| Wylie | e-texts based on the ACIP/ALL Input |
བའི་པས་མཛད་པ་རྫོགས་སོ།། །།ལོ་ཙ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།རྒྱག་གར་སྐད་དུ། ནཱི་ལཱཾ་བར་བཛྲ་དྷ་ར་བཛྲ་པཱ་ཎི་རོ་ཥ་སཱ་དྷ་ནཱཾ། བོད་སྐད་དུ། ཕྱག་ན ་རྡོ་རྗེ་གོས་སྔོན་བོ་ཅན་གཏུམ་པོ་ཞེས་བྱ་བའི་སྒྲུབ་ཐབས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །གཡོན་བརྐྱང་ཟླ་བའི་གདན་ལ་བཞུགས། །རྡོ་རྗེ་བསྣམས་ཤིང་ཀླུ་རྣམས་འདུལ་རྒྱན་ལྡན་ཁྲོ་བོའི་རྒྱལ་ལ་འདུད ་ཇི་ལྟར་རྟོག་བརྒྱུད་ལ་བརྟེན་ནས་བྲི། །སྙིང་རྩེ་ཤེས་རབ་དད?་དང་ལྡན། །དབང་དང་རྗེས་གནང་སྒྲུབ་པ་བོས། །གནས་ཁང་མེ་ཏོག་བཅས་བཀྲམ་ནས། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །རྗེ་བཙུན་ལ་སོགས་སྤྱན་དྲངས་ནས། མཆོད་ཅིང་སྡིག་བཤགས ་ལ་སོགས་བྱ། །ོཾ་ཤཱུ་ཎྱ་ཏཱ་ཛྙཱ་ནས་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་རང་སེམས་ཧཱུཾ་དུ་བསམ། །འོད་འཕྲོས་གྱུར་དང་ས་གཞིར་བསམ། །དེ་ནས་བྲུཾ་ལས་གཞལ་ཡས་ནི། །རྡོ་རྗེ་སྔོན་པོ་ལྟེ་བར་བཅས། །གླུ་བཞི་སྒོ་བཞི་ཟླ་བའི་གདན། །ཧཱུཾ་ལས་རྡོ་རྗེ་སྐུ ་བསྐྱེད་དོ། །བརྐྱང་བསྐུམ་ལྗང་ནག་རྡོ་རྗེ་གཡས། །སྤྲུལ་དང་སྟགས་ལྤགས་བསྡིགས་པ་གཡོན། །ཁྲོ་བོའི་ཞལ་མདོག་ཐུགས་ནི་ཧཱུཾ། །དེ་ལས་ཁྲོ་བོ་བཞི་པོ་འཕྲོས། །ཁམས་གསུམ་རྒྱལ་དང་ཤིན་ཏུ་ཁྲོས། །རྡོ་རྗེ་ཁྲོ་བོ་བདུད་རྩི་འཁྱིལ། །སྒོ་བཞི ་དག་ཏུ་བསམ་པར་བྱ། །སྐུ་མདོག་ལྗང་ནག་ཕུར་བུ་བསྣམས། །ཟླ་བའི་གདན་ལ་བརྐྱང་བསྐུམ་བཞུགས། །ཡེ་ཤེས་ལ་སོགས་སྤྱན་དྲངས་བསྟིམས། །སྐུ་གསུང་བྱིན་བརླབས་གནས་དྲུག་བསྲུང། །ོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། བྲཛྙཱ ་ཏ་ཀྲི་ཏ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་ཕཊ། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཕཊ། ན་མ(རྒྱུད་འགྲེལ་སྔགས་ཀྱིས་དབུལ་བར་བྱའོ། །དམ་པའི་བྱིན་བརླབས་ཕན་པ་ཆེན་པོ་ཐོབ། །འབྲས་བུ་ཉེ་བ་ཉིད་དུ་འགྲུབ་འགྱུར་ཏེ། །བླ་མའི་ཞལ་གྱི་བདུད་རྩི་འདི། །བདག་གིས་འཐུངས་ནས་གཞན་ཕྱིར་བརྩམས། །བདག་གིས་སྒྲུབ་ཐབས་འདི་བྱས་བས། །བདག་དང ་མཛའ་ཡས་སེམས་ཅན་རྣམས། །བར་ཆད་ཐམས་ཅད་རབ་ཞི་སྟེ། །ཕྱག་ན་རྡོ་རྗེ་འདྲ་བར་ཤོག་།ཕྱག་ན་རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས་ཨོ་རྒྱན་གྱི་སློབ་དཔོན་ཨ་མོ་པ་ན་དྷ་ཞེས་བྱ་བས་མཛད་པ་རྫོགས་སོ།། །།པཎྜི་ཏ་? ་པུརྞ་མ་ཏི་དང། ལོ་ཙ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཧོམ་བཾ་བྷི། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མི་གཡོག་ཏུམ་པོའི་གཟུགས་སུ་སྣང།། ་