CLOSE WINDOW

N2556: rdo rje rnam par 'joms pa zhes bya ba'i gzungs dkyil 'khor gyi lag len go rims ji lta ba zhes bya ba
Wyliee-texts based on the ACIP/ALL Input

རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ལག་ལེན་གོ་རིམ་ཇི་ལྟ་བ་བཞུགས། ། ་#། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ནཱ་མ་དྷ་ར་ཎི་མཎྜལ་པྲ་ཀྲི་ཡ་ཡ་ཐཱ་ཀྲ་མ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར ་འཇོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ལག་ལེན་གོ་རིམས་ཇི་ལྟ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ ་ཕྱག་འཚལ་ལོ། །ན་མོ་རཏན་ཏྲ་ཡཱ་ཡ། ན་མ:ཙཎྜ་བཛྲ་པཱ་ན་ཡེ། རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་གས་རང་དམ་འགྲོ་བ ་གཞན་གྱི་གདོན་དང་ནད་རྣམས་ལས་གྲོལ་བར་འདོད་པའི་རྡོ་རྗེ་རིགས་ཀྱི་སྒྲུབ་པ་པོས། ཕྱུགས་ལྷས་སམ། ཤིང་གཅིག་དང་ལྷ་ཁང ་ངམ། ལམ་གྱི་གཞི་མདོ་འམ། ཁང་སྟོང་ངམ། ནགས་ཚལ་གང་ཡང་རུང་བར་བསམ་གཏན་གྱི་ཁང་པར་ཆག ་ཆག་དང་བའི་རྣམ་ལྔ་དང། སྤོས་དྲི་ཞིམ་པོས་བྱུག་རིས་བྱས་ལ། མཎྜལ་དང་མཆོད་པ་ཐམས་ཅད་རྫོགས་པར་བཤམས ་ནས། ཁྲུས་དང་འཐོར་འཐུང་དང་ཉེ་རེག་བྱས་ཏེ། སྟོད་གཡོགས་དང་སྨད་གཡོགས་གཙང་ཞིང་སར་པ་གོན་ལ། ཕྱག་ན ་རྡོ་རྗེའི་ང་རྒྱལ་གྱིས་མཆོད་པ་བྱིན་གྱིས་བརླབས་ལ། ཡུངས་ཀར་ལག་ཏུ་ཐོགས་ཏེ། ན་མོ་རཏན་ཏྲ་ཡཱ་ཡ། ནས་བིནདྷ་བིནདྷ ་བཛྲ་ཧཱུཾ་ཕཊ་ཅེས་པའི་བར་དུ་ལན་གསུམ་མམ་བཅུ་བརྗོད་དོ། །དེ་ནས་བུམ་པ་བཅའ་སྟེ། གསེར་དང་དངུལ་ལམ་མ་རྙེད་ན་ཟངས་སམས་ལས་བྱས་ཀྱང ་རུང་སྟེ། ལྟོ་བ་ཆེ་ལ་མགྲིན་པ་རིང་བ་ཞབས་ཞུམ་པ་ཁ་གཡེལ་བ། ནག་པོར་རི་མེད་པ། གྲངས་ལྷ་གྲངས་དང་མཐུན་པ་དྲུག་གམ། ཡང་ན་བདུན ་ནམ་གཅིག་ཀྱང་རུང་སྟེ། གུ་གུལ་གྱིས་བདུགས་པ་དང། ཡུངས་ཀར་གྱིས་བགེགས་བཟློག་ལ། དེར་འོ་མ་དང་ཆུ་ཉུང་ཟད་བླུག་པ་དེར་རིན་པོ་ཆེ ་རྣམས་དང། དྲི་ལྔ་དང། སྨན་ལྔ་དང་འབྲུ་ལྔས་དགང་ལ་མགྲིན་པ་གོས་ཀྱི་ཤིང་ལས་བྱུང་བའི་ཁ་ཚར་ཕུན་ཆེར་མ་ཉམས་པའི་མཐིང་ཤུན་གྱིས་ཁ ་བསྒྱུར་བ་འམ། དཀར་པོ་གསར་ཞིང་གཙང་བས་མགུལ་པ་བཅིངས་ལ། མེ་ཏོག་སྔོན་པོ་དང་བཅས་པས་ཁ་བརྒྱན་ལ་མགུལ་པ་རས་ཀྱི་སྟེང་དུ ་ཡུངས་ཀར་དང། རྩཝ་དུར་བ་ཉག་མ་བདུན་དང་བཅས་པ་དྲི་ཞིམ་པའི་མེ་ཏོག་ཕྲེང་བ་བཅིངས་ལ། མདུད་པ་ལ་ཧཱུཾ་བྲིས་པའི་བའི་ལྕི་བས ་ལ་མ་ལྷུང་བས་སོ། །གདུགས་དང་བ་དན་ཀྱང་ངོ། །དེ་ནས་མཎྜལ་གྱི་སྟེང་དུ་བཞག་གོ་།ཡང་ཁྲུས་དང་འཐོར་འཐུང་ཉེ་རེག་བྱས་ལ། ལས་ཀྱི་རྡོ་རྗེ་དང། ་གསང་གདུབ་དང། གདུབ་བུའི་ཆོ་ག་རྣམས་བྱས་ལ། དེར་རང་གི་སྙིང་གར་ཉི་མ་ལས་ས་བོན་ལྟས་པ་དེས་རིགས་གསུམ་འཁོར་དང་བཅས་པ་དམིགས་ལ། ་བདེ་བར་གཤེགས་པ་དམ་པའི་ཆོས། །ཚོགས་ཆེན་བཅས་ལ་ཕྱག་འཚལ་ལོ། །གཏུམ་པོ་ཕྱག་ན་རྡོ་རྗེ་ལ། །ཁྱད་པར་དུ་ཡང་ཕྱག་འཚལ་ལོ། །ཡིད ་འོང་མཆོད་རྫས་ཇི་སྙེད་རྣམས། །རིགས་གསུམ་འཁོར་དང་བཅས་ལ་དབུལ། །འཁོར་བ་ཐོག་མ་མེད་པ་ནས། །ད་ལྟ་སྡིག་པ་བགྱིས་པ་དང། །བགྱིད ་དུ་བརྩལ་དང་ཡི་རང་བ། །ཤིན་ཏུ་འགྱོད་པས་བཤགས་ཤིང་སྡོམ། །བདག་དང་གཞན་གྱིས་གང་བགྱིས་པའི། །དགེ་བ་ཀུན་ལ་རྗེས་ཡི་རང། །བྱང་ཆུབ་སྙིང་པོར་ཉེར་གནས་ཏེ། །གང་ཡང་བྱང་ཆུབ ་མཆོག་རྟོག་པའི། །བདག་གིས་གསོལ་བ་རྒྱལ་བ་ཀུན། །འཁོར་ལོ་དམ་པ་བསྐོར་དུ་གསོལ། །བྱ་བ་ཐམས་ཅད་བྱས་ནས་ནི། །སངས་རྒྱས་མྱ་ངན་འདའ་བ་རྣམས། །བདག་གིས་གསོལ་བས་རྒྱལ ་བ་ཀུན། །སངས་རྒྱས་མྱ་ངན་མི་འདའ་གསོལ། །ཕྱག་འཚལ་ལ་སོགས་བསོད་ནམས་གང། །ཇི་སྙེད་བདག་གིས་བགྱིས་པ་རྣམས། །ཇི་ལྟར་མགོན་པོས་མཁྱེན་པ་ལྟར། །བྱང་ཆུབ་ཏུ་ནི་ཡོངས་སུ ་བསྔོའོ། །དེ་ནས་རཾ?