CLOSE WINDOW

N2551: rdo rje rnam par 'joms pa zhes bya ba'i gzungs kyi dkyil 'khor gyi cho ga rin chen snang ba zhes bya ba
Wyliee-texts based on the ACIP/ALL Input

(རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྣང་བ་སོགས་པ་རྣམ་འཇོམས་ཀྱི་བསྐོར་བཞུགས་སོ།།)་།། *་རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་མ་དྷ་ར་ཎི་རཏན་དུ་ཏི་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས ་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོག་རིན་ཆེན་སྣང་བ་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །མ་རིག་ལོག་པར་ལྟ་བ་འཇོམས་མཛད་པའི། །ཡེ་ཤེས་ཐུགས་རྗེ་ཉི་མ་ལྟ་བུ་ཡིས། །མི་ཤེས་སྒྲིབ?་པ ་མ་ལུས་སེལ་མཛད་པའི། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་ནས། །གཏི་མུག་དྲ་བ་བསལ་པ་དང། འདོད་ཆགས་དྲི་མ་བཀྲུ་བ་དང། །ཞེ་སྡང་ཞི་བར་བྱ་བའི་ཕྱིར། །རྒྱུད་ལ་བརྟེན་ནས་འདི་བཤད་དོ། །བྱམས་དང་སྙིང་རྗེ ་ལྡན་པ་ཡི། །ཐེག་ཆེན་དོན་ལ་རབ་ཏུ་ཞུགས། །སྔོན་དུ་བསྙེན་བ་རབ་རྫོགས་ཤིང། །བརྟུལ་ཞུགས་ཅན་གྱིས་རབ་དུ་བརྩམས། །དད་དང་ལྡན་ཞིང་སྙིང་བརྩེར་བཅས། །རི་བོ་ནགས་ཚལ་ཡིད་འོང་བའི། །དབེན་པའི་གནས ་སུ་ཡོངས་འདུག་སྟེ། །སྔོན་དུ་བསྙེན་པ་བྱ་བ་ནི། །རྩ་བའི་དཀྱིལ་འཁོར་བདུན་བསམས་ཏེ། །རང་ཉིད་གཏུམ་པོའི་སྐུར་གསལ་བས། །རྩ་བའི་སྔགས་ནི་བརྗོད་པར་བྱ། །ོཾ་ན་མོ་རཏན་ཏྲ་ཡཱ་ཡ། ན་མ་ཤཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ཧཱུཾ། ཕྱོགས་སྐྱོང ་དག་ལ་གཏོར་མ་དག། རྡོ་རྗེ་གླུ་དང་བཅས་པས་དབུལ། །སྡིག་པ་ཆེ་དང་བཅས་པའི་མ་རུངས་པ། །ས་བདག་དག་ལ་བཀའ་སྒོ་བསྐྲད་བྱས་ནས། །གཟུར་བ་སྦྱང་ཞིང་མཎྜལ་ལེགས་བྱས་ཏེ། ས་ཡི་ལྷ་མོ་དག་ལ་རབ་ཏུ་མཆོད། །གསེར་དངུལ ་ལ་སོགས་བུམ་པར་ནི། །བཀྲ་ཤིས་བརྒྱད་དང་སྙིག་པོ་སོགས། །གཞན་རྣམས་དྲི་ཞིམ་ཆུས་དགང་བའོ། །ཕྱོགས་བཞིར་དཀར་དང་མཐིང་དང་དམར། །ལྗང་གུ་གཅིང་གོས་གང་དུ་བུའོ། །ཅོད་བན་ཕུར་བུ་བཅུ་རྣམས་དང། །གཏོར་མ་མཆོད་རྫས་?་?