| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། བཛྲ་བོ་དE་ར་རྒཱ་མ་དྷཱ་ར་ཎི་ཙཎྜ་མ་ཧཱ་བོ་ཥ་ཎ་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་པའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། ། ་ཐབས་དང་ཤེས་རབ་རང་བཞིན་གྱིས། །གདུག་པ་ཅན་རྣམས་འཇོམས་པ་ཡི། །ཤིན་ཏུ་ཁྲོ་ཞིང་འཇིགས་པའི་སྐུ། །རྣམ་པར་འཇོམས་ལ་ཕྱག་འཚལ་ནས། །རྩ་བའི་རྒྱུད་དོན་ལ་བརྟེན་ནས། །བདག་གིས་སྒྲུབ་ཐབས་འདི ་བཤད་བྱ། རེ་ཞིག་ཡིད་དུ་འོང་བའི་གནས་སུ། །སྟན་བདེ་བ་ལ་འདུག་སྟེ་།བྱམས་པ་དང་ལྡན་པའི་ཁྲུས་བྱས་ནས། དུར་ཁྲོད་ཀྱི་ས་ལ་སོགས་དཀྱིལ་འཁོར་གང་གྲུ་བཞི་པ་བྱས་ཏེ། དབུས་སུ་གྲུ་གསུམ་བརྩེགས ་མའོ། །ཐ་མ་རྡོ་རྗེ་རྒྱ་གྲམ་དང། འཁོར་ལོ་རྩིབས་བཅུ་པའི་གྲུ་ཆོད་བཞི་དང། སྒོ་བཞི་རྟ་བབས་དང་བཅས་པ། །རྡོ་རྗེ་མེ་རི་དང་བཅས་པ་བྲིའོ། །དེ་ལྟར་བྲིས་ནས་ཕུར་བུ་བཅོ་ལྔ་དགོད་དོ། །ཕྱོགས་སྐྱོང་ལ་གཏོར ་མ་དང་ལྷ་བཤོས་བཞག་པར་བྱའོ། །དེ་ལྟར་རྫོགས་ནས་བསྒོམ་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས། དེ་ནས་ཨོཾ་སྭ་བྷཱ་བ་ཤུ་དྷཱ(རྒྱུད་འགྲེལ་ཏེ་།འོད་ཟེར་གྱིས་རྡོ་རྗེ་ར་བ་མེ་རི་དང་བཅས་པ་བསྒོམ་པར་བྱའོ། །དེ་ནས་བྲུཾ་ལས་དཀྱིལ་འཁོར་གྱི་ཁང་པ་བསྐྱེད་ནས། དབུས་སུ་ཉི་མ་ཟླ་པའི་གདན་ནོ། །རྒྱ་གྲམ་བཞི་དང་འཁོར་ལོ་རྩིབ་བཅུ་ལ་ཉི་མའི་དཀྱིལ་འཁོར ་བཅུ་བསམ་ནས། བདག་ཉིད་ཉི་ཟླའི་སྟེང་དུ་བསམ་ཏེ། ཡོངས་སུ་གྱུར་པ་ལས་རྡོ་རྗེ། དེ་ལས་འོད་འཕྲོས་སེམས་ཅན་སྤངས། སངས་རྒྱས་ཐམས་ཅད་རྡོ་རྗེ་དེ་ཉིད་ལ་ཐིམ་པས། རྡོ་རྗེ་རྣམ་པར་འཇོམས་པ་མཐིང་ནག་ཏུ་འདུག་པ་། ་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་པ། ཆུ་ལྷ་དཀར་མོ་མགུལ་དུ་བཅིངས་པ། གཟི་བརྗིད་ཅན་ནག་པོ་སེ་རལ་ཁང་བཅིངས་པ། མཆེ་བ་གཙིགས་པ། སྟོད་གཡོགས་སྔོན་པོ། སྨད་སྟག་གི་ཤམ་ཐབས་བཅིངས་པ་། ་ཞབས་བརྐྱང་བསྐུམ་དུ་བཞུགས་པའོ། །ན་མོ་རཏན་ཏྲ་ཡཱ་ཡ། ན་མ་ཤཙཎྜ་བཛྲ་པཱ་ཎ་ཡེ་མཧཱ་ཡཀྵ་སཾ་ནཱ་པ་ཏ་ཡེ། ཧཱུཾ་བཅུ་ལས་འཁོར་ལོ་བརྡུའི་སྟེང་དུ་ཁྲོ་བོ་བཅུ་དང། ཧཱུཾ་བཞི་ལས་རྡོ་རྗེ་རྒྱ་གར་ཉིད་གྱི་སྟེང་དུ་ཁྲོ་བོ་བཞིའི ་ཁྲོ་བོ་བཞི་ན་ཁྲོ་བོ་མཆེ་བ་གཙིགས་པའོ། །ཞེ་སྡང་ཞི་ཞིང་བརྗིད་པའི་སྐུ་མདོག་དཀར་པོའོ། །ལྷོའི་རྡོ་རྗེ་བེ་ཅོན་ནི་རྟོག་པ་ཐམས་ཅད་གཞིག་པའི་སྐུ་ང་རྒྱལ་ཞི་བའི་བདག་ཉིད་དམར་ནག་གོ་།ནུབ་ཀྱི་རྡོ་རྗེ་བརྟན་པ་ནི་འདོད་ཆགས ་དྲི་མ་སྤངས་པའོ། །བྱང་དུ་རྡོ་རྗེ་དོན་ཡོད་བརྟན་པ་ཕྲག་དོག་འཇོམས་པ་ལྗང་ཁུའོ། །ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །སརྦབ་བིདྱའབཛྲ་བཛྲ། སཕོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ ་ཐ་བཛྲ་བཛྲ། ཨཊཊ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲ་ཡ་སྭཱ་ཧཱ། (འཁོར་ལོའི་རྩིགས་བཅུ་ལ་ཁྲོ་བོ་ཆེན་པོ་བཅུ་ནི)་ཁམས་གསུམ་རྣམ་པར་རྒྱལ་བ་དཀར་པོའོ། །གཤིན་རྗེ་གཤེད་ནི་དམར་ནག་སྟེ། །རྟ་མགྲིན་དམར་པོ་རྟ་མགོ་ལྗང་གུ་ཅན། བདུད་རྩི་འཁྱིལ ་པ་ལྗང་གུའོ། །སྒོ་བཞིར་རོ། །རི་ཕྱུག་པ་སྔོན་པོ་ལ་སོགས་པ་ཚམས་སུའོ། །དེ་ལྟར་སྟེང་འོག་གཉིས་ཏེ། ཁྲོ་བོ་བཅུ་ནི་སྟག་ཤམ་ཅན། སྦྲུལ་གྱིས་བརྒྱན་ཅིང་ཐམས་ཅད་ཕུར་བུ་བསྣམས་པ ་?་བརྐྱང་བསྐུམ་དུ་བཞུགས་པར་བསྒོམ་མོ། །དེ་ལྟར་དམ་ཚིག་རྫོགས་ནས་སྤྱན་དྲངས་པ་དང། མཆོད་བ་དང་བསྟིམ་པ་བྱས་ནས། ཨོཾ་ཨཱ(རྒྱུད་འགྲེལ་མཚན་དང་བཅས་པས་སྐྱེ་མཆེད་བྱིན་གྱིས་བརླབས་ནས་དབང་བསྐུར་ཞིང་གཙོ་བོས་མཚན་པར་བྱའོ། །དེ་ནས་བསྒོམས་པས་སྐྱོན་བསྙེན་པ་དང། སྒྲུབ་པའི་བཟླས་པ་བྱའོ། །དེ་ནས་ལྷ་མོའི་གླུས་གཏོར་མ་ཉེ་བར་ཕུལ་ཏེ་། ་སྐྱོད་པས་གནས་པར་བྱའོ། །ལས་བྱ་བར་འདོད་པས་རབས་ཆད་ནག་པོའི་རུས་པའི་ཕྱེ་མ་དང། ཡུངས་ཀར་དང། སྐ་ཚེ་དང། ཤངས་ཚེ་དང། །ཏི་ནག་པོ་དག་གིས་ཐོད་པར་ནི་དུག་ཆུ་དག་གིས་གདབ་པར་བྱའོ། །ཏདྱ་ཐཱ། ཨོཾ་ཏྲ་ཊ ་ཏྲ་ཊ་།ཏྲོ་ཊ་ཡ་ཏྲོ་ཊ་ཡ། སཕུ་ཊ་སཕུ་ཊ། སཕོ་ཊ་ཡ་སཕོ་ཊ་ཡ། གྷུརྞྞ་གྷུརྞྞ། །གྷུརྞྞ་པ་ཡ་གྷུརྞྞ་པ་ཡ། སརྦབ་སཏྭ་ནི། བོ་དྷ་བོ་དྷ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷ་མ་བྷ་མ། སཾ་བྷ་མ་སཾ་བྷ་མ་ཡ་།སརྦ་བུད་དྷ་ནི། ་ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ། སཾ་ཀུ་ཊ་ཡ། སརྦ་ཤ་ཏྲུཾ་ནཱ་ན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། ཨ་མུ་ཀཾ་མཱ་ར་ཡ་ཕཊ། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་གདབ། ཨོཾ་སརྦབ་བིདྱཱ་བཛྲ་བཛྲ། སཕོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། ་མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊཊ་ཧ་ས་ནི་ཡ་བཛྲ་སུ་བཛྲ་ཡ་སྭཱ་ཧཱ། དེ་ནས་ཁྲོ་བོ་ཆེན་པོ་བཅུའི་ཕུང་པས་གདབ་པར་བྱའོ། །ཧེ་ཕུ་ལུ་ནི་རུ་ཕུ་ལུ་གྲིཧྞ་ཀུ་རུ་མི་ལི་ཙུ་ལུ་ཀུ་ལུ་ཀུ་ལུ་བཛྲ་བི་ཛ་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། །ཀ་ཊ ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མེ་ཊ་ནཱ་ཡ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར་ནི། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཚིནད་ཚིནད་མཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བྷིནད་བྷིནད་མཧཱ ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནདྷ་བནདྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀྲོ་དྷ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ ་ཧ་ར་བཛྲ་བྲ་བྷཉྫནཱ་ཡ་ཏྲཱ་ས་ཡ་ཏྲཱ་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། དེ་ནས་གཏོར་མ་བྱས་ནས་དབུལ་བར་བྱའོ། །དེ་ནས་དྲག་པོའི་སྦྱིན་སྲེག་ནི། གྲུ་གསུམ་ཁྲུ་གད་པ་ལ་སུམ་རྩེག་ཏུ་བྱའོ། །དུར་ཁྲོད་ཀྱི་སོལ ་བས་བྱུགས་ལ། དབུས་སུ་རྡོ་རྗེ་ནག་པོ་བྲི་བར་བྱའོ། །རུས་པའི་ཕྱེ་མ་དང། ཡུངས་ཀར་དང། ཡུངས་ནག་དང། སྐེ་ཚེ་དང། ཤངས་ཚེ་ལ་སོགས་གོང་དུ་བསྟན་པའི་རྫས་ནི་སྲེག་རྫས ་སོ། །དེ་ནས་པད་ཉི་ཁྲོ་བོ་གཏུམ་པོ་འཁྲུགས་པའི་སྐུར་བསྒོམ་མོ། །མདུན་དུ་མེ་ཐབ་ནག་པོའི་ནང་དུ་།འཁོར་ལོའི་སྟེང་དུ་ལྷ་བཅོ་ལྔ་པོ་སོ་སོར་མེ་དཔུང་དང་བཅས་པ་བསྐྱེད་ལ། ཐུགས ་ཀར་རཾ་བསམ་ལ་རེག་པར་བྱ་བ་ནི། མཱ་ར་ཡ་དགུག་པ་དང། གཞུག་པ་དང། བཅིང་བ་དང། མྱོས་སུ་གཞུག་པ་དང། སྤྲུལ་པའི་ཁྲོ་བོས་བྱས་ལ་སྔགས་འདིས ་བསྲེག་གོ་།ན་མོ་རཏན་ཏྲ་ཡཱ་ཡ་ན་ས་སཾ་ག་ཏ་ཡའི་བར་དང། སརྦབ་ཤ་ཏྲཱུཾ་ཧཱུཾ། ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་པས་སྲེག་རྫས་དབུལ་བར་བྱའོ། །ཡང་སྙིང་སྔགས་ལ་མཱ་ར་ཡ་བཏགས་པས་བསྲེག་པར ་བྱའོ། །ཕྲིན་ལས་རྣམ་པ་བཞིའི་སྔགས་ཀྱིས་ཡུངས་ཀར་ལ་སོགས་པ་སྲེག་པར་བྱའོ། །ཡང་སྙིང་གིས་ནི་བྱེ་མ་རྣམས་ཀྱིས་གདབ་པར་བྱའོ། །ཡམ་ཤིང་གིས་གདུག་པའི་ཤིང་ལ་བྱ་སྟེ། ཁྲོ་བོའི་སྔགས ་ཀྱིས་བསྲེག་བར་བྱའོ། །དེ་ལྟར་ཕུལ་ནས་གཏོར་མ་གཏང་སྟེ། ཐལ་བས་མནན་པར་བྱའོ། །དེ་ལྟར་སྦྱིན་སྲེག་རྫོགས་ནས་མནན་པར་བྱའོ། །ནག་པོའི་ཐོད་པར་ཆེ་གེ་མོའི་གཟུགས་གཅེར་བུ། དབྱངས་ཡིག་དང ་གསལ་བྱེད་ཕྱིན་ཅི་ལོག་གི་གནས་བརྒྱད་དུ་བརྒྱད་ཀྱིས་བསྐོར་བའི་གཟུགས། མི་གཙང་བའི་སྐུད་ལས་བྱད་དུ་བཅུག་ལ་ཐོད་པ་ཕུར་བུ་གོ་།ཕུར་བུ་བཅུས་གདབ་པར་བྱའོ། །ཐུན་ལ་སོགས་པས་གདབ་པར་བྱའོ།། ་དེ་ལྟར་བྱས་ནས་མཆོད་རྟེན་ཀུན་ནས་བཟླས་པ་འམ། ཁྲུ་གསུམ་གང་ཡང་རུང་བ་སུམ་རྩེག་བྱས་ལ། འོག་རྣམས་ལ་རྡོ་རྗེ་གསུམ་བྲི་བར་བྱའོ། །བུམ་བའི་ནང་དུ་སངས་རྒྱས་གགངཱ་ཀླུང་གིས་བྱིན་གྱིས་བརླབས་པའི་སྔགས་དང། ་ཡང་སྙིང་འཁོར་ལོ་རྩིབས་བཞི་པ་ལ་བྲིས་པ་གཞུག་གོ་།རབ་ཏུ་གནས་པའི་བྱ་བའི་ཕྱིར་སྔོན་དུ་བསྙེན་པ་བྱ་བ་ནི། བདག་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག། སྦྲུལ་གསུམ་གྱི་བརྒྱན་ཅིང་རྡོ་རྗེ་དྲིལ་བུ་བསྣམས་པ། ་ཤིན་ཏུ་ཁྲོ་བ་ཞིག་བསྒོམས་ལ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་བསྒོམས་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ལ་སོགས་པ་བྱས་ལ་བསྒོམ་པ་ནི། ཨོཾ་ན་མ(རྒྱུད་འགྲེལ་མམ་ས་ཡ་བཟླས་པར་བྱའོ། །དེ་ལྟར་རྫོགས་ནས་རབ་ཏུ་གནས་པར་བྱ་བ་ནི། མཎྜ་ལ་སྔོན་པོ་མེ་ཏོག་གཅལ་དུ་བཀྲམ་སྟེ། བུ་ཛ་ཅི་འབྱོར་པ་ཡང་བཤམས་ལ། སྐུའི་དཀྱིལ་འཁོར་ལ་སོགས་པ་བརྟེན་ནས་བསྒྲུབ་པར་བྱའོ། ། ་དེ་ལྟར་རྫོགས་ནས་མཆོད་རྟེན་ཧཱུཾ་ནག་པོ་ལས་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་མཆོད་རྟེན་འཁོར་ལོ་སུམ་རྩེགས་པའི་རྣམ་པ་ཅན་བསྐྱེད་ལ། འཁོར་ལོ་དང་པོ་ལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཁྲོ་བོ་བཞི་དང་བཅས་པ། བར་དུ་ཧཱུཾ ་ཀར་ལ་ཕྱོགས་ཀྱི་ཁྲོ་བོ་བཞི་སྟེ། འོག་གི་སྟོབས་པོ་ཆེ་ལ་མཚམས་ཀྱི་ཁྲོ་བོ་བཞི་སྟེ། ལྷ་བཅོ་ལྔའི་རྣམ་པར་བསམས་མོ། །དེ་ནས་བདག་ཉིད་རྡོ་རྗེ་གཏུམ་པོར་བསམས་ལ། དེས་ཡེ་ཤེས་སེམས་དཔའ་ ་སྤྱན་དྲངས་ཏེ་བསྟིམ་བ་ལ་སོགས་པ་བྱའོ། །འཁོར་ལོ་རྩིབས་རྣམས་ལས་དེ་བསྒོམས་ནས། སྐུའི་གསང་སྔགས་ཕྲིན་ལས་བཞི་དང། དེ་ལས་སྣ་ཚོགས་ཏེ་སྤྲུལ་པའི ་ལས་བྱའོ། །ཐུགས་ཀྱི་སྔགས་ནི་སྐུ་གདུང་བྱིན་གྱིས་བརླབས་པའི་ཆེད་དུ་བཟླས་སོ། །གསུང་གི་སྔགས་ཀྱིས་ནི་བདག་ཉིད་དོ། །དེ་ལྟར་དང་པོ་གསང ་མནན་བཟློག་པའི་ལས་བྱའོ། །ཐོད་པ་དང་བཅས་པ་མནན་ཅིང་བསྐོར་བར་བྱའོ། །དམ་པའི་གདམས་ངག་ལ་བརྟེན་ནས། །རྒྱུད་དོན་ཟབ་མོ་ལམ་འདི་སྦྱར། །ཉེས་པ་ཁྱེད་ལ ་བཟོད་པར་འབུལ། །འདི་བརྩམས་སེམས་ཅན་བདེ་ཐོབ་ཤོག་།རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དངོས་གྲུབ་བརྙེས་པའི་ས་བ་རི་པས ་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་དེ་བ་པུརྞ་མ་ཏི་དང། ལོ་ཙ་བ་དགེ་སློང ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།སརྦ་མངྒ་ལ། །།བཀྲ་ཤིས།། །། ་