་རླུང་ལྷ་རིགས་འཛིན་ཀུན་གྱི་རྗེ། །རླུང་ལྷ་རིགས་འཛིན། །བསྟན་པ། །འགྲོ་བའི། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ། །གནོད་སྦྱིན་གཏེར་འཆང་མང་པོ་ཀུན་གྱི་རྗེ། །གནོད་སྦྱིན་རྒྱལ ་པོ། །བསྟན་པ། །འགྲོ་བའི། །བགེགས་ལ་མངའ་མཛད་དངོས་གྲུབ་མཆོག་སྟོན་པ། །ལོག་འདྲེན་ཚར་གཅོད་ལྷ་རྣམས་ཀུན་གྱི་རྗེ། །བགེགས་ཀྱི་རྒྱལ་པོ། །བསྟན་པ། །འགྲོ་བའི། །འོད་ཆེན་འཇིགས་རྟེན་གླིང་བཞིར་སྣང་མཛད་པ། །གཟའ་སྐར་སྟོང་གི་ལྷ་མང་ཀུན་གྱི ་རྗེ། །ལྷའི་རྒྱལ་པོ་རྣམས་ཀྱི་རྗེ། །བསྟན་པ། འགྲོ་བའི། ས་ལ་མངའ་མཛད་ས་བདག་ཀུན་གྱི་རྗེ། །སའི་ལྷ་མོ་བསྟན་མ་ཡང། །བསྟན་པ། འགྲོ་བའི། གཉིས་མེད་དོན་ལ་རིག་པ་ཤར་མཛད་ཅིང། །ཐུགས་དམ་རྒྱུད་བསྐུལ་ལྕགས་ཀྱུ་ཕྱོགས་བཅུར་འབར། ། ་ཞི་བ་བདུད་བཞི་འདུལ་མཛད་དཀར་མོའི་སྐུ། །འགྲོ་བའི་ཡོན་ཏན་རྒྱས་པ་གསེར་འོད་འོད་སེར་འཕྲོ། །ལོག་འདྲེན་བགེགས་འཆིང་ཞགས་པ་ཕྱོགས་བཅུར་འཕེན། །ཡོན་ཏན་ཚོགས་རྒྱས་འཆིང་བྱེད་ཞགས་པ་མ། །འགྲོ་བའི། ཐམས་ཅད་དབང་སྡུད་དམར་མོ ་ལྕགས་སྒྲོག་སྡོམ། །གྲུབ་པ་བདུད་ཅིང་འབྱུང་པོའི་ཚོགས་རྣམས་སྡོམ། །ཁམས་གསུམ་དབང་དུ་སྡུད་པའི་ལག་སྒྲོག་མ། །འགྲོ་བའི། སྣ་ཚོགས་ལས་ལ་གྲུབ་པའི་ལྗང་གུ་དགྱེས། །བདེ་གཤེགས་མཆོད་པའི་ཚོགས་བརྙེས་མཆོད་པའི་དྲིལ་བུ་འབར། །ལས ་དང་ཉོན་མོངས་བདུད་འདུལ་ཐལ་བྱེད་མ། །འགྲོ་བའི། །ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་དཀྱིལ་འཁོར་དབྱེར་མེད་བསྲེས། །བརྟན་པར་བཞུགས་སུ་གསོལ་བ་ནི། ཧཱུཾ་རིན་ཆེན་སྣ་བཞི་གྲུབ་པའི་དཀྱིལ་འཁོར་འདིར། །མ་ཆགས་པདྨ་འབུམ་གྱི་གདན་བཏིང་སྟེ། །རིན་ཆེན་ཁྲི་དང་ཉི་ཟླ་གསལ་བའི་རྒྱན། །དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་ཏེ། །བདག་ཅག་དང ་པའི་ཡིད་ཀྱིས་སྔོན་སྤྲུལ་ཏེ། །རིམ་བཞིན་བདེ་ཡངས་ཉིད་དུ་བཞུགས་སུ་གསོལ། །བཛྲ་ཏིཥྛ། ཕྱག་བཙལ་བ་ནི། ཨེ་མའོ་ཕྱོགས་བཅུའི་སངས་རྒྱས་ཐུགས་ནི་རབ་ཏུ་རྒྱ་ཆེ་སྟེ། །འགྲོ་བ་ཀུན་ལ་ཁྱབ་མཛད་རྡོ་རྗེ་རྣམ་འཇོམས་ཉིད་ལ་ཕྱག་འཚལ་ལོ། །ེ་མའོ། ཕྱོགས ་བཅུའི་ཁྲོ་བོ་རྒྱལ་བ་རྣམས། །ཉོན་མོངས་དུག་གསུམ་སྡུག་བསྔལ་གྱིས། །གཟིར་བའི་འགྲོ་བ་མ་ལུས་པ། །ཕྲིན་ལས་དྲག་པོའི་དྲེགས་པས་འདུལ་མཛད་པ། །ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །ེ་མའོ་ཕྱོགས་བཞི་དཔལ་ལྡན་རྒྱལ་ཆེན་བཞི། ། ་སྲིད་རྩེ་རིན་ཆེན་མཛའ་ཡས་ནས། །དྲི་མེད་བདུད་རྩིས་ཆང་འབེབས་པའི། །ཕྱོགས་བཞི་ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །ེ་མའོ། །ཕྱོགས་ཀྱི་ལྷ་མོ་བཀྲ་ཤིས་བརྒྱད་རྣམས་ཀྱིས། །ཐུགས་མཆོག་འགྲོ་དོན་མ་ལུས་བདུད་ལས་རྒྱལ། །ཐུགས་རྗེས་དབང ་བསྐུར་ཆོས་སྒྲ་ཤེས་རབ་ཐབས། །མི་མཐུན་ཕྱོགས་ལ་ཡོན་ཏན་བཀྲ་ཤིས་པ། །བཀྲ་ཤིས་ལྷ་མོ་བརྒྱང་ལ་ཕྱག་འཚལ་ལོ། །ེ་མའོ། ཕྱོགས་བཅུ་འདུལ་བའི་དབང་ཕྱུག་སྐུ་སྤྲུལ་པ། །ཕྱོགས་བཅུའི་བགེགས་རྣམས་མང་པོ་ཚར་གཅོད་ཅིང། །མཐོ་རིས་གནས་ནས ་འཁོར་ལོ་སྒྱུར་མཛད་པ། །ཕྱོགས་སྐྱོང་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །ེ་མའོ། །ཚད་མེད་བཞི་པོ་མཐར་ཕྱིན་ལྷུན་གྲུབ་རྟགས། །ཕྱག་རྒྱ་བཞི་ཡི་ངང་དུ་ཐུགས་རྗེས་སྤྲུལ། །འགྲོ་དྲུག་སེམས་ཅན་གནས་ནས་སྤྲུལ་མཛད་པའི། །སྒོ་སྐྱོང་འཁོར་དང་བཅས་ལ་ཕྱག ་འཚལ་ལོ། །དེ་ནས་མཆོད་པ་ལྔ་ཕུལ་ཏེ། སློབ་མ་དཀྱིལ་འཁོར་འཇུག་པ་ཉིད། །ཆོ་ག་ཇི་ལྟར་འདོད་བཞིན་བརྩམ། །དེ་རྗེས་དཀྱིལ་འཁོར་ལྷ་ཚོགས་ལ། །བསྟོད་པ་ཉིད་ནི་འདི་སྐད་དབུལ། །ཧཱུཾ་བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས། །ཐུགས་རྗེ་ཉི་ཟླའི་འོད་པས ་འཚེར། །ངན་སོང་ཐམས་ཅད་རྣམ་པར་སྤྱོད། །དེ་ཉིད་སྒྲིབ་པ་སེལ་མཛད་པ། །པདྨ་འཁོར་ལོའི་དཀྱིལ་འཁོར་ལ། །ཤིན་ཏུ་མཛེས་པའི་རྩིབས་མ་བརྒྱད། །ནང་གི་སྙིང་པོ་རྡོ་རྗེ་གཙོ། །དཔའ་བོ་ཐུབ་པ་བཞུགས་པ་ཡིས། སྐུ་གསུང་ཐུགས ་ཀྱི་བྱིན་བརླབས་དང། །ཕྲིན་ལས་བཞི་ཡི་ཁྱད་པར་གྱི། །པདྨ་འཁོར་ལོར་བཅས་པ་ལ། །རོལ་མོའི་སིལ་སྙན་རྣམས་ཀྱིས་མཆོད། །རིན་ཆེན་སྟེགས་བུ་འདི་དག་ནི། །གྲུ་བཞིར་ལྡན་ཞིང་སྒོ་བཞི་འདོད། །དབུས་ཀྱི་པདྨ་གེ་སར་ལ། །བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས།། ་སྐུ་མདོག་ལྗང་སེར་འོད་ཟེར་འབར། །རྒྱ་གྲམ་ཕྱོགས་མེད་ཐུགས་ཀར་འཛིན། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ཤར་ཕྱོགས་གཙོ་བོ་མཛའ་ཡས་ནི། །སྐུ་མདོག་མཐིང་ཁན་འབར་བའི་འོད། །ཕྱག་དྲུག་མཚོན་ཆ་སྣ་ཚོགས་ཏེ། རྡོ་རྗེ་རྩེ་དགུ་ཐུགས་ཀར་འཛིན ་དེ་ལ་བསྟོད་དོ་མཆོད་པ་འབུལ། །ཤར་ལྷོ་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་དམར་པོ་འོད་ཟེར་འབར། །ཕྱག་དྲུག་མཚོན་ཆ་སྣ་ཚོགས་ཏེ། །རྡོ་རྗེ་རྒྱ་གྲམ་ཐུགས་ཀར་འཛིན། །དེ་ལ་འགྲེའོ། །ལྷོ་ཕྱོགས་ཁྲོ་བོ་གནོད་མཛེས་ནི། །སྐུ་མདོག་སེར་པོ་འབར་བའི་འོད? ་ཕྱག་དྲུག་མཚོན་ཆ་སྣ་ཚོགས་ཏེ། །རྡོ་རྗེ་ཐོ་བ་ཐུགས་ཀར་འཛིན། །དེ་ལ། ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན། །སྐུ་མདོག་ལྗང་ཀུ་འབར་བའི་འོད། །ཕྱག་དྲུག་།རྡོ་རྗེ་དབྱུག་ཐོ་ཐུགས་ཀར་འཛིན། །དེ་ལ། ནུབ་ཕྱོགས་ཁྲོ་བོ་རྟ་མགྲིན་ནི། །སྐུ་མདོག་དམར་པོ་འོད་ཟེར ་འབར། །པདྨ་རྩེགས་པ་ཐུགས་ཀར་འཛིན། །དེ་ལ། བྱང་ཕྱོགས་གཏུམ་པོ་དབང་ཕྱུག་ནི། །སྐུ་མདོག་སྨྲག་ནག་འབར་བའི་འོད། །ཕྱག་X། །རྡོ་རྗེ་རྩེ་དགུ་ཐུགས་ཀར་འཛིན། །དེ་ལ། །བྱང་ཤར་གཤིན་རྗེ་གཤེད་པོ་ནི། །སྐུ་མདོག་སྔོ་ནག་འབར་བའི་འོད། །ཕྱག་།བེ་ཅོན ་འབར་བ་ཐུགས་ཀར་འཛིན། །དེ་ལ། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་ནེ་ལེ་སྣམས། །དེ་ལ། །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག ་ན་པི་ཝང་བསྣམས། །དེ་ལ། །ནུབ་ཕྱོགས་རྒྱལ་པོ་སྤྱན་མིག་བཟང། །སྐུ་མདོག་དམར་པོ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་ཆུ་སྲིན་བསྣམས། །དེ་ལ། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །སྐུ་མདོག་ལྗང་གུ་འོད་འབར་བ། །ཕྱག་མཚན་ཕྱག་ན་དོང་ཙེ་བརྩེགས།། ་དེ་ལ། །ཤར་ཕྱོགས་ལྷ་མོ་དཀར་ཤམ་མ། །སྐུ་མདོག་མཐིང་ག་འོད་འབར་མ། །ཕྱག་ན་བཀྲ་ཤིས་གདུགས་འཛིན་ཅིང། །དེ་ལ་ཤར་སྨད་ལྷ་མོ་དབྱངས་མཁན་མ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་བཀྲ་ཤིས་འཁོར་ལོ་བསྣམས། །དེ་ལ་ལྷོ་སྟོང་ལྷ་མོ་མདངས ་ཅན་མ། །སྐུ་མདོག་མཐིང་ག་འོད་ཟེར་འབར། །ཕྱག་ན་པདྨ་འདབ་བརྒྱད་བསྣམས། །དེ་ལ། །ལྷོ་སྨད་ལྷ་མོ་འོད་ལྡན་མ། །སྐུ་མདོག་མཐིང་ག་འོད་ཟེར་འབར། །ཕྱག་ན་བཀྲ་ཤིས་རྒྱལ་མཚན་བསྣམས། །དེ་ལ། །ནུབ་སྟོང་ལྷ་མོ་སྐྱེས་ཆེན་མ། །སྐུ་མདོག་དམར་ལ ་འོད་ཟེར་འབར། །ཕྱག་ན་བཀྲ་ཤིས་བུམ་པ་བསྣམས། །དེ་ལ། །ནུབ་སྨད་ལྷ་མོ་དྲི་མ་མེད། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །དེ་ལ། བྱང་སྟོད་ལྷ་མོ་ཡིད་བཟངས་མ། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །ཕྱག་ན་བཀྲ་ཤིས་བུད་དུང་བསྣམས།། ་དེ་ལ། །བྱང་སྨད་ལྷ་མོ་ཡིད་གཞུངས་མ། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །ཕྱག་ན་གསེར་གྱི་ཉ་མོ་བསྣམས། །དེ་ལ། །ཤར་ཕྱོགས་དབང་ལྡན་བརྒྱ་བྱིན་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་རྡོ་རྗེ་གདེངས་པ་བསྣམས། །དེ་ལ། །ཤར་ལྷོ་དྲང་སྲོང་མེ་ལྷ་ནི། །སྐུ་མདོག ་དམར་ལ་འོད་ཟེར་འབར། །ཕྱག་ན་རིན་ཆེན་ཕྲེང་བ་བསྣམས། །དེ་ལ། །ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་ནི། །སྐུ་མདོག་མཐིང་ག་འོད་ཟེར་འབར། །ཕྱག་ན་གཤིན་རྗེའི་དབྱུག་ཐོ་བསྣམས། །དེ་ལ། །ལྷོ་ནུབ་སྲིན་པོ་བདེན་བྲལ་ནི། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །ཕྱག་ན་རལ ་གྲི་རྣོན་པོ་བསྣམས། །དེ་ལ། །ནུབ་ཕྱོགས་ཆུ་ལྷའི་བདག་པོ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་ཀླུ་ཡི་ཞགས་པ་བསྣམས། །དེ་ལ། །ནུབ་བྱང་རླུང་ལྷ་དབང་ལྡན་ནི། །སྐུ་མདོག་དུད་ཁ་འོད་ཟེར་འབར། །ཕྱག་ན་རིན་ཆེན་བཅོན་བསྣམས། །དེ་ལ། །བྱང་ཕྱོགས་གནོད ་སྦྱིན་ཀུ་བེ་ར། །སྐུ་མདོག་སེར་པོ་འོད་ཟེར་འབར། །ཕྱག་ན་གནོད་སྦྱིན་དབྱུག་པ་འཛིན། །དེ་ལ། །བྱང་ཤར་གནོད་སྦྱིན་བགེགས་ཀྱི་བདག་།སྐུ་མདོག་དཀར་སེར་འོད་ཟེར་འབར། །ཕྱག་ན་གནོད་སྦྱིན་དབྱུག་པ་འཛིན། །དེ་ལ། །བྱང་ཤར་དབང་ལྡན ་བགེགས་ཀྱི་བདག་།སྐུ་མདོག་དཀར་སེར་འོད་ཟེར་འབར། །ཕྱག་ན་དྲི་ཤུལ་རྩེ་གསུམ་བསྣམས། །སྟེང་ཕྱོགས་ཉི་ཟླ་ཚངས་པ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ཨུཏཔལ་འབར་བ་བསྣམས། །དེ་ལ། །འོག་ཕྱོགས་ས་ཡི་ལྷ་མོ་ནི། །སྐུ་མདོག་སེར་ལ ་འོད་ཟེར་འབར། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །དེ་ལ། །ཤར་སྒོའི་རྡོ་རྗེ་ལྕགས་ཀྱུ་མ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་ལྕགས་ཀྱུ་བསྣམས། །དེ་ལ། །ལྷོ་སྒོ་རྡོ་རྗེ་ཞགས་པ་མ། །སྐུ་མདོག་སྔོན་མོ་འོད་ཟེར་འབར། །ཕྱག་མཚན ་ཕྱག་ན་ཞགས་པ་བསྣམས། །དེ་ལ། །ནུབ་ཕྱོགས་རྡོ་རྗེ་ལྕགས་སྒྲོག་མ། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་ལྕགས་སྒྲོག་བསྣམས། །དེ་ལ། །བྱང་ཕྱོགས་རྡོ་རྗེ་དྲིལ་བུམ་། །སྐུ་མདོག་ལྗང་སེར་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་དྲིལ་བུ ་བསྣམས། །དེ་ལ་བསྟོང་དེ་མཆོད་པ་འབུལ། །དེ་ལས་དབང་བསྐུར་ཆོ་ག་ལས། །ཇི་ལྟར་གསུངས་པའི་དབང་རྣམས་སྦྱིན། །བཟོད་གསོལ་སྨོན་ལམ་གདབ་པ་ཉིད། །དེ་ནས་ལྷ་རྣམས་སོ་སོ་ཡི། །ཐུགས་ཀའི་ས་བོན་ལས་བསྡུས་ཏེ། །གཤེགས་གསོལ་དམིགས་མེད ་རྒྱས་བཏབ་ལ། །དེ་ནས་དགའ་སྟོན་དབུགས་ཕྱུང་སྟེ། རིག་པའི་ལས་དང་གཟེངས་ཀྱང་བསྟོང། །དེ་ནས་གཏོར་མ་བྱིན་བརླབས་ཏེ། །མགོན་པོའི་གཏོར་མ་བཏང་བ་ནི། །སྔགས་ཀྱིས་སྤྱན་དྲངས་ཡེ་ཤེས་བཞུག་།པཾ་ལས་འབྱུང་བ་སོ་སོ་ཡི། །སྐུ་མདོག་ཕྱག་མཚན ་སོ་སོར་དམིགས། །དེ་ནས་འཛབ་དང་བསྙེན་པ་དབུལ། །དེ་ཡི་སྔགས་ནི་འདི་དག་བཟླས། །རྡོ་རྗེ་ལྕེ་ལས་ཡང་དག་ཕྱུང། །ོཾ་ཨེ་ཧཡེ་ཧི་ཧ་ན་ཧ་ན་བྷིན་དྷ་བཛྲ་ཧཱུཾ་ཕཊ། ཨོཾ་ཨེ་ཧཡེ་ཧི་བཛྲ་ན་ལ་བྷིནདྷ་ན་མཎྜལ་བུད་དྷ་སརྦ་བྷསྨིཾ?་ཀུ་རུ་སརྦ་དུཥྚཾ་ཧཱུཾ་ཕཊ། ཨོཾ་ཨེ་ཧཡེ་ཧི་བཛྲ་ཀཱ་ལ ་དཎྜ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ཨེ་ཧཡེ་ཧི་བཛྲ་ཀི་རི་ཏིསྟཾ་རཀྵ་ས་དྷེ་བ་ཏ་ཡེ་སྭཱཧཱ། ཨོཾ་ཨེ་ཧཡེ་ཧི་ནཱ་ག་བཛྲ་ཨཱ་ན་ཡ་སརྦ་དྷ་ན་དྷ་ནྱ། སརྦ་ན་མ་ནི། མུག་ཏཱ་ལཾ་ཀ་ར་དྷ་སརྦ་ནཱ་གན་ནཱ་ནཱི?་ཙ། བཛྲ་དྷ་ར་ཡ། ས་མ་ཡཱ་མ་ནུ་སྨ་ར་ཨ་ག་དྷ་ཨ་ག་དྷེ། བནདྷ་བནདྷ། ཧ་ར་ཧ་ར། སྲ་ན་ཎ་མཧཱ་ཚཚཻད་ཧཱུཾ་ཕཊ། ཨོཾ ་ཨོཾ?་ཧཡེ་ཧི་བཛྲ་ཨ་ནི་ལ་མཧཱ་བཻ་ག་།ཱ་ན་ཡ་སརྦ་དུཥྚཾ་ཧཱུཾ་ཕཊ། ཨོཾ་ཨེ་ཧཡེ་ཧི་ཀུ་བེ་ར་ཡཀྵཱཾ་དྷི་པ་ཏ་ཡེ་སྭཱཧཱ། ཨོཾ་ཨེ་ཧཡེ་ཧི་དྷིདྷུ་བྷིན་བཛྲ་ཤཱུ་ལ་སྭཱཧཱ། ཨོཾ་ཧཡེ་ཧི་ན་མ(རྒྱུད་འགྲེལ་རྒྱ་ཡིས། །མཆོད་ཡོན་ལ་སོགས་གཏོར་མ་ལ། །སྔགས་ནི་བདུན་ཙམ་གཅིག་དག་གིས། །ངེས་པར་དབུལ་དང་བཏབ་པར་བྱའོ། །དེ་ནས་མགོན་པོ་མཉེས་པ་ཡི། །ཚིག་འདི་རྣམས་ཀྱང་བརྗོད་པར་བྱའོ། །ཧཱུཾ་ལྷ་དང་ལྷ་མིན་གནོད་སྦྱིན་ལྟ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ཡང། །བདག་གི་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་བ་འདེབས། །གསན་ནས་ཕན ་གདགས་ཕྱིར་ནི་འདིར་སྦྱོན་ཅིག་།དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག་།ཤར་ཕྱོགས་གདོན་གྱི་ཚིགས་བཅས་ལ། །མཆོད་པར་བགྱིད་ཅིང་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག་།ཤར་ལྷོ། མཆོད་པར། ་གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག་།ལྷོ་ཕྱོགས། མཆོད་པར། བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག་།ལྷོ་ནུབ། མཆོད་པར། ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག་།ནུབ། མཆོད ་པར། རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིགས་འཛིན་རྒྱལ་པོ་གདོན་གྱི་བདག་།ནུབ་བྱང། མཆོད་པར། གནོད་སྦྱིན་ལག་ན་དབྱུག་ཐོ་ཐོགས། །ནོར་སྲུངས་རྒྱལ་པོ་གདོན་གྱི་བདག་།བྱང། མཆོད་པར། དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི ་བདག་།བྱང་ཤར། མཆོད་པར། སྟེང་གི་ལྷ་ཚོགས་ཐམས་ཅད་དང། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་པར། འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་སྟེ། །དམ་ཚིག་ཤེས་པའི་གདོན་བཅས་ལ། ། ་མཆོད་པར། ཤར་གྱི་ཕྱོགས་ནས་བརྒྱ་བྱིན་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག་།ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང། །དབང་ལྡན་འབྱུང་པོའི་བདག་པོ་ལྷ་དང་ནི། །སྟེང་གི་ཉི་ཟླ་ཚངས ་པ་ཆེན་པོ་དང། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང། །རི་ཡི་ལྷ་རྣམས་གནོད་སྦྱིན་ཚོགས་དང་བཅས། །སོ་སོ་སོ་སོར་ཕུལ་བ་འདི་དག་ཀུན། །སོ་སོ་སོ་སོའི་ཕྱོགས་སུ་བཞེས་ནས་ཀྱང། །སྡེ་དང་དཔུང་བཅས་བུ་སྨད་འཁོར་བཅས་དང། །གཏོར་མ་བདུག་པ་མེ ་ཏོག་བདུག་སྤོས་རྣམས། །རབ་ཏུ་དགྱེས་ནས་བཞེས་ཏེ་བསྣམས་ནས་གསོལ། །དེ་ནས་འབྱུང་པོ་བགེགས་ལ་ཡང། །གཏོར་མ་དག་ནི་སྦྱིན་པར་བྱ། །ཧཱུཾ་འབྱུང་པོ་གང་དག་རི་རབ་སྟེང་ན་གནས་པ་དང། །དགའ་བའི་ཚལ་དང་ལྷ་ཡི་ཡུལ་གནས་དང། །ཤར ་ནུབ་རི་དང་ཉི་ཟླའི་ཁྱིམ་གནས་དང། །རི་རྣམས་ཀུན་ལ་གང་དག་གནས་པ་དང། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང། །རིན་ཆེན་གནས་ན་གང་དག་གནས་པ་དང། །རྫིང་དང་མཚོ་དང་ལུ་མ་ལྟེང་ཀ་དང། །ཁྲོན་པ་དང་ནི་དམ་འབྲོག་ཆུ་མིག་དང། །གྲོང་དང་ཕྱུགས ་ལྷས་གྲོང་ཁྱེར་ནགས་ཚལ་དང། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང། །གང་དག་གཙུག་ལག་ཁང་དང་མཆོད་རྟེན་དང། །མུ་སྟེགས་སྤྱི་གནས་དྲང་སྲོང་སྡེ་གནས་དང། །གཙུག་ལག་ཁང་ཆུ་གླང་ཆེན་ཁང་པ་དང། །རྒྱལ་པོའི་དཀོར་ཁན་དག་ན་གང་གནས་དང། ་སྲང་དང་ཁྱམས་དང་གྲོང་གི་མདུན་ས་དང། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དང། །དུར་ཁྲོད་དག་དང་ནགས་ཚལ་ཆེན་པོ་དང། །སེང་གེ་གླང་ཆེན་དྲེད་ཀྱི་གནས་རྣམས་དང། །དགོན་པ་ནགས་ཆེན་རབ་ཏུ་འཇིགས་པ་དང། །གླིང་མ་བཟང་པོ་དག་ན ་གང་གནས་དང། །རབ་ཏུ་དགྱེས་ཤིང་གོ་གོ་གནས་རྣམས་སུ། །མེ་ཏོག་ཕྲེང་བ་བྱུག་སྤོས་བདུག་པ་དང། །སྟོང་དང་མར་མེ་གཏོར་མ་གུས་འབུལ་བས། །འདི་དག་བཞེས་ནས་སོ་སོར་གནས་ནས་གསོལ། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །དེ་ནས་རིག་དྲུག་སོ ་སོའི་གཏོར་མ་བཏང། །དབང་རྫོགས་བཀྲ་ཤིས་སྨོན་ལམ་གདབ། །དཀྱིལ་འཁོར་བསྡུ་བ་མཁས་པས་བརྩམ། །ཁྲུས་ཀྱི་ཆོ་ག་ཇི་ལྟ་བར། །ཁྲུས་བྱས་རོལ་མོའི་ལས་བྱའོ། །རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག་།སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ ་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེ་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱི་བཟུང། །སངས་རྒྱས་ཆོས་དང་ཚོགས ་