་གྱིས་རང་མ་རྟོགས་པ་སྟོང་པར་བསམ། ། སེར་པོས་གསེར་གྱི་ས་གཞིར་བསམ། །དེའི་སྟེང་དུ་བཾ་ལས་འོ་མ་ཅན་གྱི་རྒྱ་མཚོ་བསམ། །དེ་ནས་སུམ་ལས་རི་རབ་དེའི་སྟེང་དུ་བྲུཾ་ལས ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་དང་བཅས་པ། །དབུས་དང་མཚམས་བཞིར་འཁོར་ལོ་རྩིབས་བཞི་དང་ཕྱོགས་བཞི་ནི་གྲི་གུག་བཞིས་མཚན་པའོ། །དེའི་དབུས་སུ་རཾ་ལས་སྟོང་པར་སོང ་བའི་ངང་ལས་ཆོས་ཐམས་ཅད་རྡུལ་དང་བྲལ་བའི་སྒྲ་བྱུང་བར་བསམ། །ོཾ་ཛཝ་ལ་ན་ཡ་སྭཱཧཱ། དེ་ལས་སྣ་ཚོགས་རྡོ་རྗེ་ངོས་གཅིག་མེད་པ། དེ་ལས་རྡོ་རྗེ་རྣམ་འཇོམས་ཀྱི་སྐུར་གྲུབ། །སྐུ་ཡོངས་སུ་རྫོགས་པ ་ནི་སྐུ་མདོག་ལྗང་སྔོན་ཡིད་ཙམ་ཁྲོ་བ་གཡས་ན་རྡོ་རྗེ་རྒྱ་གྲམ་ལ་ངོས་གཅིག་མེད་པ་ཐུགས་ཀར་འཛིན་པ། གཡོན་དཀུར་བརྟེན་ཅིང་འགྱིང་བ། །མགུལ་རྒྱན་དང་དཔུང་རྒྱན་ལ་སོགས་པ་དང་ལྡན་པ།། ་སྟོད་གཡོགས་དར་ལ་སྨད་གཡོགས་ཚིག་གུ་ཅན་མནམས་པའོ། །ོཾ་ཙུ་རུ་ཙུ་རུ་ཙཎྜ་ཀི་ལི་ཀཱི་ལི་སྭཱཧཱ། ཨོཾ་ཏྲ་ས་ཡ་ཏྲཱ་ས་ཡ་བཛྲ་ཀི་ལི་ཀཱི་ལི་ཡ་སྭཱཧཱ། ཨོཾ་ཧ་ར་ཧ་ར་བཛྲ་དྷ་ར་ཡ་སྭཱཧཱ། ཨོཾ་པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྩ་ན་ཡ་སྭཱཧཱ། ཞེས་པ ་ལས། དབང་ལྡན་དང་མེ་དང་སྲིན་པོ་དང་རླུང་རྣམས་ཀྱི་འཁོར་ལོའི་སྟེང་དུ་གོ་རིམས་བཞིན་དུ་རྡོ་རྗེ་གདེངས་པ་དང། རྡོ་རྗེ་ཀ་ན་ཀ་དང། རྡོ་རྗེ་བེ་ཙོན་དང། རྡོ་རྗེ་ཐོ་བ་རྣམས་སོ། །དེ་རྣམས་ལ་གོ་རིམས་བཞིན་དུ་རྡོ་རྗེ་གཏུམ་མོ་དང། རྡོ་རྗེ་ཀི ་ལི་ཀཱི་ལ་དང། རྡོ་རྗེ་བེ་ཅོན་དང། རྡོ་རྗེ་ཐོ་བ་རྣམས་ཀྱི་སྐུར་གྲུབ་བོ། །ཁྲོ་པོ་རྡོ་རྗེ་གཏུམ་པོ་སྨུག་ནག་བཞིན་ཁྲོ་གཉེར་ཅན། །གཡས་པ་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱར་ཏེ་ཐོགས་པ། །ལྷ་ཐམས་ཅད་གཡོན་བསྟན་ནས་འགྱིང་པའོ། །རྡོ་རྗེ་ཀི་ལི་ཀི་ལ་ཡ་མདོག་ལྗང ་ནག་ཁྲོ་གཉེར་ཅན། །གཡས་ན་རྡོ་རྗེ་རྩེ་གཅིག་པ། །རྡོ་རྗེ་བེ་ཅོན་མཐིང་ནག་ཁྲོ་གཉེར་ཅན། སྨར་སེར་པོ་ཅན། །གཡས་ན་བེ་ཅོན་གྱི་རྩེ་མོ་རྡོ་རྗེས་མཚན་པ། རྡོ་རྗེ་ཐོབ་མདོག་ནག་པོ་ཤིན་ཏུ་ཁྲོ་བ་མཆེ་བ་གཙིགས་པ། །གཡས་ན་རྡོ་རྗེ་ཐོ་བ་ཐོགས་པའོ། །དེ་ནས་མཆོད་ཡོན་ལག་ཏུ ་ཐོགས་ཏེ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེཌ་ཚུར་གཤེཌ་ཁྲོ་རྒྱལ་རྣམས། །བདག་གི་མཆོད་ཡོན་བཞེས་ནས་ཀྱང། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ོཾ་ཨཱཧ་ར་ཨཱ་ཧ་ར་སརྦ་བི་དྱ་དྷ་ར་སྭཱཧཱ། ཞེས་པས་མཆོད་ཡོན་གྱི་སྤྱན་དྲངས་ལ་རང་ལ་བསྟིས་ལ། །ཕྱག་རྒྱ ་གསུམ་གྱིས་རྒྱས་གདབ་སྟེ། གོང་མའི་སྔགས་ལ་བརྗོད་ཅིང་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཀུག་ལ་ཕན་ཚུན་བསྣོལ་བའི་རྩེ་མོ་འཛུབ་མོའི་དྲུང་དུ་ཅུང་ཟད་བྱུང་བར་བྱས་ལ། གུད་མོ་གཤིབས་པའི་ཕྱི་རོལ་ནS་མཛུབ་མོ་གཉིས་བཀུག ་སྟེ་བར་ནས་གང་ཙམ་གྱིས་མ་རེག་པར་བྱས་འས?