CLOSE WINDOW

N2558: 'phags pa rdo rje rnam par 'joms pa'i khrus kyi cho ga
Wyliee-texts based on the ACIP/ALL Input

འགྲུབ་འགྱུར་ཏེ། །རྣམ་པར་འཇོམས་པའི་སྐུར་འགྲུབ་ཤོག་།རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ལས་དང་བཅས་པ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་།ཆོས་ཉིད་མཉམ་པ་ཉིད ་ལ་རབ་གནས་ཀྱང། །ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང། །འདོད་པའི་དོན་གྲུབ་མཛའ་ཡས་གཟུགས་མངའ་བ། །དཔའ་བརྟན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་བུམ་པའི་མཚན་ཉིད་བརྟན་པའི་དབང་དུ་མཛད་ནས། ནོར་བུ་ཡུངས་ཀར་དུར་བ་དང།། ་རིན་ཆེན་རྨ་མེད་ཙན་དན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང། །ཆུ་ཡི་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང། །གཙང་མའི་གོས་ཀྱི་དཀྲི་ཞིང་དགང། །ཞེས་གསུངས་པས། གསེར་རམ་དངུལ་ལམ་ཟངས་ལས་བྱས་ཀྱང་རུང་ཞབས་ཀྱི་གདུབ་ཀོ་རིན་འཆང་དུ་སེར ་གཅིག་གི་ཚད་དུ་བྱས་ལ་གདགས་སོ། །དབུས་ཀྱི་དབྱིབས་ནི་ལྷུང་བཟེད་འདྲ་བར་བྱའོ། །མགྲིན་པའི་འཕང་དུ་སོར་བཞིའི་ཚད་དུ་བྱའོ། །མགྲིན་པའི་ནང་གི་ཚད་ཀྱང་སོར་བཞི་བའི་སྦུབས་སུ་བྱའོ། །མགྲིན་པའི་ཁ་ཁྱེར་ཕྱིར་བསྐྱེད་པ་ནི་སོར་གཉིས་ཀྱི་ཚད་དུ་བྱས་ལ། །ཁའི་ཆ་གའི ་བཤལ་ཀ་སོར་གཅིག་གི་ཚད་དུ་བྱའོ། །དབུལ་པོ་རྣམས་ཀྱི་དངུལ་དང་གསེར?་ལ་སོགས་པ་ལས་བྱ་བ་མི་རྙེད་པས་དེའི་ཕྱིར་རྒྱུ་གཞན་ལ་བྱ་བར་གསུངས་ཏེ། །བུམ་པ་པདྨ་དམར་པོའི་མདོག་ལྟར་དམར་ཞིང་བྱུ་རུ་དང་ལི་ཁྲི་དང་མཚལ་གྱི་མདོག?་ལྟར་དམར་པ་དགས་བཏང་ངེས་པའི་ནག་པོ? ་ར་རི་མེད་པར་བྱའོ། །ལྟོར་ནི་ཆུ་ཕུལ་ལྔ་ཡན་ཆོད་ནས་བཅུ་ཤོང་བའི་ཚད་གང་ནུས་པའི་ཚར་བྱས་ཏེ་དེ་ནས་ལག་བ་བྱུག་སྤོས་ཀྱིས་བྱུཌ་ཏེ། དྲི་ཞིམ་པོ་ཤིན་ཏུ་བཀྲ་ཤིས་པའི་བདུག་པས་བདུགས་ལ། གུ་གུལ་ལ། ཨོཾ་ཨ་མྲི་ཏེ་ཧཱུཾ་ཕཏ་ཅེས་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་ལན་བདུན་དུ ་བཟླས་པས་བུམ་ཞི?་ནང་དུ་བདུགས་ལ། ཆུ་གཙང་མ་སྲོག་ཆགས་མེད་པར་བཙགས་པས་བཀང་སྟེ། དེའི་ནང་དུ་ཙནདན་ན་དང། ག་པཱུར་དང། གུར་གུམ་དང། ཛཱ་ཏི་དང། གླ་རྩི་ལྔ་པོ་བསྲེས་པའི་ཆུ་ཡང་བླུགས་ནས་དེར་རིན་པོ་ཆེ་ལྔ་ཞེ་བྱ་བ་ནོར་བུ་རིན་པོ་ཆེ་དང། བྱུ་རུ་དང། གསེར ་ས་ལེ་སྦྲམ་དང། མུ་ཏིག་དང། ཤེལ་དག་དང། སྨན་ལྔ་ཞེས་བྱ་བ། བྱ་ཀྲི་དང། སེང་ཀྲི་དང། གི་བྲི་ཀར་ནི་དང། ས་ཧཱ་དང། ས་ཧ་དེ་བ་དང། འབྲུ་ལྔ་ཞེས་བྱ་བ། ནས་དང། སོ་བ་དང། ཏིལ་དང། མོན་སྲན་དང། མོན་སྲན་གྲེའུ་ནམས་ཀྱང་བཅུག་ལ་བུམ་པའི་ཁར? ་གསེར་རམ་དངུལ་ཕོར་རམ། ཁམ་ཕོར་གཙང་མའི་ནང་དུ་ཡུངས་ཀར་བླུགས་པའི་སྣོད་བཞག་སྟེ། རས་གཙང་མ་ཁ་འཚར་མ་གོང་པས་བུམ་པའི་ཁ་དང་ཡུངས་ཀར་གྱི་སྣོད་དང་བཅས་པ་དཀྲི་ཞིང་གཡོགས་ལ་བཅིང་སྟེ། མདུད་པའི་སྟེང་དུ་པའི་ལྕི་བ་རྒྱས་གདབ་པའི་ཚུལ ་དུ་གླན་ལ་དེར་རྩཝ་དུར་བའི་ཉག་མ་བདུན་བཙུགས་ཏེ་ཕྱུག་ན་རྡོ་རྗེ་ལ་དབུལ་པར་འོས་པའི་མེ་ཏོག་དམར་པོ་དྲི་ཞིམ་པོ་འམ་ཡང་ན་མེ་ཏོག་དྲི་ཞིམ་པོ་གང་ལྔ་རུང་བའི་ཕྲེང་བS་ཀྱང་བུཾ་པའི་མགྲིན་པ་བསྐོར་བའི་དོན་ནོ། །དཀྱིལ་འཁོར་མེད་པར་བུམ་པ་འབའ་ཞིག་གིས་འདོད་པའི་ལ་ནི་འགྲུབ་པས ་ཐོས་མར་དཀྱིལ་འཁོར་བྲིན་ས་བརྟག་དགོས་པས་སྤྱིའི་རྒྱུད་དཔུང་བཟང་གིས་ཞུས་པ་ལས་འདིར་སྦྱར་བར་བྱ་སྟེ། ཕྱུགས་ལྟས་ཤིང་ཅིག་ལྷའི་ཁང་པའམ། །ལམ་གྱི་བཞི་མདོ་ཁང་སྟེང?་ནགས་ཚལ་དུ། །ཞེས་གསུངས་སོ། །དཀྱིལ་འཁོར་བྲི་བར་བསྟན་པ་ཡང་དེ་ཉིད་ལས། དཀྱིལ་འཁོར་གྲུ ་བཞི་ལྷམ་པ་གྲུ་བཞིའི་ཚད། །ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་གྱིས་བྲི། །ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་བཟུང། །སྒོ་བཞི་པ་ལ་ཕྱོགས་ཀྱི་རྩཝ་ཡང་དགྲམ་ཞེས་གསུངས་ཏེ། །དེ་ཡང་ས་གཞི་ཤིན་ཏུ་སྦྱངས་ཤིང་ཤིན་ཏུ་འཐས་པར་བཅགས་བའི་རྣམ་ལྔ་ཞེས་བྱ་བར། འོ་མ་དང། ་མར་དང། ཞོ་དང། གཅིན་དང་ལྕི་བ་རྣམས་དང། སྤོས་རྣམས་བསྲེས་པ་རྣམས་ཀྱིས་བསྐུས་ལ་ཐིག་གདབ་པར་བྱའོ། །གྲུ་བཞིའི་ཚད་ཁྲུ་བཞི་པར་བྱས་ལ་ཕུར་བུས་ལེགས་པར་གདབ?་བོ?། །དེའི་དབུས་སུ་གསང་སྔགས་འཆང་ཁྲུས་བྱེད་པའི་ས་ཁྲུ་དོ་བཞག་གོ་།དེའི་ཕྱི་རིམ་ཁྲུ་གང་ཁྱོན?་ཡོད་པ་ལ ་ཆ་གསུམ་དུ་བགོས་ཏེ། དང་པོར་འཇིག་རྟེན་སྐྱོང་བ་རྣམས་ཀྱི་གནས་སུ་བྱའོ། །གཉིས་པ་ནི་སྡོ་ཁྱུད་མུ་ཁྱུད་མུ་ཏིག་གི་ཕྲེང་བ་དག་བྲིའོ། །གསུམ་པ་ལ་ནི་མཆོད་པ་དག་བྲིའོ། །འཇིག་རྟེན་སྐྱོང་བ་རྣམས་དགོད་པ་ཡང། །སྤྱིའི་རྒྱུད་གསང་བའི་དཀྱིལ་འཁོར་ལས། འདི་སྐད་དུ་།བརྒྱ་བྱིན་གྱི་ནི ་འཁོར་ལོར་གསུངས། །མེ་ལྷའི་ཕྱག་རྒྱ་མེ་ཐབ་ཡིན། །གཤིན་རྗེའི་ཕྱག་རྒྱ་བེ་ཅོན་ཏེ། །བདེན་བྲལ་གྱི་ནི་རལ་གྲིར་བསྟན། །ཆུ་བདག་གི་ནི་ཞགས་པར་བསྟན། །རླུང?་གི་ཕྱག་རྒྱ་རྒྱལ་མཚན་ཡིན། །ཀུ་བེ་ར་ཡི་དབྱུག་ཏོ་ཡིན། །དབང་ཕྱུག་ནི་རྩེ་གསུམ་གསུངས། །སའི་ཕྱག་རྒྱ་བུམ་པ་ཡིན། ་ཉི་བླའི་བྱ་རྒྱ་ཟླུམ་པོར་བྱ་ཞེས་གསུངས་སོ། །དཀྱིལ་འཁོར་ནི་སྒོ་བཞིར་སྟོང་ཅིང། བཀྲིས་བརྒྱད་པོའོ་དཔལ་པེ་དང། འཁོར་ལོ་དང། གདུགས་དང། རྒྱལ་མཚན་དང། པདྨ་དང། བུམ་པ་དང། དུང་དང། ཉ་དག་བྲིས་པས་མཛེས་པར་བྱའོ། །དབུས་སུ་ནི་ཀུ་ཤ་གདིང་ཞིང་ཕྱི་རོལ་ཐོག ་དག་ཏུ་ཡང་ཀུ་ཤ་དགྲམ་མོ། །སྟེང་དུ་ཡང་བླ་རེས་ལེགས་པར་དག་བཅིང་མེ་ཏོག་གི་ཕྲེང་བ་དང། བ་དན་དང། དང་གྱི་ལྔ་ལྡི་དང། མེ་ལོང་གིས་བརྒྱན་ན་ཁྲུས་ཀྱི་ཆོ་ག་བཀྲ་ཤིས་པར་འགྱུར་རོ། །དེ་ནས་བུམ་པ་ཡང་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། གྲཝ་བཞིར་སེང་ལྡེང་གི་ཕུར་པ ་བཞི་ལ་བདུད་རྩི་ཐབས་སྦྱོར་གྱི་སྔགས་གོང་དུ་སྨོས་པ་བཟླས་ཤིང་བཙུགས་ནས། ཚོན་སྣ་ལྔ་ཡིས་སྐུད་པ་ལ་ཡང་གསང་སྔགས་དེ་ཉིད་བཟླས་ཤིང་བསྐོར་བས་མཚམས་བཅད་པར་བྱའོ། །བཤོས་དང་གཏོར་མ་དགོད་པ་ཡང། །དཔུང་བཟངས་ཀྱིས་ཞུས་བའི་རྒྱུད་འམ?་བཟང ་དང་ཤ་ཆད་ལ་ཕུག་ལ་སོགས་བཅས། །འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན་ཞེས་གསུངས་ཏེ། མ་ཕྱི་བ་ཡང་འོས་འོས་སུ་ཕྱེ་སྟེ། ཤ་ཆང་ལ་ཕུག་དག་ནི་གཤིན་རྗེ་དང་བདེན་བྲལ་འཁོར་དང་བཅས་པ་ལ་སྦྱིན་ནོ། དེ་ནས་རིག་སྔགས་འཆང་བ་བདག་ཉིད་ཕྱི་ནང་གི་དྲི་མ་དག ་པར་བྱས་ལ། གོས་སར་པ་བགོས་ཏེ། ཆོ་ག་བརྩམས་པའི་དབང་དུ་མཛད་ནས། དེས་ནི་རབ་ཁྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་མཉམ་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན ་བྱེད་ན་ཞེས་གསུངས་ཏེ། །དེའི་དོན་རང་གི་རྒྱུད་དག་བ་དེ་དཀྱིལ་འཁོར་གྱི་ནུབ་སྒོར་འགྲེང་ལ། ལག་པ་བྱུག་སྦོས་ཀྱིས་བྱུགས་ནས། །རང་གི་ལྟ་ཇི་ལྟར་མནོས་པ་བཞིན་དུ་བསྒོམས་ལ། མིག་གཉིས་སུ་ཡི་གེ་ཧཱུཾ་འབར་བ་རེ་བསམས་ལ་སེ་གོལ་གྱི་སྒྲ་ཕྱུང་ཞིང། ཕྱོགས་སུ་བལྟས ་པས་མཚམས་བཅད་བགེགས་བསྐྲད་ནས། སླར་སྟན་བདེ་བ་ལ་འདུག་ནས་དཀྱིལ་འཁོར་དེ་ཡང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྷའི་གནས་བཟང་པོ་དཔེ་མེད་པར་དམིགས་ཤིང། བུམ་པ་དེ་ཡང་ཡིད་བཞིན་གྱི་མཚོའི་བདུད་རྩིའི་ཆུས་གང་བར ་དམིགས་ཏེ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་ཁ་ཕྱེ་སྟེ་པདྨའི་ཚུལ་དུ་བྱས་པ་ནི་པདྨ་གདན་གྱི་ཕྱག་རྒྱ་ཡིན་ཏེ། །དེའི་སྔགས་ལ། ཨོཾ་པདྨ་ཀ་མ་ལ་ཡེ་སྭཱཧཱ། ཞེས་བརྗོད་ནས་ཡིད་བཞིན་གྱི་མཚོའི་དབུས་སུ་པདྨའི་སྡོང་པ་དང་ལོ་མ་དང་འདབ་མ་དང་ཟེ་བ་དང ་སྙིང་པོར་བཅས་པ་དཔེ་མེད་པར་བཟང་ཞིང་ཆེ་བ་ཞིག་བསམས་ཏེ། མཆོད་ཡེན་གྱི་སྣོད་བླངས་ལ་སྦྲེང་ཞིང་འདི་སྐད་དུ། དད་པ་དང་ནི་དམ་ཚིག་གིས། །བདག་ལ་མཆོད་ཡོན་བཞེས་སུ་གསོལ། །མཆོད་ཡོན་བཞེས་ནས་དེ་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཱ ་ཧ་ར་ཨཱ་ཧ་ར། སརྦ་བི་དྱ་དྷ་ར་པཱུ་ཛི་ཏེ་སྭཱཧཱ། ཞེས་བརྗོད་པས། འཕགས་པ་མདུན་གྱི་ནམ་མཁའ་ལ་འཁོར་དང་བཅས་པ་གཤེགས་པར་རིག་པ་དང། བར་འདིར་ཕྱིར་འབྲེང་བའི་བགེགས་བསྐྲད། ཨ་མྲི་ཏས་བསང། ཡང་ན་རྩ་སྔགས་སམ་བསྐྲད་སྔགས་ཀྱིས་སོ། །ལག་པ ་གཡས་པའི་མཐེའུ་ཆུང་གི་སེན་མོས་མཐེ་བོང་མནན་ཏེ། ལྷག་མ་གསུམ་ནས་དོ་ཙམ་གྱིས་མ་རེག་པར་བྱས་ཏེ། རྡོ་རྗེའི་ཚུལ་དུ་བྱས་ནས་བསྟན་པ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཡིན་ཏེ། དེའི་སྔགས་ལ། ཨོཾ་ཤང་ཀ་རེ་མཧཱ་ས་མ་ཡེ་སྭཱཧཱ་ཞེས་བརྗོད་ནས། གདན་དེ་ལ ་འཕགས་པ་ཁྲོ་བོ་ཡི་རྒྱལ་པོ་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་ཁྱད་པར་ལས་བྱུང་བ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་མདོག་སྔོན་པོ་ཡིད་ཙམ་ཁྲོ་བ། ཕྱག་གཡས་ན་རྡོ་རྗེ་རྒྱ་གྲམ་ལས་རྭ་ཕྱོགས་གཅིག་མེད་པ་བསྣམས་པ་ཕྱག་གཡོན་པ་བཀུར་བརྟེན་ཅིང་འགྱིད་བ། དབུ ་རྒྱན་རྩེ་བྲན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་སྟོང་གཡོགས་དར་ལ་སྒང་གཡོགས་ཚིགས་སུ་བསྒམས?་པ། འཁོར་རིགས་ཀྱི་ལྷ་དཔག་ཏུ་མེད་པ་དང་གཤེགས་པར་དམིགས་ཤིང། རྩ་བའི་ཕྱག་རྒྱ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཀུག་སྟེ། ཕན ་ཚུན་བསྣོལ་བའི་རྩེ་མོ་མཐེ་བོང་དང་མཛུབ་མོའི་དྲུང་དུ་ཅུང་ཟད་འབྱུང་བར་བྱས་ལ། གུང་མོ་གཞིབས་པའི་ཕྱི་རོལ་ནས་མཛུབ་མོ་དཀུག་ལ་ནས་གང་ཙམ་གྱིས་མ་རེག་པར་བྱས་ཏེ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་ཀྱང་གཞིབས་པ་ནི་རྡོ་རྗེ་རྣམ་པར་འཇོམས་པ་རྩ་བའི་ཕྱག་རྒྱ ་ལས་ཐམས་ཅད་བྱེད་དོ། །དེའི་སྔགས་ལ། ཨོཾ་བཛྲ་ཛཝ་ལ་ན་ཡེ་སྭཱཧཱ། དེ་ནས་མཆོད་པ་རྣམ་པ་ལྔ་རིམ་བཞིན་དུ་དབུལ་ཏེ། དང་པོར་བྱུག་སྤོས་དབུལ་ཏེ། གཙང་ཞིང་གཙང་མར་སྦྱང་བ་ཡི། །ལྷ་རྫས་བཟང་པོའི་བྱུག་སྤོས་འདི། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ ་དགྱེས་པར་མཛོད། །ཱ་ཧ་ར་ཨཱ་ཧ་ར་སརྦ་འདི་དྷཡ་དྷ་རི་པུ་ཛི་ཏེ་སྭཱཧཱ། དེ་ནས་མེ་ཏོག་དབུལ་ཏེ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །དེ་ནས་བདུག་པ་དབུལ་ཏེ། ཤིང་གི་ཁུ་བ ་ཡིད་དུ་འོང། །དྲི་ཡིས་རྒྱས་པ་བདུག་པའི་མཆོག་།བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཤོས་དབུལ་ཏེ། སྨན་རྣམས་ཁུ་བ་ཡི་གར་འོང། །དྲི་ཡིས་རྒྱས་པ་ལྷ་ཡི་ཟས། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས ་བདག་ལ་དགྱེས་པར་མཛོད། །འདི་ཡན་ཆད་ཀྱི་སྔགས་ནི་གོང་མར་སྨོས་པ་གོང་མ་བཞིན་དུ་སྦྱར་རོ། །དེའི་འོག་ཏུ་མར་མེ་དབུལ་ཏེ། གནོད་རྣམས་འཛོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་བ། །ལྷ་རྫས་བཟང་པོའི་ཞུགས་མར་འདི། །བདག་གིས་དད་པས་འབུལ ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཱ་ལོ་ཀེ་ཨཱ་ལོ་ཀེ་སརྦ་བར་བྱ་དྷ?་ར་པུ་ཛི་ཏེ་སྭཱཧཱ། །དེ་ནས་གདོན་རྣམས་ལ་གཏོར་མ་དབུལ་བར་བྱ་སྟེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས ་རྣམས་དང། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་སྦྱར་དེ་དག་ལ་ནི་གསོལ་བ་འདེབས། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག། །སེམས་ཅན་གང་དག་རི ་རབ་སྟེང་གནས་དང། །དགའ་བའི་ཚལ་དང་ལྷ་ཡུལ་གང་གནས་དང། །གང་དག་ཤར་ནུབ་ཉི་མའི་ཁྱིམ་གནས་དང། །ཆུ་བོ་ཀུན་དང་ཆུའི་དོགས་རྣམས་དང། །རིན་ཆེན་གནས་སུ་འང་གནས་ནི ་བཅས་པ་དང། །རྫིང་དང་མཚོ་དང་ལུ་མ་ལྟང་ལྟེང་དང། །ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་ནགས་ཚལ་དང། །ཁང་སྟོང་དག་དང་ལྷ་ཡི་གནས་དག་དང། །ལྷ་ཁང་མཆོད་རྟེན་འདུག་གནས ་བསྟི་གནས་དང། །མུ་སྟེགས་གནས་དང་གླང་ཆེན་ཁང་པ་དང། །གང་དག་རྒྱལ་པོའི་དཀོར་ཁང་གནས་པ་དང། །སྲང་དང་ཁྱམས་དང་ལམ་ཁའི་བཞི་མདོ་དང། །གང་དག་ཤིང་གཅིག་པོ་དང་ལམ་པོ་ཆེ་།དུར་ཁྲོད་ཆེན་པོ་ནགས ་ཚལ་ཆེན་པོ་དང། །གང་དག་སེང་གེ་གླང་ཆེན་དྲེད་ཀྱི་གནས། །འཇིགས་པའི་ས་དང་འབྲོག་ན་གནས་པ་དང། །གླིང་བཟངས་རྣམས་སུ་གནས་ནི་བཅས་པ་དང། །གང་དག་ལྷུན་པོ་དུར་ཁྲོད་གནས་པ་རྣམས། །རབ་ཏུ་ཐུགས ་དགྱེས་བྲི་དང་ཕྲང་བ་དང། །བདུག་པ་གཏོར་མ་མར་མེ་བསྟོད་བུས་འབུལ། །འདི་དག་བཞེས་ནས་བསྣམས་དང་གསོལ་མཛོད་ལ། །བདག་གིས་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ལག་པ་གཉིས་ཐལ་མོ་སྦྱར་བ་ལས ་ཁ་ཕྱེ་སྟེ། བཀན་པ་ནི་གཏོར་མ་སྦྱིན་པའི་ཕྱག་རྒྱའོ། །དེའི་སྔགས་ལ་སྲིན་པོ་རྣམས་ལ། ཀྲང་ཀེ་རི། ཤ་ཟ་རྣམས་ལ། མི་ཙི་མི་ཙི། འབྱུང་པོ་རྣམས་ལ། གུང་གུང། ཐམས་ཅད་ལ། ན་མ:སརྦ་ཏ་ཐཱ་ག་ཏེ་བྷཡོ། བི་ཤྭ་མུ་ཁེ་བྷཡ:། ་སརྦ(རྒྱུད་འགྲེལ་བཀྱེད་དེ། པདྨའི་ཚུལ་དུ་བྱའོ། །དེའི་སྔགས་ལ། དབང་ལྡན་ཕྱོགས་སུ་རུ་ཏྲ་ཡ་སྭཱཧཱ། དབང་པོའི་ཕྱོགས་སུ་ཤག་ཀྲ་ཡ་སྭཱཧཱ། མེའི་ཕྱོགས་སུ་ཨག་ནེ་ཡེ་སྭཱཧཱ། གཤིན་རྗེའི་ཕྱོགས་སུ་བེ་བ་ས་ཏ་ཡེ་སྭཱཧཱ། བདེན་བྲལ་ཕྱོགས་སུ་རཀྵ་ས་ཨ་ཏི་པ་ཏ་ཡེ ་སྭཱཧཱ། ཆུ་ལྷའི་ཕྱོགས་སུ་མི་ག་ཨ་ཤ་ན་ཡ་སྭཱཧཱ། རླུང་ལྷའི་འོག་གི་ཕྱོགས་སུ་བ་ཡ་བེ་ཡེ་སྭཱཧཱ། ཀུ་བེ་རའི་ཕྱོགས་སུ་ཡག་ཤ་བྷཡིད་དྷ་རེ་སྭཱཧཱ། སྟང་གི་ཕྱོགས་སུ་ཨ་དིད་དྱ་ཡE་སྭཱཧཱ། ཉི་མའི་འོ། །ཟླ་བའི་ཙནྟྲ་ཡེ་སྭཱཧཱ། འོག་གི་ཕྱོགས་སུ་པྲི ་ཐཾ་བྱ་ཡེ་སྭཱཧཱ། སའི་ལྷ་མོ་ཡིའོ། །དེ་ལྟར་ཕྱོགས་སྐྱོང་རྣམས་ཀྱང་མཆོད་དེ། །བཟླས་བརྗོད་བྱ་བའི་དབང་དུ་མཛད་ནས། ལན་གྲངས་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་སུ། ་རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་།ཅེས་འབྱུང་བའི་དོན་ནི་དེ་ལྟར་འཕགས་པ་འཁོར་དང་བཅས་པ་དང། འཇིག་རྟེན་སྐྱོང་བ་དང། འབྱུང་པོ་ཐམས་ཅད་ལ་མཆོད་པ་བྱས་ནས། བུམ་པའི་ནང་དུ་འཕགས་པ་སྤྱན་དྲངས་པ་དེ་ཉིད་ཀྱང་སྲོག ་དང་བཅས་པ་ལྟ་བུ་དམིགས་ཏེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ་ལ་ཡི་གེའི་ཕྲེང་བ་རྣམས་བཀོད་དེ་བཟླས་སོ། །ལྷའི་སྐུ་དང། ཟླ་བའི་དཀྱིལ་འཁོར་དང། ཡི་གེའི་ཕྲེང་པ་ལ་དུས་ཅིག་ཏུ་དམིགས་པ་ནི་འཇིག ་རྟེན་ན་ཟ་འོག་ལ་སོགས་པའི་གདིང་བ་ཁྲའོ་ལྟ་བ་དང་འདྲའོ། །ཟླ་བའི་དཀྱིལ་འཁོར་ཆུང་དུའི་ནང་དུ་ཡི་གེའི་ཕྲེང་བ་ཇི་ལྟར་མང་བ་ཇི་ལྟར་བཀོད་ཅེ་ན། སེམས་གོམས་པ་རྣམས་ལ་མི་རུང་བ་མེད་དེ། ཆུ་ཉུང་དུ་ཤིན་ཏུ་དང་བའི་ནང ་དུ་ཉི་ཟླ་དང། གཟའ་སྐར་ལ་སོགས་པས་བརྒྱན་པའི་ནམ་མཁའ་ཐམས་ཅད་སྣང་པ་བཞིན་ནོ། །རྒྱལ་པོ་ཞེས་པས་འཛིན་དུ་ཟང་དེ། གཞན་ཡང་ཁྲུས་ཀྱི་སྦྱོར་བ་བྱ་བའི་དབང་དུ་མཛད་ནས། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག ་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀུན། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར་ཞེས་གསུངས་ཏེ། དེ་ལྟར ་བཟླས་བརྗོད་ཀྱི་གྲངས་ཚང་ནས་ཕྱོགས་བཅུའི་ལྷ་རྣམས་དགའ་བར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་ཡང་བསྒྲག་པར་བྱ་སྟེ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག་།ཤར་ཕྱོགས་གདོན་གྱི་ཚོགས་བཅས ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །མི་སྟེ་སྲེག་བྱ་ཟ་བའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག་།ཕྱོགས་མཚམས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན ་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག་།མ་མོའི་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་ཀྱི་བདག་།སྣ་ཚོགས་བཅས ་ཀྱི་ཚོགས་བཅས་པ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །བདེན་པ་བསྲུང་བ་གདོན་གྱི་བདག་།ནུབ་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པ་བགྱིང་ཅིང་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང ་འཛིན་པའི་ལྷ། །ཆིག་བསྲུང་གདོན་གྱི་བདག་པོ་སྟེ། །རླུང་གི་ཚོགས་ཀྱི་གདོན་བཅས་ལ། །མཆོད་པ་བགྱིང་ཅིང་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་བེ་ཅོན་ཐོགས། །ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་དང་བཅས་པ ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག་།དབང་ལྡན་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ།། ་ས་འཛིན་ལག་པ་ཆེན་པོ་སྟེ། །དམ་ཚིག་ཤེས་པའི་གདོན་བཅས་ལ་།མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །སྟེང་གི་ལྷ་ཚོགས་ཐམས་ཅད་དང། ཟླ་བ་ཉི་མ་གཟའ་ཆེན་དང། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་པ་བགྱིད་ཅིང ་ཕྱག་ཀྱང་འཚལ། །དེ་ནས་ཤུ་ཏི་དང་བའི་རྣམ་ལྔ་ཆུ་དང་སྦྱར་བ་ལ་བདུད་རྩི་ཐབས་སྦྱོར་གྱི་སྔགས་གོང་དུ་སྨོས་པ་བཏབ་སྟེ། ཁྲུས་བྱེད་པའི་ལུས་བཀྲུས་ཏེ་དྲིལ་ནས་ཁྲུས་བྱས་ཏེ་གོས་སར་པ་བགོས་ནས་དཀྱིལ་གྱི་སྒོར?་འདུག་སྟེ། དེ་ལ ་བསྲུང་བ་ཆེན་པོ་བྱའོ། །ད་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱིན་ཏེ། དཀྱིལ་འཁོར་བསྐོར་དུ་བཅུག་ལ། གུས་པས་ཕྱག་བྱས་ལ། ཆོ་ག་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་རྩཝ་ཀུ་ཤ་བཀྲམ་པའི་སྟེང་དུ་བདེ་བར་འདུག་ལ། གསང ་སྔགས་བཟློས་པས་བུམ་པ་བླངས་ཏེ། གཟུངས་སྔགས་བཟླས་ཤིང་ཁྲུས་བྱེད་དུ་བཅུག་ལ་ཕྱི་ནང་གི་དྲི་མ་ཐམས་ཅད་མ་ལུས་པར་དག་པར་བསམ་མོ། །ཤིན་ཏུ་བདེ་ལེགས་དང་བཀྲ་ཤིས་དང། རྒྱལ་བར་གྱུར་ཅིག་བྱ་བའི་ཚིག ་དང་རོལ་མོའི་སྒྲ་སྐད་རབ་ཏུ་སྭན?་པ་དང་ཡང་ལྡན་པར་འགྱུར་རོ། །ཡུངས་ཀར་དང། ཞོ་དང་དུར་བ་དང། ལི་ཁྲི་དང། མེ་ལོང་དང། དུང་དང། བིལ་བའི་འབྲས་བུ་དང། འགི་ཝང་རྣམས་ཀྱང་སློབ་མའི་ནང་དུ་རས་ཁྲིའུ་བཏིང་བའི་ནང་དུ ་གཞག་སྟེ། རེས་བཀྲ་ཤིས་འདོན་པའི་ལག་ཏུ་བཞག་ནས་རྫས་དེ་རྣམས་རེ་རེ་ནས་བླངས་ཤིང་སྦྱིན་ནོ། །དེ་ནས་བྱབ་པ་བྱ་སྟེ། རྨ་བྱའི་སྟེང་དུ་ཟླ་བའི་སྟེང་དུ་གཟུངས་རིངས་བསམས་ལ། དེས་བྱ་བཅིང་གཟུངས་རིངས་བརྗོད་པས་བཤམས ་ལ་ཆེ་གེ་མོའི་སརྦ་བྱ་ཏི་ལ་སོགས་པ་སྦྱར་རོ། །དེ་ནས་བསྲུང་བ་བྱ་སྟེ། སྐུད་པ་ལ་བསྲུང་བ་བྱས་ལ་གདགས། གཟུངས་རིངས་བྲིས་ལ་དེ་ལ་རབ་གནས་བྱས་པ་གདགས་སོ། །དེ་ནས་ཡང་བསྲུང་བ་བྱ་སྟེ། རྡོ་རྗེ་ཕྱེད་དེའི་ལག་ཏུ་བྱིན་ནས་ཞི་བ ་དང་དགའ་བའི་སེམས་ཀྱིས་ལོང་ཞིག་ཅེས་བྱ་བའི་ཚིག་ཀྱང་བརྗོད་པར་བྱའོ། །རྡོ་རྗེ་ཕྱེད་པོ་དེ་ལ་བཟུང་ནས་གདོན་ཐམས་ཅད་ལས་ཐར་ནས་ལྡང་སྟེ། ཟླ་བ་སྒྲ་གཅན་འཛིན་གྱིས་གཟུང་པ་ལས་ཐར་བ་བཞིན ་དུ་ལུས་སྡིག་པ་དང་བྲལ་བའི་དབང་དུ་མཛད་ནས། སྡིག་པ་ཐམས་ཅད་བྱང་བྱས་ནས། སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང།། ་ཚེ་ཟད་པ་དང་ཚོ་ཉམས་དང། །ཕུན་སུམ་ཚོགས་མིན་གང་ཆགས་དང། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང། །མཛའ་སྡུག་སྐྱེ་བོ་སྡང་བ་དང། །བྲམ་ཟེ་ལ་སོགས་གཙེས་པ་དང། །ཕན་ཚུན་མཐུན་པ་མ་ཡིན་དང། །ནོར་འགྲིབས ་པས་ནི་གནོད་པ་དང། །མྱ་ངན་ངལ་ལས་གནོད་པ་དང། །འཇིགས་པ་དང་ནི་ཕོངས་པ་དང། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང། །མི་བཟད་གདོན་གྱིས་ཉེན་པ་དང། །མྱ་ངན་མངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང། །ཆོ ་ག་འདི་ཡི་ཕན་ཡོན་གྱིས། །དེ་དག་ལས་ནི་ཐར་བར་འགྱུར། །ཞེས་དགོངས་པའོ། །དེ་ནས་འབྱོར་ན་ཞི་བའི་སྦྱིན་སྲེག་བྱའོ། །ཡང་གཞན་དུ་ན་འདི་ལྟར་བྱའོ། །བྱམས་པ་ཆེ་དང་སྙིང་རྗེ་ཆེ། །མཉམ་པར་ལྡན་པར་བྱས་ཀྱང་རུང། །དེ་ཡང ་ཞི་བར་ཤེས་བྱ་སྟེ། །ནང་གི་སྦྱིན་སྲེག་དམ་པ་ཡིན། །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོག་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་ག་ཞེས ་