།། ་ཡོ་བྱད་རྫས་རྣམས་སོགས་པ་དང། །ཐིག་དང་ཚོན་གྱི་ས་ལས་བྱས་ཏེ། །བསྟན་པའི་སྔགས་ཀྱིས་ཐིག་བྱིན་རླབས། །ཐིག་གི་བྱ་བ་རྫོགས་པ་ཡིས། །བསྲུང་བའི་སྔགས་ཚོན་བྱིན་གྱིས་བརླབ། །འདབ་བཞི་འཁོར་ལོ་བཅུར་འདུག ་པའི། །སྒོ་བཞི་རྟ་བབས་བཅས་པ་བྲི། །བུམ་པ་པདྨ་དག་ལ་དགོད། །ཕུར་བ་འཁོར་ལོ་རྩིབས་བཅུ་ལའོ། །ལྷ་རྣམས་དག་ལ་གཏོར་མ་སྟེ། །འདོད་ཡོན་བཀྲ་ཤིས་རྫས་དག་དགོད། །གྲུ་ཆད་མཆོད་པ་རྫོགས་པར་བཤམས། །དེ་ལྟར ་རྫས་རྣམས་དགོང་པར་བྱ། །རྒྱན་རྣམས་ཀུན་གྱིས་ལེགས་བགོས་ཏེ། །ཀུ་ཤའི་སྟེང་འདུག་ཤར་དུ་བལྟ། །མཆོད་ཅིང་སྡིག་གཤེགས་སོགས་བྱས་ནས། །ཚད་མེད་བཞི་ལྡན་སེམས་བསྐྱེད་དོ། །ོཾ་དྷརྨ་དྷཱ་ཏུ་སརྦབ་དྷརྨ་ཨ(རྒྱུད་འགྲེལ་ལས་བྱུང་པའི། །གུར་དང་དྲ་བའི་རྣམ་པར་བསྒོམ། །ཆོས་འབྱུང་དཀར་པོའི་ནང་དུ་བྲུཾ། །རིན་ཆེན་ཁང་པར་མཛེས་པར་བསྐྱེད། །དབུས་སུ་པད་སྟེང་བུམ་པའི་ནང། །ཟླ་སྟེང་ཧཱུཾ་བྱུང་རྡོ་རྗེའི་སྐུ། །མདོག་དཀར་རྡོ་རྗེ་དྲིལ་བུ་ཅན། །ཐུགས་ཀར་ཟླ་སྟེང་རྡོ་རྗེ་ཧཱུཾ། །ཤར་དུ་པད ་སྟེང་བུམ་པའི་ནང། །ཟླ་སྟེང་དྷཱི(རྒྱུད་འགྲེལ་ནུབ་ཏུ་པད་སྟེང་བུམ་པའི་ནང། །ཟླ་སྟེང་རཾ་བྱུང་གོས་དཀར་མོ། །མདོག་དཀར་བུམ་པ་པདྨས་མཚན་ཐུགས་ཀར་ཟླ་སྟེང་རཾ་ཡིག་བསམ། །བྱང་དུ་པད་སྟེང་བུམ་པའི་ནང། །ཟླ་སྟེང་ཏྲཾ་བྱུང་སྒྲོལ་མའི་སྐུ། །མདོག་ལྗང་བུམ་པ་སྣ་ཚོགས་མཚན། །ཐུགས་ཀར་ཟླ་བའི། ་སྟེང་ཏཾ་བསམ་མོ། །རྡོ་རྗེ་སྐྱིལ་དྲུང་གཙོ་བོ་སྟེ། །རྒྱན་རྣམས་ཀྱིས་ནི་རབ་བརྒྱན་ཏེ། །མཆོད་དང་མཚུང་པའི་ཚུལ་གྱིས་ནི། །ཡུམ་རྣམས་རྣམ་པར་བཞེངས་པའོ། །འཁོར་ལོ་དག་ལ་ཉི་མ་བཅུ། །ཧཱུཾ་གིས་ས་བོན་ལས་བྱུང་བའི། །རྣམ་རྒྱལ་དཀར་པོ་རྡོ་རྗེ་བསྣམས? ་གཤིན་རྗེ་དམར་ནག་བེ་ཅོན་ཏེ། །རྟ་མགྲིན་དམར་པོའི་པདྨས་མཚན། །བདུད་རྩི་འཁྱིལ་པ་ལྗང་གུའོ། །དབྱུག་བ་སྔོན་པོ་སྔོན་པོ་སྟེ། །དོན་ཡོད་ཞོགས་པ་མཐིང་ཁའོ། །ཁྲོ་གཉེར་ཅན་ནི་དམར་ནག་སྟེ། །རྡོ་རྗེ་འཁོར་ལོ་ལྗང་གུའོ། །སྟེང་ཕྱོགས་མཐིང་ཁ་ཆེན་པོ་སྟེ། །འོག་ནི ་ནམ་མཁའ་ཨི་མདོག་ཅན་ནོ། །ཕྱག་ན་ཕུར་བུ་སོ་སོ་སྟེ། །སྟག་དང་སྦྲུལ་དང་མེ་དཔུང་ནང། །དེ་ལྟར་དཀྱིལ་འཁོར་རབ་རྫོགས་ནས། །ཡེ་ཤེས་སྤྱན་དྲང་མཆོད་ནས་བསྟིམ། །དེ་ནས་དབང་བསྐུར་ཞི་བསྒོམ་མོ། །དེའི་རྩ་བའི་སྔགས་ནི། །ོཾ་སརྦབ་བི་དྷ་བཛྲ་བཛྲ? ་ཧཱུཾ། གཙོ་བོའི་སྔགས་སོ། །སཕོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཧཱུཾ་དྷཱི(རྒྱུད་འགྲེལ་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སཕུ་ཊ་སཕུ་ཊ། སཕོ་ཊ་ཡ་སཕོ་ཊ་ཡ། གྷཱུརྞྞ་གྷཱུརྞྞ་གྷཱུརྞྞ་པ་ཡ་གྷཱུརྞྞ་པ་ཡ། སརྦ་སཏྭ་ནི། བོ་དྷ་བོ་དྷ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ། སཾ་བྷྲ་མ་ཡ། སརྦ་བུདྡྷ་ནི། ཀུ་ཊ་ཀུ་ཊ། སཾ ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། སརྦ་ཤ་ཏྲུཾ། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། ཨ་ཊཊ་ཧ་སི་ནཱ་ལ་བཛྲ་སུ་བཛྲ་ཡ་སྭཱ་ཧཱ། ཧཱུཾ་དྷཱི(རྒྱུད་འགྲེལ་ཤར་དུ་ཉི་སྟེང་ཧཱུཾ། །བདག་ཉིད་གཏུམ་པོ་བསམ་བྱས་ནས། །སྐུ་གསུང་སྐྱེ་མཆེད་བྱིན་བརླབས་བྱ། །མ་ཏིསྠིར་བཛྲ་ཧཱུཾ། སུ་ཏིསྠིར་བཛྲ་ཨོཾ། པྲ་ཏི་སྠི་ར་བཛྲ་ཨཱ(རྒྱུད་འགྲེལ་ཡིས། །མཛུབ་མོ་རྩི་སྦྱར་པདྨ་ཡིས། །ལན་གསུམ་བཅིངས་ནས་གསང་སྔགས་གསུམ། །ཟླ་སྟེང་རྡོ་རྗེ་འཁོར་ལོ་སྟེ། །པདྨ་སྐུ་གསུང་ཐུགས་ལའོ། །སྐྱེ་མཆེད་ཟླ་སྟེང་རྡོ་རྗེ་ནི། །སོ་སོ་དག་ལ་བསམ་པར་བྱའོ། །མཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ ་བཛྲ། ཨེ་ཧཡེ་ཧི་བཛྲ། ཤཱི་གྷྲཾ་བཛྲཱ་ཡ་སྭཱ་ཧཱ། དེ་ནས་ཕྱོགས་བསྐྱོང་བཅུ་རྣམས་དགུག། ཁྲོ་བོ་བཅུ་ཡི་ཕུར་བུས་གདབ། ཧེ་ཕུ་ལུ་ནི་རུ་ཕུ་ལུ་གྲི་ཧ་ཀུ་ལུ་མི་ལི་ཙུ་ལུ་ཀུ་རུ་ཀུ་ལུ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། པྲ་མོ་ཊ་ཎ་པྲ་མོ་ཊ་ཎ་ཡེ་ཀཱི་ལི་ཀཱི་ལཱ་ཡ་?? ་ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར་མཱ་ར་ཡ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཧ་ན་ཧ་ན། ཙུ་རུ་ཙུ་རུ་མ་ཧཱ་ཀྲོ་དྷ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙྪིནད་ཙྪིནད། བྷིནད་བྷིནད། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནདྷ་བནདྷ། ཀྲོ་དྷ་ཀྲོ་དྷ་ཀཱི་ལཱི་ཡ་སྭཱ་ཧཱ། ཧ་ར་ཧ་ར་བཛྲ་བྷ་ར་ཡ ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར་པྲ་བྷཉྫ་ནཱ་ཡ། ཏྲཱ་ས་མ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། །བརྒྱ་འམ་ཉི་ཤུ་རྩ་གཅིག་གིས། །གོ་རིམ་བཞིན་དུ་ཕྱོགས་རྣམས་བཅིང། །སློབ་དཔོན་ཆོས་གོས་ཡོངས་བྱོན ་ནས། །རྡོ་རྗེ་དྲིལ་བུ་རབ་ཐོགས་ནས། །གཞན་དག་མཆོད་རྫས་ཐོགས་བྱས་ཏེ། །ཁ་ཟས་དྲི་ཞིམ་སྨན་དང་ནི། །བཀྲ་ཤིས་རྫས་ཐོགས་སློབ་མ་དག། བསྐོར་ཞིང་གླུ་འདི་བླང་བར་བྱའོ། །ན་མ(རྒྱུད་འགྲེལ་ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལ་མཱ་ཡེ་སྭཱ་ཧཱ། ཨ་ཏི་བཛྲ། མ་ཧཱ་བ་ལེ་བི་ག་ར་ཎ་ར་ཎ་ཨ་ཛི་ཏེ་ཛཝ་ལ་ཛཝ་ལ། ཏི་ཊི་ཏི་ཊི་བིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནདྷ་བནདྷ། མཧཱ་བ་ལེ། བཛྲ་ཀྲོ་དྷ་ཛཝ་ལཱ་ཡ་སྭཱ་ཧཱ་ཞེས་པས་བླངས་ཞིང་བསྐོར་བར་བྱའོ ་གྲུབ?་པ་ཆུད་མི་ཟ་བར་བྱའོ། །བཀྲ་ཤིས་སྟོན་མོ་བཟའ་བར་བྱ། །སློབ་མའི་འདོད་པ་སྒྲུབ་པའི་ཕྱིར། །གཙང་གོས་སེར་པོ་རྒྱན་བཏགས་ནས། །ཀུ་ཤའི་སྟེང་དུ་ལེགས་འདུག་སྟེ། །འཁོར་ལོའི་སྟེང་དུ་གཞག་པར་བྱ། །གང་དག་ཡིད་དག་སེམས་དང་བའི ་སྡིག་བཤགས་སེམས་བསྐྱེད་སྡོམ་པ་སྦྱིན་སྤྱི་བོར་གཙོ་བོ་མགྲིན་པར་བདག། ཐུགས་ཀར་ཡུམ་ནི་བསམ་པར་བྱ། །སངས་རྒྱས་བསྟིམ་ནས་ཁྲུས་གསོལ་བྱ། །བདག་ཉིད་ཁྲོ་བོའི་ཐུགས་ཀ་ནས། །ལྷ་མོའི་གླུ་དང་བཅས་པས་བཀྲུ། །སྤྱི་བོར ་བདག་པོ་བསམ་པར་བྱ། །བརྟན་པར་བྱ་ཕྱིར་སྔགས་འདི་བཟླས། །ོཾ་མ་ཏི་སྠི་ར་བཛྲ། སུ་ཏིསྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། བཛྲ་ཀཱ་ཡ་ཨཱ་བརྟ་ཡ་སྭཱ་ཧཱ། མཆོད་པ་དག་གིས་ཡང་དག་མཆོད། །དེ་ནས་གཟུང་སྟེ་ལྷ་ཡི་སྐུ། །རྟག་ཏུ་བྲལ་བར ་མི་བྱའོ། །ལུས་ཀྱི་ལས་དག་བྱ་བ་ནི། །མི་དགེ་བཅུ་དག་མི་བྱའོ། །དེ་ལྟར་རྫོགས་ནས་གཏོར་མ་བཏང། །སྦྱང་སྤེལ་སྦར་བ་བྱས་ནས་ནི། །དཀྱིལ་འཁོར་ལྷ་དང་མགྲོན་རྣམས་མཆོད། །ོཾ་ན་མ(རྒྱུད་འགྲེལ་བ་ལེ། ཀ་ཏ་བ། ཏ་ཏ་ལེ། ཨ་ཙ་ལེ། མཎྜལ་མཱ་ལེ། སྒྲུབ་པའི་དཀྱིལ་འཁོར་མཆོད་པའོ། ། ཏི་བཛྲ་མཧཱ་བ་ལེ་བི་ག་ར་ཎ་ཨ་ཛི་ཏི་ཛཝ་ལ་ཛཝ་ལ། ཏི་ཊི་ཏི་ཊི་པ་ག་ལེ། ད་ཧ་ད་ཧ་ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནདྷ་བནདྷ། མ་ཧཱ་བ་ལེ། བཛྲ ་ཀྲོ་དྷ་ཛཝ་ལ་ཡེ་སྭཱ་ཧཱ། བར་དུ་གཅོད་པ་སེལ་བའི་ཁྲོ་བོ་བཅུ་མཆོད་པའོ། །ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཕྱོགས་སྐྱོང་མཆོད་པའོ། །པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། ཨོཾ་ཨ་ཀཱ་རེ་མུ་ཁཾ་ཞེས་བྱ་བས་འབྱུང་པོ་ཐམས ་ཅད་པའི་མཆོད་པའོ། །དེ་ལྟར་མཆོད་ནས་བསྟོད་པ་ནི། །བདེ་གཤེགས་དྲི་མེད་ཁྲོ་བོའི་སྐུ། །སྐྱོན་གྱི་མ་གོས་སྐུ་མདོག་དཀར། །རྡོ་རྗེ་དྲིལ་བུ་མི་གཡོ་བརྟན། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །སེམས་ཅན་བདེ་ལ་སྦྱར་མཛད་པའི། །སྤེལ་བའི་རྡོ་རྗེ་མ་ལ་བསྟོད། །ཡོན་ཏན་ཐམས་ཅད་བསྐྱེད་པའི་ཡུམ། །མི་འགྱུར་རིན་ཆེན་བེ་ཌཱུར་མདོག་།སེམས་ཅན་ཀུན་གྱི་སྐྱབས་མཛད་པའི། །སྐུ་ཡི་རྡོ་རྗེ་མ་ལ ་བསྟོད། །དྲི་མ་མེད་ཅིང་འོད་གསལ་བའི། །འདོད་ཆགས་དྲི་མ་སྤངས་པའི་ཡུམ། །སེམས་ཅན་རྣམས་ལ་སྤྲོ་བ་མཛད། །བློ་ལྡན་རྣམས་ལ་ཕྱག་འཚལ་བསྟོད། །བྱ་བ་ཐམས་ཅད་ཡོངས་སུ་བསྒྲུབ། །ཤེས་རབ་སྒྲོལ་མ་ཡུམ་གྱི་མཆོག་།ལྗང ་གུའི་མདོག་ཅན་འགྱིང་བག་ཅན། །དོན་དང་ལྡན་ལ་ཕྱག་འཚལ་བསྟོད། །ཁྲོ་བོ་ཆེན་པོ་བརྗོད་པའི་སྐུ། །ཞེ་སྡང་རྣམ་དག་བདག་ཉིད་ཅན། །དྲི་ཟ་འདུལ་མཛད་རྡོ་རྗེ་བསྣམས། །རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད། །ཁྲོ་བོ་ཆེན་པོ་བགྱིད་པའི་སྐུ། ང་རྒྱལ ་རྣམ་དག་བདག་ཉིད་ཅན། །གཤིན་རྗེ་འཇོམས་བྱེད་བེ་ཅོན་བསྣམས། །གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད། །ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །འདོད་ཆགས་རྣམ་དག་བདག་ཉིད་ཅན། །ཆུ་ལྷ་འདུལ་མཛད་པདྨ་བསྣམས། །རྟ་མཆོག་དཔལ ་ལ་ཕྱག་འཚལ་བསྟོད། །ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་སྦྱིན་འདུལ་ལ་ཕྱག་འཚལ་བསྟོད། །མེ་དཔུང་འབར་བ་བརྗིད་པའི་སྐུ། །སྔོན་པོའི་མདོག་ཅན་དབྱུག་པ་སྔོ། །མེ་ལྷ་གདུག་པ་འདུལ་མཛད་པའི ་དབྱུག་སྔོན་ཅན་ལ་ཕྱག་འཚལ་བསྟོད། །མེ་དཔུང་འབར་བ་བརྗིད་པའི་སྐུ། །དོན་ཡོད་ཞགས་པ་མཐིང་ཁའི་མདོག་།རླུང་ལྷ་གདུག་པ་འདུལ་མཛད་པའི། །དོན་ཡོད་ཞགས་པ་ཕྱག་འཚལ་བསྟོད། །མེ་དཔུང་འབར་བ་བརྗིད་པའི་སྐུ། ། ་ཁྲོ་གཉེར་ཅན་ནི་དམར་ནག་སྟེ། །སྲིན་པོའི་གདུག་པ་འདུལ་མཛད་པའི། །ཁྲོ་གཉེར་ཅན་ལ་ཕྱག་འཚལ་བསྟོད། །མེ་དཔུང་འབར་བ་བརྗིད་པའི་སྐུ། །རྡོ་རྗེ་འཁོར་ལོའི་ལྗང་གུའི་མདོག་།འབྱུང་པོའི་དྲེགས་པ་འཇོམས་མཛད་པའི། །རྡོ་རྗེ ་འཁོར་ལོ་ཕྱག་འཚལ་བསྟོད། །རྡོ་རྗེ་ཧཱུཾ་སྒྲ་སྒྲོགས་པ་ཆེ། །སྟེང་ཕྱོགས་དེགས་པ་འཇོམས་མཛད་པའི། །མཐིང་ཀའི་མདོག་ཅན་རབ་འཇིགས་པའི། །ཧཱུཾ་སྒྲ་སྒྲོགས་ལ་ཕྱག་འཚལ་བསྟོད། །སྟོབས་ཆེན་རབ་ཏུ་གནོན་མཛད་པའི། ་འོག་གིས་བགེགས་ཆེན་གནོན་པའི་བདག་།ནམ་མཁའ་ཨི་མདོག་ཅན་འཇིགས་པའི་སྐུ། །སྟོབས་ཆེན་གནོན་ལ་ཕྱག་བསྟོད། །དེ་ལྟར་བསྟོད་ནས་གཤེགས་སུ་གསོལ། །རྡོ་རྗེ་རྣམ་པར་འཇོམས་པའི་སྐུའི་དཀྱིལ་འཁོར་བསྟན་པ་སྟེ་དང་པོ་ལས་ཀྱི་རིམ་པའོ།། །།ཐུགས་ཀྱི་དཀྱིལ་འཁོར་བསྟན་པ་ནི། །བདག་ཉིད་ལྷའི་སྐུར་བསྒོམས་ལ། །མཎྜལ་མེ་ཏོག་བཅས་པའི་སྟང། །གཙོ་བོ ་བུམ་པ་སྟེང་བཞག་སྟེ། །ཡང་སྙིང་ཉེ་བའི་སྙིང་པོ་བཟླས། །སྙིང་པོ་ཐེམ་ནས་བསྒྲུབ་པ་བརྩམ། །དང་པོ་ས་ཡི་ཆོ་ག་བྱ། །མཎྜལ་མངའ་གང་གྲུ་བཞི་སྟེ། །པདྨ་འདབ་བཞི་འཁོར་ལོ ་བཅུ། །སོ་སོར་རིགས་དང་མཐུན་པར་བྲི། །གསེར་དངུལ་ལ་སོགས་བུམ་པར་ནི། །ནོར་བུ་ཡུངས་ཀར་དཱུརྦ་དང། །ཤེལ་དང་པདྨ་ཙན་དན་དང། །གསེར་དང་རིན་ཆེན་ཆུས་དགང་བྱ། །དྲི་ཞིམ་བཀང་བའི་བུམ་པ་བཞི། ། ་འདབ་མ་བཞི་པོར་བཞག་པར་བྱ། །འཁོར་ལོའི་སྟེང་དུ་དེ་བཞིན་ཏེ། །མཆོད་པའི་རྫས་དང་གཏོར་མ་བཤམ། །དེ་ལྟར་རྫོགས་ནས་ཀུ་ཤའི་སྟེང། །རྒྱན་དང་བཅས་པ་ལེགས་འདུག་སྟེ། །མཆོད་དང་སྡིག་བཤགས་ལ་སོགས་བྱ། །ོཾ་སརྦ ་དྷརྨ་དྷཱ་ཏུ་ཨཱ(རྒྱུད་འགྲེལ་སྟེངས་རྡོ་རྗེས་མཚན་པའོ། །སརྦབ་བིརྱཱ་བཛྲ་བཛྲ། སཕོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཡང་སྙིང་ཟླ་སྟེང་ཧཱུཾ་ལ་སྟེ། །སྙིང་པོ་ཟླ་སྟེང་རྡོ་རྗེ་ལའོ། །ཧ་ར་ཧ་ར་བཛྲ། མ་ཊ་མ་ཊ་བཛྲ། དྷུ་ནི་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙོ་པ་ཙོ་བཛྲ། དྷ ་ར་དྷ་ར་བཛྲ། དྷ་ར་ཡ་དྷ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནད་ཙྪིནད་བཛྲ། བྷིནད་བྷིནད་བཛྲ་ཧཱུཾ་ཧཱུཾ། ཕྱོགས་བཞིའི་བུམ་པའི་རྡོ་རྗེ་ལ། །ཡང་སྙིང་བཞི་པོ་གོ་རིམས་བཞིན། །དེ་བཞིན་ཁྲོ་བོའི་བུམ་པ་ལ། །ཉི་མ་ཁྲོ་བོའི་རྡོ་རྗེ་ལ། །སྙིང་པོ་སྔགས་ཀྱི་སོ? ་གོ་རིམས་བཞིན་དུ་བསྒོམ་པར་བྱའོ། །དེ་ལྟར་རྫོགས་ནས་སངས་རྒྱས་བསྟན། །བདག་ཉིད་ཤར་དུ་གནས་པ་ཡིས། །མཆོད་དང་མཆོད་པའི་ཚུལ་དུ་བཟླས། །ོཾ་ན་མོ་རཏན་ཏྲ་ཡཱ་ཡ། ན་མ(རྒྱུད་འགྲེལ་བཛྲ་བཛྲ་སཕོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊཊ་ཧ་ས་ནཱི་ལ་བཛྲ་སུ་བཛྲ་ཡ་སྭཱ་ཧཱ། སྙིང་པོ་ནི་ན་མོ་རཏན་ཏྲ་ཡཱ་ཡ། ན་མ་ཤཙཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏེ་ཡེ། ཧ་ར་ཧ་ར་བཛྲ། མ་ཊ་མ་ཊ་བཛྲ། དྷུ་ན་དྷུ་ན་བཛྲ ་ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷ་ར་ཡ་དྷ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཚིནད་ཚིནད་བཛྲ། བྷིནད་བྷིནད་བཛྲ། ཨ་མྲི་ཏེ་ཧཱུཾ་ཧཱུཾ་ཕཊ། དེ་ནི་གཙོ་བོའི་བཟླས་པ་སྟེ། །ཡང་སྙིང་མཆོད་པའི་བུམ་པ་ལའོ། །སྙིང་པོས་བར ་ཆད་སེལ་བའི་ཕྱིར། །ཕྱོགས་སྐྱོང་བཅུ་པོ་བསྡུ་བར་བྱ། །དེ་ལྟར་བྱས་དང་བདག་ཉིད་དང། །སློབ་མས་བསྐོར་བ་བཀྲ་ཤིས་རྫས། །མཆོད་རྫས་ཐོགས་ནས་བསྐོར་བ་དང། །སྟོང་པའི་སྔགས་ནི་བརྗོད་པ་དང། །དེ་ནས་བཀྲ་ཤིས་སྟོན་མོ་བྱ། །བདག་གིས་ད་ནི་ཁྲུས་བྱ་སྟེ། ་ལྷ་མོ་དཔག་མོད་སྦྲུལ་ནས་ནི། །སློབ་མ་དག་ལ་ཁྲུས་གསོལ་ཕྱིར། །གསང་སྔགས་བསྟོད་པས་ཁྲུས་གསོལ་བྱ་འོ་མ་ན(རྒྱུད་འགྲེལ་ཨ་ཛི་ཏེ་ཛཝ་ལ་ཛཝ་ལ། ཏི་ཊི་ཏི་ཊི་པིངྒ་ལེ། ད་ཧ་ད་ཧ། ཏེ་ཛ་བ་ཏི། ཏི་ལི་ཏི་ལི། བནདྷ་བནདྷ་མཧཱ་ཀྲོ་དྷ་ཛཝ་ལཱ་ཡ་སྭཱ་ཧཱ། མ་ཏིསྠིར་བཛྲ། སུ་ཏི་ཤཐི་ར་བཛྲ། པྲ་ཏི་ཤཐི་ར་བཛྲ། མཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ། ཤལི་གྷཾ་བཛྲ་ཡ་སྭཱ་ཧཱ་དྷ་ར་དྷ ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱས་ནས། གཏོར་མ་ཕུལ་ཏེ་གཤེགས་སུ་གསོལ། །རྡོ་རྗེ་རྣམ་པར་འཇོམས་པའི་ཐུགས་ཀྱི་དཀྱིལ་འཁོར་བསྟན་པའོ།། །།གསུང་གི་དཀྱིལ་འཁོར་བསྟན་པ ་ནི། །བདག་ཉིད་ཁྲོ་བོའི་སྐུར་བསྒོམས་ནས། །མཎྜལ་སྟེང་དུ་གཙོ་བོའི་བུམ། །ས་བོན་ལ་བརྟེན་པས། །དང་པོ་ས་ཡི་ཆོ་ག་བྱ། །མཎྜལ་ཤིན་ཏུ་ལེགས་བྱས་ཏེ། །པདྨ་འདབ་བཞི་བྲི་བར་བྱ། །དེ་ལྟར་དཀྱིལ་འཁོར་རྫོགས་ནས་ནི། །རིན་ཆེན་རྒྱ ་ལས་བྱས་པ་ཡི། །བུམ་པ་ལྔ་པོ་པད་སྟེང་དགྲམ། །ལས་ཀྱི་བུམ་པ་ཤར་དུ་སྟེ། །གཙོ་བོའི་སྙིང་པོ་རྫས་ཀྱིས་དགང། །གཞན་དག་དྲི་ཞིམ་ཆུས་དགང་ངོ། །མཆོད་དང་གཏོར་མ་ཞལ་ཟས་བཤམ། །ཀུ་ཤའི་སྟེང་དུ་ལེགས་འདུག་སྟེ། །བྱང་ཆུབ་མཛད?་ཏུ ་སེམས་བསྐྱེད་དོ། །དེ་ནས་སྟོང་པའི་ཏིང་འཛིན་ལས། །བདག་ཉིད་ཁྲོ་བོའི་སྐུར་བསྐྱེད་ནས། །སྤྱན་དང་བྱིན་རླབས་རྫོགས་པ་ཡིས། །མདུན་དུ་མཎྜལ་རིན་ཆེན་གནས། །པདྨ་འདབ་བཞིར་བཅས་པ་ཡི། །སྟེང་དུ་བུམ་པ་ལྔ་བསྐྱེད་ནས། །ནང་དུ་? ་སྟེངས་ས་བོན་ནི། །ཧཱུཾ་དྷཱི(རྒྱུད་འགྲེལ་སོ། །ན་མ་ཤཙཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནདྷ་བནདྷ། ཧ་ན་ཧ་ན། ཨ་མྲི་ཏེ་ཧཱུཾ་ཧཱུཾ་ཕཊ། མཆོད་དང་མཆོད་པའི་ཚུལ་གྱིས་ནི། །བདུད་རྩི་ཆུའི་རང་བཞིན་བསམ། །ལས་ཀྱི་བུམ་པ་བྱིན་གྱིས་བརླབས། །བུམ་ན་ཟླ་སྟེང་བདུད་རྩི་འཁྱིལ།། ་སྔོན་པོ་གྲང་དུ་བསྣོལ་བའི་ཕྱག། ཤིན་ཏུ་འཇིགས་པ་བསྐྱེད་པར་བྱ། །ོཾ་ཙཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནདྷ་བནདྷ། ཧ་ན་ཧ་ན། ཨ་མྲི་ཏེ་ཧཱུཾ་ཕཊ། ཅེས་པས་བགེགས་བསྐྲད་བསྐོར་བར་བྱ། །བཀྲ་ཤིས་གསོལ་ནས་ཁྲུས་བྱའོ། །གཏོར་མའི ་ཆོ་ག་རྫོགས་པ་ཡིས། །དམ་ཚིག་བསྡུས་ནས་གཤེགས་སུ་གསོལ། །རིག་པ་ལས་དག་གཏད་པའི་ཕྱིར། །གང་དག་ཡིག་དགེ་སེམས་དང་པས། །དཀྱིལ་འཁོར་ལ་ནི་འཇུག་པའི་ཕྱིར། །ལུས་ནི་བྱིན་གྱིས་བརླབ་པར་བྱའོ། །མ་ཏིསྠི་ར་བཛྲ། ་སུ་ཏི་སྠི་ར་བཛྲ། ཨོཾ་ཨཱ(རྒྱུད་འགྲེལ་དོང་བར་བྱའོ། །དེ་ནས་རྡོ་རྗེ་ཕྱག་བྱང་དུ་བཅུག་ལ། རྡོ་རྗེའི་གླུ་དང་བཅས་པས་བསྐོར་བར་བྱ་སྟེ། གོང་དུ་ཡང་དེ་བཞིན་ནོ། །བླ་མ་རྡོ་རྗེ་འཛིན་པ་ཀྱེ། །གཙོ་བོ་འཁོར་བཅས་དགོངས་སུ་གསོལ། །མི་ཤེས་མུན་གྱིས་བསྒྲིབས་པ་ལ། །དཀྱིལ་འཁོར ་དམ་པ་བསྟན་དུ་གསོལ། །ལམ་ཆེན་འདི་ནི་བསྟན་པར་བྱ། །ཁྱོད་ནི་ལམ་འདི་བསྒྲུབ་པར་གྱིས། །ལམ་མཆོག་སྒྲུབ་པར་རབ་ཏུ་དཀའ་། །ཉེས་པ་དག་གིས་མ་གོས་པར། །འབྲས་བུ་མྱུར་དུ་འབྱིན་པར་ཕྱེད། །དམ་ཚིག་འདས་ནས་དམྱལ་བར་ལྟུང།། ་ན་མོ་རཏན་ཏྲ་ཡཱ་ཡ། ན་མ(རྒྱུད་འགྲེལ་ཡི་སྐུར་བསྐྱེད་ལ། །མཆོད་པ་བདག་གིས་ཡང་དག་མཆོད། །དུས་གསུམ་གཤེགས་པའི་སྐུ་ཡི་མཆོག་།སྐུ་དང་ཡོངས་སུ་རྒྱས་པའི་སྐུ། །སྐུ་མཆོག་འདི་ནི་ཁྱོད་ཀྱིས་ཟུང། །ལུས་ཀྱི་མིང་དགེ་སྤང་བར་བྱའོ། །སརྦ་ཏ་ཐཱ་ག་ཏ་སུ་ཏིསྠིས་བཛྲ་ཨོཾ། དེ་ནས་མཆོད ་བ་དབུལ་བར་བྱའོ། །དུས་གསུམ་གཤེགས་པ་ཐུགས་ཀྱི་མཆོག་།ཐུགས་དང་ཕྱིན་ལས་ལྡན་པའི་ཐུགས། །ཡེ་ཤེས་འདི་ནི་ཁྱོད་ཀྱིས་བཟུང། །ཡིད་ཀྱི་ལས་དག་མི་བྱའོ། །ོཾ་སརྦབ་ཏ་ཐཱ་ག་ཏ་མ་ཏི་སྠི་བཛྲ་ཧཱུཾ། མི་འབྲེལ་གཟུངས་ཀྱི་བདག་ཉིད་ཆེ།། ་མུ་ཏིག་རིན་ཆེན་ཕྲེང་བ་འདི། །སྐུ་དང་ཡེ་ཤེས་མི་འབྲལ་བའི། །ངག་གི་ཉེས་སྤོང་ཕྲེང་བ་གཟུང། །ོཾ་སརྦབ་ཏ་ཐཱ་ག་ཏ་པྲ་ཏི་སྠི་བཛྲ་ཨཱ(རྒྱུད་འགྲེལ་ཚིགས་སུ་བཅད་པ་འདི་ལན་གསུམ་བརྗོད་པར་བྱའོ། །ཡོན་ཏན་རྒྱས་པ་སྐུ་མདོག་གསེར་དང་མཚུངས། །ཤེས་རབ་རྟགས་སུ་པོ་ཏི་རལ་གྲི་བསམས། །འཕགས་པ་འཇམ་དཔལ་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར ་བདེ་ལེགས་ཤོག་།ཐུགས་རྗེའི་རྟགས་སུ་སྐུ་མདོག་ཟླ་བའི་འོད། །མ་ཆགས་སྐྱོན་གྱིས་མ་གོས་ཕྱག་ན་པདྨ་བསྣམས། །འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།ཆོས་ཉིད་མ ་འགྱུར་རྟགས་སུ་སྐུ་མདོག་མཐིང་ནག་སྟེ། །ཐབས་དང་ཤེས་རབ་དབྱེར་མེད་རྟགས་སུ་རྡོ་རྗེ་འཛིན། །དཔལ་ལྡན་ཕྱག་ན་རྡོ་རྗེའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་།དེ་ནས་གཏོར་མ་གཏང་ནས་ཡས་སེམས ་པའི་མདུན་དུ་ཡི་གེ་བརྒྱ་པ་བརྗོད་དེ་གཤེགས་སུ་གསོལ། །དད་པས་བླ་མ་བཟང་བཙལ་དེས། །དམ་པའི་དྲིན་གྱིས་ཡང་དག་ཐོབ། །དགེ་བ་གང་གིས་ཡེ་ཤེས་འདི། །འདིར་བཞུགས་རྣམས་ཡིས་ཐོག་པར་ཤོག་།རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ ་འཁོར་གྱི་རིན་ཆེན་སྣང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ས་བ་རི་པས་མཛད་པ་རྫོགས་སོ།། །།བལ་པོའི་བླ་མ་དེ་བ་པུརྞ་མ་ཧི་དང། །ལོ་ཙ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །། ་