། །མཐེ་བོང་གཉིས་གཤིབས་པ་ནི་རྡོ་རྗེ་རྣམ་འཇོམས་ཀྱིའོ། །གཡོན་པ་ནི་བསྡིགས་མཛུབ་སྙིང་གར་བཞག་པ། གཡས་པ་སོར་མོ་གསུམ་བསྒྲེང་ལ་མཐེ་ཆུང་གིས་སེན་མོ་མཐེབ་མོས་མནན་པའོ། །ལག་པ་གཉིས ་ཁུ་ཚུར་ནང་དུ་བཅིངས་ལ། ཅུང་ཟད་བསྣོལ་བའི་ཚུལ་དུ་བཅུག་སྟེ། མཐེ་བོང་གཉིས་གྱེན་དུ་གཤིབས་ལ་བསྒྲེང་ངོ། །ལག་པ་ཐལ་མོ་ཕྱག་འཚལ་བའི་ཐལ་མོ་སྦྱར་བ་ལས། མཐེ་བོང་གཉིས་བསྒྲེང་ཏེ་ཚིགས་བར་པ་བཀུག་ནས་སྲིན་ལག་གི་དྲུང་དུ་གཟུགས་སོ།། ་ལག་པ་གཉིས་ཁུ་ཚུར་བཅངས་ཏེ་མཐེ་བོང་གཉིས་བསྒྲེངས་ཏེ། མཐེའུ་ཆུང་གཉིས་ནང་དུ་གཞུག་ཕྱག་རྒྱ་ཆེན་པོ་རྣམས་གོང་མ་བཞིན་བསྒོམས་པས་རྒྱས་གང་བ། །དེ་ནས་མཆོད་པ་དང་བསྟོད་པ་བྱ་།དེ་ནས་བྲུཾ་ལས་རིན་པོའི་བུམ་པ་ལ་ནང་འོ་མ་ཅན་ཀྱི ་རྒྱ་མཚོ་ལས་པདྨ་འཁྲུངས་པར་བསམས་ལ། པདྨའི་སྟེང་དུ་ཟླ་བ་རོ་དེའི་སྟེང་དུ་སྔགས་ལྔས་ལྷ་ལྔ་བསྐྱེད་ལ་ཡེ་ཤེས་ཀྱི་ལྷ་རྣམས་མཆོད་ཡོན་གྱིས་སྤྱན་དྲངས་པ་བསྟིམས། །ཕྱག་རྒྱ་གསུམ་གྱིས་རྒྱས་བཏབ་ནས་མཆོད་བསྟོང་བྱས་ལ། བུམ་པའི་སྟེ ་དུ་བཞག་ལ། དེ་ལ་གཟུངས་ཐག་བཏགས་ལ། རང་དང་ལྷའི་ཐུགས་ཀར་སྔར་གྱི་སྔགས་ལྔ་པོ་གང་བཟློས་པ་གསལ་བར་དམིགས་ལ། ཕྲེང་བ་སྙིམ་པར་བཅུག་ལ་གཟུངས་ཐག་ནས་བཟུང་ལ། ཨོཾ་བཛྲ་ཨ་ཙིནདྷ་ཡེ་སྭཱཧཱ། ཞེས་བརྗོད་པ་ཕྲེང་བ་ལགས་གཡས ་པས་བཟུང་ལ་སོ་སོའི་སྔགས་བཟླས་པས་ཡི་གེ་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་ཡེ་ཤེས་སེམས་དཔའ་མཉེས་ཤིང་བུམ་པར་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་ཁེངས་པར་བསམ། །ཐུན་རེ་ལ་གླ་ལ་དང་སྤྲིང་པ་གསང་སྦུབས་ལ་སོགས་པ་སྤངས་ལ་མ་ཡེངས་པར ་འཛབ་དུ་དབུལ་ལོ། །གླལ་ལ་སོགས་བྱུང་ན་ཁྲུས་སོགས་བྱས་ལ་བཟླས་པ་བསྐྱར་ཡང་ན་ཀུན་ལ་ཐུན་མོང་དུ་ཡང་སྙིང་ཐུན་རེ་ལ་བརྒྱ་རྩ་བརྒྱད་དམ་ཇི་ལྟར་ནུས་པ་དབུལ། དེ་ནས་མཆོད་བསྟོད་བྱས་ལ། ཕྱི་རོལ་དུ་དཔུང་བཟངས་ལས་འབྱུང་བ ་བཞིན་གཏོར་མ་བཏང་ལ། ལུས་ངག་གི་ཀུན་སྤྱོད་བྱ། ཐུན་གཉིས་ཕན་ཆོད་རང་ཁྲུས་སོགས་བྱས་ལ་མཆོད་བསྟོད་བཟླས་པ་བྱའོ། །ཐུན་ཐ་མ་ལ་མཆོད་བསྟོད་གཏོར་མ་བཏད་པའི་རྗེས་ལ་བཟོད་པར་གསོལ་ལ། སླར་ཡང་བདག་ལ་ངེས་པར་ནི། །རྗེས་སུ་བཟུང་བར ་མཛད་ནས་ཀྱང། །མགོན་པོ་རིག་དང་སྔགས་བཅས་པས། །ཅི་བདེ་བར་ནི་གཤེགས་སུ་གསོལ། །ཞེས་ཐབས་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ། །ཁྲོ་བོ་བཞི་པོ་རང་ལ་བསྡུ། རང་བདུད་རྩི་འཁྱིལ་པར་བསྒྱུར་ལ་ཉལ། །ཡང་ཐོ་རངས་ཁྲུས་དང་མཐོར་འཐུང་ཉེ་རེག་དང ་ལས་གྱི་རྡོ་རྗེ་ཆོ་ག་ནས་བཟུང་ལ་ཐམས་ཅད་སྔར་བཞིན་བྱས་ལ། མེ་ལོང་གི་ངོས་ལྟར་མཉམ་པ་ལ་རྣམ་ལྔ་དང་དྲི་ཞིམ་པོས་བྱུགས་ལས་བཟུང་བྱའོ། །དེ་ནས་ཁྲུས་དང་འཐོར་འཐུང་ཉེ་རེག་བྱས་ལ། ས་གཟུང་ཉི་མ་ནས་བརྩམས་ཏེ། །སློབ་མ་དཀྱིལ་འཁོར་འཇུག ་གི་བར། །སློབ་དཔོན་རྟོགས་པར་འཇུག་པར་བྱ། །དྲི་དང་བཅས་པའི་ཟས་བཟའ་ཞིང། ཞེས་གསུངས་པས། བསྙུང་བ་ལ་གནས་པ་འམ། ཡང་དཀར་གསུམ་ལ་དྲིས་བསྒོས་པ་ཉུང་ཟད་ཙམ་བཟའ་ཨོ། །དཀྱིལ་འཁོར་གྱི་དབུས་སམ་ནུབ་ཕྱོགས་སུ་ཀུ་ཤའི་སྟན་ལ་འདུག ་སྟེ། ལྷ་དྲུག་གི་སྒོ་ནས་རང་ལྷ་ལྔར་བསྐྱེད་ཅིང་ཡེ་ཤེས་བཅུག་ནས་རྒྱ་གསུམ་གྱིས་བཏབ་པ་ལ། ཤར་ཕྱོགས་ནས་སློབ་མ་འམ་ཡོན་གྱི་བདག་པོས་ཁྲུས་ལ་སོགས་པ་བྱས་ནས་གོས་གཙང་ཞིང་གསར་པ་གོན་ལ་མེ་ཏོག་གི་ཕྲེང་བ་དྲི་ཞིམ་པོས་བསྒོས་པ་ལག་ཏུ་ཐོགས ་ལ་ཙོག་པུར་འདུག་སྟེ། མདོ་སྡེ་དམ་པ་མཉན་པར་བྱ། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་འབྱུང་པོ་ཐམས་ཅད་ཀྱི། །མི་ཟད་པ་ཡི་ནད་རྣམས་ཀྱང། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། ་དེ་བས་རྡོ་རྗེ་རིགས་མཆོག་གི། རྣམ་འཇོམས་དཀྱིལ་འཁོར་བཤད་དུ་གསོལ། །ཞེས་དང་བའི་དད་པ་དང་ལྡན་པས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་སྔགས་འཆང་བསྒྲེང་སྟེ། རང་གི་ལྷའི་འཁོར་ལོ་ནམ་མཁའ་ལ་བཏེག་ལ། རང་བདུད་རྩི་འཁྱིལ་པར་བསྒྱུར་ལ། མིག་ལ་ཧཱུཾ ་བཀོད་ལ་ཉི་ཟླ་འབར་བར་བྱ་ཞིང། རྐང་པ་གཉིས་སུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཁ་གྱེས་པར་བསམས་ལ། །སེ་གོལ་གྱི་སྒྲ་བརྡབས་ཤིང་ཁྲོ་བོའི་ལྟ་བས་ཕྱོགས་མཚམས་ཐམས་ཅད་བལྟ་ཞིང་རྡོ་རྗེ་ལན་གསུམ་དུ་གསོར་ལ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། ། ་ཐུགས་རྗེ་ཅན་གྱི་ཐབས་ཆེན་དེ། །ཞི་ཡང་སེམས་ཅན་གདུལ་དོན་དུ། །དྲི་མ་མེད་པའི་ཁྲོ་བོར་གྱུར། །བཅོམ་ལྡན་བདུད་རྩི་འཁྱིལ་པ་དེ་ལ་ཕྱག་འཚལ་ལོ། །བདུད་རྩི་འཁྱིལ་པའི་སྔགས་རིངས་བརྗོད། །དེ་ནས་སེང་ལྡེང་གི་ཕུར་བུ་སྟོད་བདུད་རྩི་འཁྱིལ་པའི་རྣམ་པ ་ལ་སྨད་ཟུར་གསུམ་པར་འདུག་པ་ལ། ན་མོ་རཏན་ཏྲ་ཡཱ་ཡ་ནས། །ཀྲོ་དྷ་ཀྲོ་དྷ་ཀི་ལི་ཀཱི་ལ་ཡ་སྭཱཧཱ། ཞེས་བྱ་བའི་བར་ལན་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་དམ་མ་ནུས་ན་ལན་གསུམ་བཏབ་ལ། དབུས་དང་མཚམས?་བཞིར་གདབ། ཅོད་པན་དང་ཙན་དན ་དམར་པོས་ཐིག་ལེ་གསུམ་དང་གུ་གུལ་དང། ཡུངས་ཀར་དང། དྲི་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང། དབུའི་གཙུག་ཏོར་རྣམས་རྫོགས་པར་བྱའོ། །དེ་ནས་བརྟན་མ་ལྷག་གནས་བྱ་སྟེ། གཡས་པའི་སྲིན་ལག་གིས་ཧཾ་གིས་བཀུག་ལ། དྲི་སྔོན་དུ་སོང་བའི་རྣམ ་ལྔས་མཆོད་ལ་སྤོས་ཐོགས་ལ། །སྐྱོབ་པ་སངས་རྒྱས་ལ་སོགས་ཀྱིས། །མཁྱེན་པ་གསོལ་པ་ལན་གསུམ་བྱ། །དེ་ནས་ལྷ་ལྔའི་ས་དང། ཕྱོགས་སྐྱོང་གི་གནས་སུ་དྲིའི་ཐིག་ལེ་དང། མེ་ཏོག་གི་ཚོམ་བུ་བྱས་ལ་ལྷ་ལྔ་ནམ་མཁའ་ནས་ཕབ་ལ་བཞུགས་སུ་གསོལ། །ཕྱོཌ ་སྐྱོད་རྣམས་ཡིད་ཙམ་མམ། །ཡང་ན་རི་རྒྱལ་གཉའ་ཤིད་འཛིན་གྱི་ཚུལ་ལྟོ་ནས། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་བཞུགས་སུ་འཆལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །ལོག་འདྲེན་གཞོམ་པའི་སླད་དུ་འདིར་གཤེགས་ཤིག་།ེ་ཧཡེ་ཧི་ད་ཤ་ལོ་ཀ་ས ་པ་རི་བཱ་ར་ས་མ་ཡ་སྟཝཾ་ཞེས་བརྗོད་དོ། །དེ་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་པ་ཀུན་གྱིས་ཀྱང་བསྟོད་ལ། །བུམ་པ་མ་ཚང་བ་འདིར་བཅའ་ཞིང་བུམ་པ་ལ་མཆོད་ལ་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་ཏུ་སྔ་མ་བཞིན་དུ་བཟླས་སོ། །ཡོན ་བདག་དང་སློབ་མ་ཡང་ཁྲུས་ལ་སོགས་བྱེད་དུ་བཅུག་ལ། གསུམ་ལ་སྐྱབས་འགྲོ་སྦྱིན། གཏོར་མ་བཏང་ལ་པུས་མོ་གཡས་པ་གཙུགས་ལ། དྲིལ་བུ་བསིལ་ཤིང་རྡོ་རྗེ་སྤོས་ཐོགས་ལ། རྡོ་རྗེ་རྣམ་འཇོམས་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །རིག ་རྒྱལ་ཁྲོ་བོའི་ཚོགས་རྣམས་དང། །གང་ཡང་གསང་སྔགས་ལྷ་རྣམས་དང། །འཇིག་རྟེན་སྐྱོང་བ་མཐུ་ཆེན་རྣམས། །མ་ལུས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་རྣམ་འཇོམས་དཀྱིལ་འཁོར་ནི། །འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར། །ཁྱེད་རྣམས་ལ་ཡང་མཆོད་པའི ་ཕྱིར། །ཡོ་བྱད་ཅི་འབྱོར་པས་འབྲིན། །ཁྱོད་ཀྱིས་སྣང་བ་མཛད་པ་དང། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད། ཉི་མ་འཆར་ཁ་སྔགས་འཆང་གཡོག་དང་བཅས་པ་ཐིག་ཇི་ལྟ་བ་བཞིན་སྒྲུབས་ལ། ཡེ་ཤེས་ཀྱི་ཐིག་དང་ལས་ཀྱི་ཐིག་དང། ཀུན་ལ ་སློབ་དཔོན་ཁ་ནུབ་ཏུ་ལྟ་བ་ལྷག་མའོ། །སེང་ལྡེང་གི་ཕུར་བུས་དབུས་སུ་བཏབ་ལ། སྲད་བུ་བསྟོད་པས་བསྐོར་ཕྱོགས་སུ། རྣམ་འཇོམས་ཀྱི་གནས་ཆ་ཆེན་གཅིག་ལ་བསྐོར། །མུ་ཁྱུད་ཆ་བྲན་ལྔ་པ་བསྐོར། དེ་ནས་ལྷ་རྣམས་ལ་ཐུག་པ་ལ་འཁོར་ལོའི་མུ་ཁྱུད་ཆ་བྲན་གཉིས་བསྐོར། །དེ ་ནས་ཕྱི་རོལ་རྡོ་རྗེ་ར་བ་དང། མེ་རི་རྟ་བབས་ཀྱི་ཕྱི་རོལ་དུ་ཆ་བྲན་གཉིས་གཉིས་ལ་བསྐོར། དེ་ནས་འགྲུས་ཐིག་བཏབ་ལ་འཁོར་ལོ་རྩིབས་བཞི་ཐིག་བཏག། ཕྱོགས་བཞིར་གྲི་གུག་རེ་བྱ། དེ་ནས་ཚོན་བསྒྲུབས་ལ། ཕྱོགས་ཚོན་ལ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང། དབུས ་མཐིང། འཁོར་ལོ་བཞི་དང་གྲི་གུག་སྔོ་སྐྱ། པདྨ་རཱ་ག་དང་པོར་སྔོ། །དེའི་ཕྱི་རོལ་ལྗང། དེའི་ཕྱི་རོལ་དམར། དེའི་ཕྱི་རོལ་སེར། ?་གྱི་ཕྱི་རོལ་དཀར་པོ། དེ་ནས་འཁོར་ལོའི་དབུས་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་དྲིས་ལ། དབུས་རྡོ་རྗེ་རྒྱ་གྲམ་ལྗང་སྔོན་ལ་ངོས ་གཅིག་མེད་པ་དྲིས་བྱང་ཤར་གྱི་རྩིབས་ལ་རྡོ་རྗེ་རྩེ་ལྔ་པ་སྨུག་ནག། ཤར་ལྷོའི་རྩིབས་ལ་རྡོ་རྗེ་རྩེ་གཅིག་པ་ལྗང་ནག། ལྷོ་ནུབ་ཀྱི་རྩིབས་ལ་བེ་ཅོན་མཐིང་ནག། ནུབ་ཕྱང་གི་རྩིབས་ལ་ཐོབ་ནག་པོ་བྲི་འཁོར་ལོའི་མུ་ཁྱུད་དཀར་པོ་ལ། གྲུ་ཆེད་ལྗང་གུ་ལ་བུམ་པ་བྲི། ལྷའི་རྣམ་བུར་ཕྱོགས་སྐྱོང་དགོང ་དེ་ཡང་གསང་བའི་སྤྱི་རྒྱུར་ལས། །བརྒྱ་བྱིན་གྱི་ནི་རྡོ་རྗེར་གསུངས། །མེ་ལྷའི་ཕྱག་མཚན་མེ་ཐབ་ཡིན། །གཤིན་རྗེ་ཡི་ནི་བེ་ཅོན་ཏེ། །བདེན་བྲལ་གྱི་ནི་རལ་གྲི་སྟེ། །ཆུ་བདག་གི་ནི་ཞགས་པར་བྱ། །རླུང་ལྷའི་ཕྱག་མཚན་རྒྱལ་མཚན་བསྣམས། །ཀུ་བེ་ར་ཡིས་དབྱུག་སྔོན་ནོ། །དབང་ཕྱུག ་གི་ནི་ཏྲི་ཤུལ། །ས་ཡི?་ལྷ་མོ་བུམ་པའོ། །ཉི་ཟླའི་ཕྱག་མཚན་དེ་ཉིད་དོ། །དེ་རྣམས་གདན་བྱས་པའི་སྟེང་དུ་དགོད་པར་བྱའོ། །དེ་ནས་སྒོ་བཞིར་ནུབ་ཀྱི་སྒོར་དཔལ་བེའུ་དང་འཁོར་ལོ། །བྱང་གི་སྒོར་གདུགས་དང་རྒྱལ་མཚན། ཤར་གྱི་སྒོར་པདྨ་དང་བུམ་པ། ལྷོའི་སྒོར་དུང་དང་ཉ་བྲི། དེ ་ནས་རྟ་བབས་ལ་སོགས་རྫོགས་པར་རོ། །དེ་ནས་དཀྱིལ་འཁོར་གྱི་གནས་པའི་རྣམ་ལྔ་དང་དྲི་ཞིམ་པོས་ཉེ་བར་བྱུགས་ལ། བླ་རེ་དང་རྒྱལ་མཚན་དང། བ་དན་དང། ལྷབ་ལྷུབ་ཀྱིས་དཀྱིལ་འཁོར་གྱི་གནས་བརྒྱན་ཅིང། མེ་ཏོག་སིལ་མ་གཏོར་ཞིང་མཆོད་པའི་ཡན་ལག ་ཐམས་ཅད་བཤམས་ལ་དྲ་ཕུར་བྲེས་ལ། དེ་ནས་སྔགས་འཆང་བདག་ཉིད་ཁྲུས་ལ་སོགས་པ་ཐམས་ཅད་ལ། ནུབ་སྒོར་རྩཝ་ཀུ་ཤའི་སྟན་ལ་འདུག་ལ། ལས་གྱི་རྡོ་རྗེའི་ཆོ་ག་དང་གསང་གདུབ་དང་གདུ་བུའི་ཆོ་ག་རྣམས་བྱས་ལ་མཎྜལ་བླང་ལ་མཚན་མ་དང་སྟ་གོན་གྱི་ལྷ་བསྲེས ་ལ། མེ་ཏོག་སྔོན་པོའི་ཕྲེང་བ་ཐོགས་ལ་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང། ཨོཾ་བཛྲ་ཛཝ་ལ་ན་ཡ་སྭཱཧཱ། ཞེས་བརྗོད་ཅིང་ལན་གསུམ་གསུམ་བསྐོར་བ་བྱས་ལ། མེ་ཏོག་རྡོ་རྗེ་རྣམ་འཇོམས་ཀྱི་དབུལ་ཕུལ། སླར་རང་གི་མགོ་ལ་བཅིངས་ལ། ནུབ་སྒོར་འགྲེང་ལ་ཁྲོ་བོའི་བསྟོད་པ་བཏང་ལ། ་བགེགས་གང་ལ་ལ་ཞིག་སྔོན་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ། དངོས་གྲུབ་ཀྱི་བར་ཆད་རྩོམ་པ། རིག་པའི་རྒྱལ་པོ་དྲག་པོས། རྡོ་རྗེ་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་བ་བདུན་དུ་འགས་སོ་ཞེས་བརྗོད་ཅིང། ཨ་མོ་གྷ་བཛྲ། ཨེ་ཧཡེ་བཛྲ། ཞེས་པ་ནས། བཛྲ་རཱ་ག་ཛཝ ་ལ་ཡ་སྭཱཧཱའི་བར་དུ་ལན་ཅིག་བརྗོད་པས་མཚམས་བཅད། དེ་ནས་སྔགས་འཆང་ནུབ་སྒོར་ཀུ་ཤའི་གདན་ཉིད་ལ་བསྡད་ལ། དྲིལ་བུ་བསིལ་ཞིང་སྤོས་སྣོད་ཐོགས་ལ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་བདུད་ཁམས ་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིག་རྟེན་ཐམས་ཅད་འཇོམས། །ལོག་འདྲེན་སྲིན་པོ་མ་ལུས་གདུལ་བ་ཡི། དཔའ་བོ་དཔའ་མཚན་སྟག་ལྤགས་རློན་པ་གསོལ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་གསོལ་འཚལ། །ལོག་འདྲེན་འཇོམས་པའི་སླད་དུ་སྟན? ་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །བཛྲ་བི་དྷ་ར་མཧཱ་ཀྲོ་དྷ་ས་བ་རི་བཱ་ར་ས་མ་ཡ་སྟཝཾ་ཞེས་བརྗོད། དེ་ནས་མཆོད་ཡོན་ཕུལ་ལ། དམ་ཚིག་ལ་ཡེ་ཤེས་གཞུག་པ་ནི། །མ་ཏི་སྠི་ར་བཛྲ། སུ་ཏིསྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མཧཱ་བཛྲ། ཨ་པྲ?་ཏི?་ཧ་ཏ ་བཛྲ། ཞེས་པས་བཞུགས་སུ་གསོལ། །དེ་ནས་དམ་ཚིག་ཆེན་པོ་དེའི་ཕྱག་རྒྱ་བསྟན་ཏེ། ལག་པ་གཡས་པའི་མཐེ་བོང་མཐེའུ་ཆུང་མནན་ལ་ལྷག་མ་རྡོ་རྗེ་རྩེ་གསུམ་པའི་ཚུལ་དུ་བསྒྲེང་པའོ། །ོཾ་ཤཾ་ཀ་རེ་མཧཱ་ས་མ་ཡེ་སྭཱཧཱ་ཞེས་བརྗོད་པ་ནི་དམ་ཚིག་ཆེན་པོའི་སྔགས ་དང་ཕྱག་རྒྱའོ། །དེ་ནས་ཕྱག་རྒྱ་གསུམ་གྱིས་གདབ། །དེ་ནས་བུམ་པ་སྔར་བཞིན་བཟླས་ལ་གཞུག་གོ། དམ་ཚིག་གསོ་སྟེ་ལག་པ་གཉིས་རྒྱབ་ཏུ་ཐལ་མོ་སྦྱར་བའི་ཚུལ་དུ་བྱས་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་སོ་སོར་འཁྱུད་ལ་ལྟེ་བའི་ཐད་ཀར་བཞག་ལ། ཨོཾ ་བཛྲེད?་བྷ་པ་ཡ་སྭཱཧཱ། ཞེས་བརྗོད་པ་རྡོ་རྗེ་རིགས་ཀྱི་དམ་ཚིག་བསྐོར་ཞིང་གསོང་གོ?་སྐུ་ཁྲུས་གསོལ་མཆོད་ཡོན་ཕུལ། དྲི་སྔོན་དུ་འགྲོ་བ་རྣམ་ལྔ་དབུལ། འདོད་ཡོན་དང་རིན་པོ་ཆེ་སྣ་བདུན་དང། འཕྲ་མཆོད་དབུལ། དེ་ནས་བསྟོད་དེ། ཆོས་ཉིད་སྟོང་པ་གཉིས་མེད་དང་ཉིད་ལས།། ་འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་སྟེ། །ཐབས་ལ་མཁས་པ་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང ་སྡིར་བའི་སྒྲ། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཡེ་ཤེས་རོལ་པས་རབ་སྟོན་ཅིང། །བསྡིགས་པའི་མཚོན་ཆ་མང་པོ་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་སྣ་ཚོགས་འཇོམས་མཛད་པ། །དུག་སྦྲུལ་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །ཧཱུཾ་གཏུམ་ཆེན ་འབར་པ་བསྐལ་པའི་མེ་ལྟར་འབར། །ཁྲོ་གཉེར་ཀློག་སྟོང་འོད་ཟེར་འགྱུ་བ་བཞིན། །རྔམ་བའི་ང་རོ་འབྲུག་སྟོང་བཞིན་དུ་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་གློང་དཀྱིལ་ནས། །དཔའ་བོའི་སྟངས་སྟབས་བརྐྱང ་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་ནས་དཔུང་བཟངས་ནས་འབྱུང་བ་བཞིན། །ཤར་ཕྱོགས་རྡོ་རྗེ་ཅན་དེ་ལྷ་ཚོགས་བཅས། །ཞེས་བྱ་བ་ལ་སོགས་བ་དང། དབང་པོ་རྡོ་རྗེ ་འཆང་བའི་ལྷ་ཞེས་པ་ལ་སོགས་ཀྱིས་ཕྱོགས་སྐྱོང་ལ་གཏོར་མ་དང་བསྟོད་པ་བྱ། །འབྱུང་པོ་གང་དག་རི་རབ་སྟེང་གནས་ལ་སོགས་ཀྱིས་འབྱུང་པོའི་གཏོར་མ་བཏང། །དེ་ནས་གང་ཟག་དེ་ཁྲུས་དང་འཐོར་འཐུང་དང་ཉེ་རེག་བྱེད་དུ་བཅུག་ལ་གོས་གཙང་མ་གོན་དུ་བཅུག་། ་དཀྱིལ་འཁོར་དང་སྔགས་འཆང་གཉིས་ལ་ཕྱག་བྱེད་དུ་བཅུག་ལ། ལག་ཏུ་མེ་ཏོག་གི་ཕྲེང་པ་དང་བཅས་པས། རིགས་སྔགས་འཆང་ཆེན་དགོངས་སུ་གསོལ། །བདག་ནི་སྡུག་བསྔལ་ལས་ཐར་ཕྱིར། །རྡོ་རྗེ་འཛིན་དེ་འཁོར་བཅས་ལ། །བདག་ནི་གུས་བསྐྱབས་སུ ་མཆི། །ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་སྔགས་འཆང་གིས་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པར་བྱ་སྟེ། ཇི་ལྟར་སྔོན་ཚེ་བདེ་གཤེགས་ཕོ་བྲང་དུ། །གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི། །རྗེས་མཐུན་ཕྲིན་ལས་ཁྱད་པར་གང་བསྒོ་པ། །དམ་བཅས་ཕྲིན་ལས་དེ་ནི་གྲུབ ་པར་མཛོད། །དེ་སླད་བགེགས་དང་ལོག་འདྲེན་ཚར་བཅད་ལྟར། །འགྲོ་བ་ཉམ་ཐག་འདི་ནི་གཟུང་བའི་ཕྱིར། །སྡུག་བསྔལ་ངེས་བསལ་བདེ་མཆོག་ལ་སྦྱར་བའི། །ཁྲོ་རྒྱལ་ཁྱེད་ཀྱིས་དེང་འདིར་བྱིན་བརླབས་གསོལ། །དེ་ནས་འགྲོ་བ་དེ་རྩཝ་ཀུ་ཤའི་སྟེང་དུ་བཞག་ལ། གདུག་པའི ་སྔགས་ཀྱིས་བགེགས་བསྐྲད་དེ། ན་མོ་རཏན་ཏྲ་ཡཱ་ཡ་ནས་ཧཱུཾ་ཕཊ་ཀྱི་བར་དུ་བརྗོད། དེ་ནས་ལས་བུམ་གྱིས་བཀྲུ་ཞིང་སྡིག་པ་ཐམས་ཅད་བྱང་བྱས་ནས། ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར་ཞེས་པའི་བར་དུ་ཁྲུས་ཀྱི་ཕན ་ཡོན་བརྗོད་ཅིང་བཀྲུའོ། །དེ་ནས་ཁྲུས་སའི་སྟེགས་བུ་གསུམ་པ་ལ་ཁྲུ་ངོ་སྟོང་བར་དབུས་སུ་བཞག་ལ། ཁྲུ་ཕྱེད་ལྷ་རྣམས་ལ་ཕྱོགས་སྐྱོང་རྣམས་བཀོད་ལ་ཁྲུ་གང་ལ་རྟ་བབས་མེད་པའི་སྒོ་བཞི་བྲིས་ཏེ། དབུས་སུ་རྩཝ་ཀུ་ཤ་བཏིང་བར་འགྲོ་བ་དེར་བཞག་པ་འམ། ་ཁྲུམ་སའི་སྟེགས་བུམ་འབྱོར་ན། དཀྱིལ་འཁོར་གྱི་ལྷ་ལྔ་བུམ་པར་ཡིད་ཀྱིས་སྤྱན་དྲངས་ལ། རྨ་བྱའི་སྒྲོལ་སོགས་པ་མཚན་མ་ལྔ་པོ་ཕྱིས་ལ། དེ་རྩ?་ཀུ་ཤ་འམ་རས་དཀར་པོ་བཏིང་ལ། འགྲོ་བ་དེར་བཞག་ལ་བུམ་པ་རྣམས་ཐོགས་ཏེ། གང་ལ་སེར ་སྣ་རྣམས་ཆགས་པའི། །རྣམ་འཇོམས་དྲི་མེད་མཛད་པ་ཡི། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་སྡུད་མཛད་ཅིང། །ཆོས་རྣམས་ཐམས་ཅད་སྟོན་པ ་དེས། །ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར། །སྐྱོབ་པ་གང་གིས་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་གིས་འཁོར་དབར?་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར། ། ་སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །བརྒྱ་བྱིན་བཅས་པའི་ལྷ་རྣམས་དང། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་བྱིན་གྱུར་ཅིག་།སངས་རྒྱས་བསོད་ནམས་མཐུ་དག་དང། །ལྷ་རྣམས་ཀུན་གྱིས་བསམས་པ་ཡིས། །ཁྱེད་ཀྱི་འདོད་དོན་གང ་ཡིན་པ། །དོན་དེ་དི་རིང་གྲུབ་འགྱུར་ཅིག་།ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག་།ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག་།ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤོག་།ཅེས་བརྗོད་ལ། ན་མོ་རཏན་ཏྲ་ཡཱ་ཡ་ནས་ན་མ(རྒྱུད་འགྲེལ་བཛྲ་པཱ་ན་ཡེ། མཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ཨོཾ་ཛཝ་ལ་ན་མ་ཡ། ཤཱན་ཏི་ཀུ་རུ་སྭཱ་ཧཱ། ཞེ་སཁྲོ་བོ་བཞིའི་སྔགས་དང་འབྲུ་སྤེལ་ལ་བཀྲུ། སྡིག་པ་དང་ནད་དང་གདོན་ལ་སོགས་པ་དག་པར་བསམས་ལ། ཤར་སྒོ་ནས་བཏོན་ལ་གསུམ་ལ་སྐྱབས་སུ་འགྲོ་བ་བྱིན ་ལ་སྙིང་གར་རྡོ་རྗེ་རྣམ་འཇོམས་ཀྱི་ཕྱག་མཚན་བསྐྱེད་ཅིང་བཅུག་ལ་བཞག་།དེ་ནས་སློབ་མ་རྡོ་རྗེའི་རྭ་འཛིན་དུ་བཅུག་ལ། ཡ་གཅིག་ནས་སློབ་དཔོན་གྱིས་བཟུང་ལ། འགྲོ་བ་འདི་ལ་ང་ཡིས་བསྲུང་ཟིན་གྱིས། །ད་ནི་འདི་ལ་སུ་ཡང་གནོད་མི་བྱེད། །གལ་ཏེ ་འདི་ལ་གནོད་པ་བྱས་གྱུར་ན། །མགོ་བོ་ཚལ་པ་བརྒྱར་ནི་འགས་པར་འགྱུར། །ཞེས་བརྗོད་ལ། བསྲུང་བའི་འཁོར་ལོ་འམ་བསྲུང་སྐུད་གདགས། ཉི་མ་གཟའ་ལས་གྲོལ་བ་བཞིན་དུ་ཆེ་གེ་མོ་འདི་ཡང་ནད་དང་གདོན་ལ་སོགས་པ་ལས་གྲོལ་བར་གྱུར་ཅིག་། ་རྒྱལ་བར་གྱུར་ཅིག་མང་དུ་བརྗོད་ཅིང་རོལ་མོ་མང་དུ་ཡང་རྡུངས་དུ་གཞུག་གོ་།དེ་ནས་རས་དཀར་པོ་གཙང་མའི་སྟེང་དུ་བཀྲ་ཤིས་ཀྱི་རྫས་རྣམས་བཞག་སྟེ། ཡུངས་ཀར་དང། དུར་བ་དང། བིལ་བ་དང། གི་ཝཾ་དང། ལི་ཁྲི་དང། ཞོ་དང། མེ་ལོང་དང། ་དུད་གཡས་སུ་འཁྱིལ་བ་དང། བརྒྱད་བྱིན་ཏེ། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་པོ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་འགྱུར་བར། །བཀྲ་ཤིས་དེས་ཀྱང་ཐམས་ཅད་ཞི་བར་ཤོག་། ་དུར་བས་ཚེ་ནི་འཕེལ་བར་བྱེད་པས་སྟེ། །རྡོ་རྗེ་སེམས་དཔའ་ཨི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག་།བིལ་བས་རྒྱུ་རྐྱེན་འབྲས་བུར་གྱུར་པའི་ཆོས། །འཇིག་རྟེན་པ་ལས ་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་མཆོག་ཏུ་གྲུབ་གྱུར་ཅིག་།གི་ཝང་དུག་གསུམ་འཇོམས་པའི་ནད་ཀྱི་སྨན། །ཆོས་ཀྱི་ཆོས་ཉིད་རབ་ཏུ་རྟོགས་ནས་ནི། །ཉོན ་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་བྲལ་གྱུར་ཅིག་།ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང། །ཆོས་ཀྱི་རྒྱལ་སྲིད་རབ་བརྟན་གྱུར་པ་སྟེ་།བཀྲ་ཤིས་དེས་ཀྱང ་ཁྱོད་སྲིད་བརྟན་གྱུར་ཅིག་།ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པས་ན། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཆོས་ཀྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག་།མེ་ལོང་ཡེ་ཤེས་ཆེན་པོའི་རྒྱ་མཚོ ་ཡིས། །ཡེ་ཤེས་རྒྱ་མཆོ་མཆོག་ཏུ་བདག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་དེང་ཁྱོད་དགའ་གྱུར་ཅིག་།དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ཏེ། །ཆོས ་རྣམས་མ་ལུས་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག་།ཅེས་བླངས་ལ་སློབ་མ་ལ་སྦྱིན་ནོ། །དེ་མ་འབྱོར་ན་དཀར་གསུམ་ཙམ་མམ་འབྲས་ཅན་ལ་བཀྲ་ཤིས་བརྗོད་ལ་སྦྱིན། སློབ་མས་ཀྱང་འབྱོར་ཚད་ཀྱིས་མཆོད ་སྦྱིན་བྱ། དེ་ནས་སླར་བུམ་པའི་ལྷ་དང་དཀྱིལ་འཁོར་དང་བུམ་པའི་ལྷ་ལ་གང་ཡང་བདག་བློ་གཏི་མུག་ལ་སོགས་ཀྱིས་བཤགས། །ོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ལ་སོགས་ཀྱིས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ ་ཚིག་རྣམས་རང་ལ་བསྡུས་ལ་རང་བདུད་རྩི་འཁྱིལ་བར་བྱའོ། །དེ་ནས་ཆོས་ཐམས་ཅད་ནི་གདོད་མ་ནས་དག་པའོ། །རང་བཞིན་གྱིས་ཞི་བའོ། ཞེས་བརྗོད་ཅིང་རྡུལ་ཚོན་ཕྱགས་ལ་བུམ་པ་དང། དམན་པ་རྣམས་ཆུ་བོ་འམ་གནས་མཐོན་པོར་བསྐྱལ་ལོ།། ་དམ་པ་རྣམས་ཀྱི་གཞུང་བཟུང་ནས། །སྣ་ཚོགས་རྒྱུད་ལ་རབ་བརྟེན་ཏེ། །རྡོ་རྗེ་རྣམ་པར་འཇོམས་པ་ཡི། །དཀྱིལ་འཁོར་ཆོ་ག་ལྡན་པ་ཡི། །ཁྲུས་ཀྱི་ཆོ་ག་བརྩམས་པ་ལས། །དྲི་མེད་དགེ་བ་གང་ཐོབ་དེས། །འགྲོ་ཀུན་སྡུག་བསྔལ་ཞི་ནས་ཀྱང། །ལམ ་མཆོག་རྣམས་ལ་ཞུགས་གྱུར་ཅིག་།རིགས་སྔགས་འཆང་གི་སློབ་དཔོན་རཏན་ཤཱི་ལས་མཛད་པའི་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་གཞན་ལ་ཕན་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ ་བྷོ་དྷི་དང། ལོ་ཙཱ་བ་ཚུལ་དགེ་རིན་ཆེན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བཛྲ་བི་དཱ་ར་དྷཱ་ར་ནི་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ ་